CLOSE WINDOW

Gpb034.019: ye shes gsal ba chos kyi dbyings
Wyliee-texts produced with BDRC’s OCR application

པའི་དོན་ལ་འཐུད།། ཡེ་ཤེས་མཛོད་ཆེན་ཆོས་ཀྱི་དབྱིངས།། རྡོ་རྗེ་སེམས་དཔས་གསུངས་པའོ།། རྫོགས་སོ།། །། རྒྱ་གར་སྐད་དུ། ཛྙཱ་ན་པྲ་ཀ་ས་ཨེ་དྷརྨ། བོད་སྐད་དུ། ཡེ་ཤེས་གསལ་བ་ཆོས་ཀྱི ་དབྱིངས།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྐྱེ་མེད་དོན་དམ་གསལ་བའི་སྐབས།། གདོད་ནས་གསལ་བས་སྙིང་པོ་ཨ།། བྱིང་རྒོད་གཉིས་ཀྱི་སྐྱོན་དང་བྲལ།། བསྒོམ་བྱ་ཆོས་ཉིད་གུད་ན་མེད།། འདི ་ནི་དོན་དམ་བདེ་ཆེན་དང་།། མ་བཅོས་མ་ཡེངས་རང་སར་གྲོལ།། དྲན་པ་རང་གྲོལ་དོན་དམ་དབྱིངས།། སོ་མ་ལྷུག་པ་གྱི་ན་ཙམ།། མིང་ཙམ་བསྒོམ་ཞེས་དེ་ལ་བྱ།། དྲན་རིག་ཤེས་པ་མ་འགགས་ལ།། འཛིན་རིག ་ཡུལ་ལས་རྣམ་པར་གྲོལ།། མ་བྱུང་མ་སྐྱེས་གཡོས་པ་མེད།། སྤྲོས་བྲལ་བསམ་འདས་བརྗོད་མེད་དང་།། དུས་བཞི་མཉམ་པར་སྦྱོར་བའི་སྐབས།། སྲོང་ལ་དྲན་པའི་གཟུང་ཐག་གཟུང་།། ནམ་ཕྱེད་ཤེས་བྱ་བུམ་པར ་གཞུག། ཐོ་རངས་དབང་པོ་རང་ཡན་གཞག། ཉི་ཕྱེད་མཚན་མ་རང་སར་གྲོལ།། དུས་བཞི་དོན་དམ་སྙིང་པོ་ལ།། དྲན་པ་ཤེས་བཞིན་རྩི་ཡིས་བཟུང་།། དཔེར་ན་གླང་ཆེན་ལྕགས་ཀྱུ་བཞིན།། མ་ཡེངས་དྲན་པས་རང ་སར་གྲོལ།། གསེར་བུམ་ཏིལ་གྱི་སྒྲོན་མེ་བཞིན།། འགྱུར་མེད་རིག་པ་ནང་ན་གསལ།། གསེར་གླིང་བརྡལ་བའི་ཀློང་ཆེན་བཞིན།། གང་ལྟས་རྫོགས་པ་ཆེན་པོའི་ཀློང་།། དུག་སྦྲུལ་འབར་བའི་མདུད་པ་བཞིན།། རྩོལ ་སྒྲུབ་མེད་པར་རང་སར་གྲོལ།། བྱིང་རྒོད་སྐྱོན་རྣམས་སེལ་བའི་སྐབས།། གྲོལ་བ་ཉིད་ལ་གྲོལ་བར་ཤེས།། དཔེར་ན་གསེར་ལ་གསེར་མཐོང་བཞིན།། ཇི་བཞིན་མ་ནོར་གཞག་ཐབས་ལ།། མ་གོམས་ངལ་དུབ་ཐུན ་ཆེས་པས།། བྱིང་རྨུགས་རབ་ཏུ་འཐིབས་པ་དང་།། ལྕི་ཞིང་དོན་རྣམས་མི་གསལ་ཏེ།། སྒོ་ལྔ་ཡུལ་ལ་འཕྲོ་བ་དང་།། ཡིད་འཁྲུལ་དྲན་རྟོག་བག་ཆགས་ལྡང་།། རྣམ་རྟོག་རྐུན་བུར་འཛགས་པ་རྣམས།། བྱིང་རྒོད་སྐྱོན ་དུ་གཏང་མི་བྱ།། བྱིང་བའི་སྐྱོན་རྣམས་གསེང་བ་ནི།། ས་མཐོ་སེར་བུ་བསིལ་བའི་སར། ཁྲུས་བྱ་ལུས་བཅག་རྒྱང་མིག་བལྟ།། གླུ་བླང་གར་བྱ་སྒྲ་རྣམས་བསྒྲགས།། རྒོད་པ་རྣམས་ཀྱི་བསྡུ་བ་ནི།། གཏད་དང་གཟུང ་དང་རང་སར་གྲོལ།། རང་བྱུང་རང་ཞི་ནམ་མཁའི་དཔེ།། ལྟ་བ་དྲན་པས་མཐའ་བྲལ་དང་།། ཉམས་མྱོང་རྒྱུན་ཆད་མེད་པའི་སྐབས།། དེ་ཚེ་ཉམས་ནི་གཡོ་དང་གོམས།། ཐོབ་དང་བརྟན་པའི་ཉམས་བཞི་སྐྱེ།། ནམ ་མཁའ་དངས་པའི་ཟླ་བ་བཞིན།། ཀུན་ལ་སྙོམས་ལ་རྟོག་སྒྲིབ་མེད། ཁ་སྐོམ་ཟས་དང་བྲལ་བྱས་ཀྱང་།། མདངས་དང་དབང་པོ་གཏིང་ནས་གསལ།། བཟོད་ཐོབ་ཆོས་བརྒྱད་སྤོང་ལེན་མེད།། འདོད་ཡོན་ལྔ་ལས་རྣམ ་པར་གྲོལ།། ཉོན་མོངས་ཞེར་འཛིན་རྟོག་པ་ཟད།། ལུས་ཡང་ཤིང་བལ་དབུགས་མི་ཚོར།། རྟགས་མཚན་ལུང་བྱུང་དགའ་བྲོད་མེད།། མེད་ཀྱང་དེ་ལ་ཇི་མི་སེམས།། གཉིས་སུ་མེད་པའི་དོན་ཆེན ་འདི།། གསལ་ཁྱབ་ཡངས་པས་ནམ་མཁའི་ཀློང་། ཁྱུང་ཆེན་ནམ་མཁར་ལྡིང་བཞིན།། སྤྲོ་བསྡུ་མེད་པར་ཡེ་སངས་རྒྱས།། ལྟ་བ་རྫོང་ཆེན་དྲུག་གི་སྐབས།། ཀུན་གཞི་སྐྱེ་མེད་སྙིང་པོ་ལ།། འཁྲུལ་དང་མ་འཁྲུལ་རྟོག ་ལས་འདས།། རྟོག་འདས་དོན་གྱི་སྙིང་པོ་ལ།། བསྒོམ་བྱ་ཆོས་ཉིད་གུད་ན་མེད།། བསྒོམ་བྱ་མིང་དུ་བཏགས་པས་ནོར།། ཅི་ཕྱིར་བརྗོད་པ་ཀུན་དང་བྲལ།། རྣམ་རྟོག་གཉེན་པོར་མི་རྟོག་བསྒོམ།། དེ་ཀ་རྟོག་པ་ཆེན་པོ ་ཡིན།། རྟོག་པའི་མཚན་མ་ཅི་སྐྱེས་ཀྱང་།། དེ་ཉིད་ཆོས་ཉིད་ཡིན་ཤེས་ན།། དུག་ལ་སྨན་དུ་ཤེས་པ་བཞིན།། ཆོས་སྐུ་གཞན་ནས་བཙལ་མི་དགོས།། སྣང་བ་མེད་པའི་ཆོས་ཉིད་ནི།། མ་བཙལ་བཞག་ན་བསྒོམ་པ ་ཡིན།། དེ་དང་དེར་ནི་རྣམ་བཙལ་ཀྱང་།། དེ་ལས་དེ་བཞིན་དེ་མི་འབྱུང་།། གཉིས་མེད་བདེ་བ་ཆེན་པོའི་སྐབས།། གསལ་ལ་རྟོག་མེད་ཏིང་འཛིན་ལས།། བསྒོམ་བྱ་བློ་ཡི་རྟོག་པ་ཡིན།། སྒོམ་བྱེད་སྐུར་འདེབས་ལྟ་བ ་སྟེ།། བསྒོམ་བྱ་སྒོམ་བྱེད་གཉིས་མེད་དང་།། དེ་ཕྱིར་གཉིས་མེད་བདེ་ཆེན་ལ།། རྟག་ཆད་གཟུང་འཛིན་གཉིས་སུ་མེད།། ཀུན་རྫོབ་དོན་དམ་གཉིས་སུ་མེད།། བླང་དོར་སྤྱོད་འབད་གཉིས་སུ་མེད།། དབྱིངས་དང་ཡེ ་ཤེས་གཉིས་སུ་མེད།། ཐམས་ཅད་གཉིས་སུ་མེད་པའི་ཀློང་།། གཉིས་སུ་མེད་པར་ཐམས་ཅད་རྫོགས།། རྒྱ་ཆད་ཕྱོགས་ལྷུང་མེད་པའི་རྫོང་།། ལྷུན་གྲུབ་ཡེ་ཤེས་རང་ཤར་སྐབས།། འགྱུར་བ་མ་ཡིན་དྲང་པོར ་གསལ།། ལྷུན་གྱིས་གནས་པས་བདེ་བ་ཆེ།། རང་བྱུང་ཡེ་ཤེས་རྒྱུ་རྐྱེན་བྲལ།། རང་གི་མཐུ་ཡིས་རིག་པ་ལས།། ཆོས་ནི་གཞན་ནས་འབྱུང་མི་འགྱུར།། ཚིག་ཙམ་གཞན་ལ་བརྟེན་འདྲ་ཡང་།། དངོས་སུ་བདེ་ཆེན་རང ་ལས་ཤར།། ཐུགས་རྗེས་གསང་བ་གདམ་པའི་སྐབས།། བདེ་ཆེན་རང་ཤར་ཏིང་འཛིན་འདི།། རྐུན་པོའི་ནོར་བཞིན་གསང་བར་བྱ།། འདོད་པ་མ་ཕྲེལ་བར་དུ་ནི། ཁ་འཇམ་སྲི་ཞུ་ངོ་བསྟོད་ཟེར།། འདོད་པའི་དོན་དེ ་འབྲེལ་ནས་སུ།། རྒྱབ་ཀྱིས་ཕྱོགས་ནས་སློབ་དཔོན་གསང་།། རང་གི་ངོ་བོ་སྒྲ་བྱེད་པ།། ཚིག་པ་མོ་ཡི་འདུ་ཤེས་སྐྱེ།། དེ་འདྲའི་དོན་དུ་གསང་བར་བྱ།། ཡེ་ཤེས་གསལ་བ་ཆོས་ཀྱི་དབྱིངས།། རྡོ་རྗེ་སེམས་དཔས ་གསུངས་པའོ།། རྫོགས་སོ།། །། རྒྱ་གར་སྐད་དུ། ཛྙཱ་ན་ཛྭ་ལ་ཨེ་དྷརྨཱ་དྷཱ་ཏུ།། བོད་སྐད་དུ།། ཡེ་ཤེས་འབར་བ་ཆོས་ཀྱི་དབྱིངས།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྐྱེ་མེད་སྤྲོས་དང་བྲལ་བའི ་