| Wylie | e-texts produced with BDRC’s OCR application |
ལོཙྪ་བ་ཨཱ་ཙརྱ་དྲན་པའི་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། སནྣི་མ་ཧ་ནི་ཡཱ་མཱརྠ་ས་མ་དཱ་ཡཱ་ཏི་གརྦྷ་ས་མནྟ་བྷ་དྲ་ཛྙཱ་ན་ཨཱ་བརྡྷ་ཏནྟ་རཏྣ་སྭརྞྞ་ཏི་ཤྲྀ་ཏ་ནཱ་མ། བོད་སྐད་དུ། ་རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད། རིན་པོ་ཆེ་གསེར་གྱི་ཡང་ཞུན་ཞེས་བྱ་བ། བཅོམ་ལྡན་འདས་མཉམ་པ་ཉིད་ཀྱི་རྒྱལ་པོ། དཔལ་གྱི་དཔལ་ཀུན་ཏུ་བཟང་པོ ་ལ་ཕྱག་འཚལ་ལོ།། འདི་སྐད་གསུངས་པའི་དུས་གཅིག་ན།། ཀུན་རིག་ཆོས་ཀྱི་རྒྱལ་པོ་དེ།། འོག་མིན་ཆོས་དབྱིངས་གནས་ཀྱི་མཆོག། ངེས་པའི་དོན་ལ་རབ་བཞུགས་ཏེ།། འཁོར་རྣམས་འདུས་ནས་རབ་ཏུ་འཁོད།། ་དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་ཆོས་ཀྱི་རྗེ་ལ་ནི།། རིག་པའི་ཡིད་ཀྱིས་འདི་སྐད་གསོལ།། ངེས་དོན་གནས་ལུགས་སྙིང་པོའི་དོན།། རིག་འཛིན་སྤྲུལ་པས ་བསྐུལ་པ་ཡི།། སངས་རྒྱས་བཀའ་རྣམས་བགྲོས་པའི་མདོ།། མ་རིག་མུན་པ་བསལ་བའི་ཕྱིར།། སྐུ་གསུམ་ཆོས་རྣམས་ཇི་ལྟར་གསུངས།། སྣོད་ཀྱི་རིམ་པ་གང་ལ་བསྟན།། དེ་སྐད་ཅེས་ནི་གསུང་མ་ཐག། ཁབ་ལེན ་ལ་ནི་ལྕགས་འདུ་བཞིན།། བྱིན་རླབས་དབང་ཆེད་དད་པས་ནི།། འདུས་པ་རྣམ་བཞི་འདུས་ཤིང་བསྐོར།། ཉིད་ལས་མི་གཞན་སངས་རྒྱས་དང་།། རྡོ་རྗེ་འཆང་གི་རིག་འཛིན་དང་།། རྒྱལ་སྲས་སྤྲུལ་པའི་མགོན་པོ ་དང་།། དམ་ཅན་མཁའ་འགྲོ་སྡེ་ལྔ་དང་།། དད་ཉན་ལྷ་མི་ལས་ཅན་ཀུན།། ལས་དང་ཐུགས་རྗེར་འཛོམ་ནས་འཁོད།། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་ཆོས་ཀྱི་རྒྱལ་པོ་དེས།། མཉམ་པའི་དོན་ལ་རབ ་ཞུགས་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ངེས་དོན་གནས་ལུགས་སྙིང་པོ་ནི།། འཁོར་འདས་འབྱུང་བས་མ་རེག་ཕྱིར།། མཛད་དང་སྤྱོད་པའི་རྒྱུད་མ་བསྐྱོད།། རང་བྱུང་གཞི་ཡི་སྙིང་པོ་ཡིན།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། རིག་འཛིན་སྤྲུལ་པས་བསྐུལ་པ་ཡི།། སེམས་དག་ལྷ་དབང་རིག་འཛིན་དེས།། རྨི་ལམ་རྣམ་གསུམ་བརྡ་ཤེས་ནས།། མངོན་དགའི་ཕུག་ནས་ཚིག་གིས་བསྐུལ།། སངས་རྒྱས་བཀའ་རྣམས ་བགྲོས་པའི་མདོ།། དེ་གཞི་ངེས་དོན་ཆོས་དྲུག་གིས།། སངས་རྒྱས་ཀུན་ཏུ་བཟང་པོ་བྱུང་།། ང་ཡིས་ང་ཉིད་བགྲོ་བ་ལས།། སངས་རྒྱས་གཞན་གྱིས་བགྲོ་མི་ནུས།། ཀུན་བཟང་ང་ཡི་སྒྲོན་མ་ཡི།། ཐོག་མའི་བྱུང་ཚུལ ་སུས་ཤེས་པ།། མ་རིག་མུན་པ་རྩད་ནས་སེལ།། ཆོས་རྣམས་ཀུན་གྱི་སྒྲོན་མེའི་མཆོག། སྐུ་གསུམ་ཆོས་རྣམས་གསུངས་པ་ནི།། ཀུན་བཟང་ང་ཡི་བྱིན་རླབས་ཀྱིས།། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལས།། སྤྲུལ་པ་རྣམ ་གསུམ་བྱུང་ནས་ནི།། ངེས་དོན་ལྡེམ་དགོངས་དྲང་དོན་བཤད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་སྐུ་ངེས་དོན་གསུངས་པ་ནི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། ཚིག་དང་ཡི་གེ་བརྗོད་ལས་འདས།། ་ངེས་དོན་ཡེ་ཤེས་ཟུགས་ལ་གསལ།། དྲང་སྲོང་མངོན་ཤེས་དཔེ་བཞིན་དུ།། དུས་གསུམ་སངས་རྒྱས་འཁོར་བཅས་ལ།། མཉམ་པར་བཞག་པའི་ཡིད་ཀྱི་གོ། ངེས་དོན་རྟོགས་ཕྱིར་ཡང་སངས་རྒྱས།། དེ་ནས་སྟོན ་པ་ཀུན་བཟང་གིས།། རྒྱུད་དག་རྡོ་རྗེ་སེམས་དཔའ་ལ།། དོན་གྱི་རང་བྱུང་གནས་ཆེན་དུ།། ཚིག་ཏུ་མ་བསྟན་ཡིད་ཀྱི་གོ།། བྱིན་གྱི་རླབས་ཀྱིས་བཤད་ཅེས་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལོངས་སྐུ་རྡོ་རྗེ ་སེམས་དཔའ་ཡིས།། གཙང་རིས་ལྷ་ཡི་གནས་ཆེན་དུ།། རིག་འཛིན་འཁོར་ལ་བརྩེར་དགོངས་ཏེ།། རིག་འཛིན་ཀུན་དགའ་ལྷ་དབང་ལ།། དབང་བསྐུར་བཀའ་དྲང་རྒྱུད་སྨིན་བྱས།། ལྡེམ་དགོངས་ངེས་དོན་ངོ་བོ ་བཤད།། དེ་ཚེ་རིག་འཛིན་སེམས་དག་དེས།། མོས་གུས་དད་པས་རྩེ་གཅིག་ཏུ།། ཕྱོགས་བཅུའི་འདུས་པའི་སངས་རྒྱས་ལ།། ཞུ་བ་ཞུས་ཅིང་ཐེ་ཚོམ་བཅད།། དེ་ཡི་ངེས་པའི་འབྲས་བུ་ནི།། ཆོས་སྐུ་རིག་པའི་དོན ་མཐོང་ལ།། རྟོགས་པ་མངོན་གྱུར་སངས་རྒྱས་ཕྱིར།། ད་ལྟ་ཉིད་དུ་ཐམས་ཅད་མཁྱེན།། ཡང་ནི་རིག་འཛིན་སེམས་དག་ངེས།། སྔོན་གྱི་མངོན་དགའི་ཕུག་སུ་ཕྱིན།། ནང་དུ་མཉམ་བཞག་འབྲལ་མེད་བཅིངས།། དོན ་དེ་ལྷ་ཡི་དབང་པོ་བསྐུལ།། དེ་ལན་བཀའ་ཡིས་བགྲོ་དཀའ་སྟེ།། ལྷ་དབང་བཀའ་གཉེན་དྲིན་ཆེ་བས།། ངེས་དོན་རིག་པའི་མན་ངག་གིས།། འཛམ་གླིང་མུན་བསལ་བྱིན་གྱིས་རློབས།། དེ་ཚེ་ལྷ་དབང་ཐུགས་དགྱེས ་ཏེ།། ཁྱོད་ཀྱིས་དད་ལྡན་འཁོར་རྣམས་ལ།། མ་བཅོས་མ་ནོར་འཆད་ནུས་ན།། བདེ་གཤེགས་འཁོར་བཅས་བྱིན་གྱིས་རློབས།། དེ་སྐད་ཞལ་བཞེས་ངོ་མཚར་ནས།། སེམས་དག་གསེར་ལྡན་སྐུར་སྤྲུལ་ཏེ།། དུས་ཚོད ་ཟེར་ལ་མངོན་བྱུང་ནས།། བྱང་ཆུབ་མོ་ཡི་ལྷུམས་ཞུགས་ཏེ།། གསུམ་ལ་བཀའ་རྟགས་དང་བཅས་ཏེ།། ཙར་གྱིས་སྐྱེས་ཏེ་ངེས་དོན་སྒྲོགས།། མི་རྣམས་ཀྱིས་མཐོང་ཡ་མཚན་སྐྱེས།། མངོན་ཤེས་དྲུག་ལྡན་ཡ་མཚན ་ཅན།། ལྷ་མི་ཀུན་གྱིས་བཀུར་བར་མཐོང་།། དེ་ནི་སྤྱན་དྲངས་གནས་བཞུགས་ནས།། ནང་དུ་འབྲལ་མེད་དགོངས་པ་ལ།། གནོད་སྦྱིན་བདུད་ཀྱིས་བྲིད་བསྡིགས་པས།། བར་དུ་མཆོད་ཟིལ་གྱིས་ནོན།། བྲེད་མོས ་གདུང་བཏོན་སྐྱབས་སུ་ཞུས།། དམ་བཏགས་རང་སྲོག་སྙིང་པོ་ཕུལ།། ཆོས་འདིའི་སྲུང་མར་དམ་ལ་བཏགས།། དེ་ནས་ཤཱཀ་ཐུབ་སྤྲུལ་པ་དེས།། བདེ་ལྡན་བཀྲ་ཤིས་གནས་དག་ཏུ།། དེ་ལྟའི་དུས་ཀྱི་དེང་སང་ན།། ་གསང་བདག་སྤྲུལ་པ་དང་ཉན་ལ།། སྡེབ་སྦྱོར་ལེགས་པའི་ཚིག་ཏུ་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཅན།། སྐུ་གསུམ་ཆོས་རྣམས་གང་གསུངས་ཀྱང་།། གདུལ་བུའི་འཁོར་ལ་ཐ་དད་ཀྱང་།། ཤེས་རབ་བློ་ཡི་ཝང ་པར་ལས།། དོན་ལ་དབྱེར་མེད་ངོ་བོ་གཅིག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པའི་ཡང་སྙིང་། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད། རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། ངེས་དོན ་འབྱུང་བའི་རྒྱུ་གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། སྣོད་བཅུད་རིམ་པ་ངས་བསྟན་གྱིས།། འདུས་པའི་འཁོར་རྣམས་ཡིད་ཀྱིས ་ཉོན།། དེ་བསྟན་སྣོད་འཛོམ་ཤིན་ཏུ་དཀའ།། དེ་ཕྱིར་ངེས་ལུང་བཅུད་ལྡན་ནི།། ཨུ་དུམ་ཝ་རའི་མེ་ཏོག་བཞིན།། འཇིག་རྟེན་འདི་ན་ཤིན་ཏུ་དཀོན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དབང་གཉིས་རིམ་པར་རྫོགས ་པ་ཡི།། དམ་པའི་ཆོས་ཀུན་མ་འདྲེས་པ།། ཀུན་མཁྱེན་སྲིད་པར་ཟད་མེད་པའི།། ལུང་ལྡན་གདམས་ངག་དག་ཏུ་ལྡན།། སྣོད་རྟོགས་ཕྱིར་ན་ནོར་འདོད་ཀྱང་།། སངས་རྒྱས་དགོངས་པ་གདེང་ལྡན་ལ།། ཚུལ་ཆོས་མེད ་པར་སྙིང་རྗེ་ཆེ།། འཇམ་ཞིང་དུལ་ལ་ངེས་དོན་ཞུ།། སྣོད་ལྡན་དད་པ་བརྩོན་འགྲུས་ཀྱིས།། སྨིན་པར་བྱེད་པའི་དབང་མནོས་ནས།། དམ་ཚིག་ལྡན་པ་ཆོས་འདོད་ཕྱིར།། གསང་ཐུབ་སྒྲོ་རིང་གཏོང་ཕོད་ཅན།། གཞན ་ལ་མི་སྤེལ་ཕྱི་ཟག་རིང་།། སྤྲོ་བ་བྱས་ཀྱང་མངན་རྣམས་ཐེག། ཁོན་དུ་མི་འཛིན་གཞུང་རྣམས་འཛིན།། གདམས་ངག་བསྟན་པའི་སྣོད་དུ་གསུངས།། གསང་སྔགས་དོན་ཟབ་ངེས་པའི་དོན།། རྟ་དང་གླང་པོ་རིན་ཆེན ་བདུན།། ཁ་གསེར་ཁ་གཡུ་བེར་ཆེན་སོགས།། སེར་སྣ་མེད་པར་འབུལ་ནུས་ན།། ཚེགས་མེད་དོན་གོ་བསྟན་པར་བྱ།། དེ་དག་མི་ལྡན་ཁ་གསག་ཅན།། སློབ་དཔོན་མཆེད་ཀྱི་སྤྱོད་རྩིང་ལ།། ཡ་མཚན་ཆེ་ནས་ཕྱར་ཁ ་གཏོང་།། ཐབས་ཀྱིས་སྨོད་པ་སྣ་ཚོགས་བྱེད།། བཀའ་རྐུན་བྱས་ནས་ཀུན་ལ་སྤེལ།། ང་ལས་ལྷག་པ་གཞན་ན་མེད།། བཀའ་བརྐུ་བཅོས་ཤིང་ཟས་ནོར་འཚོལ།། དེ་ནི་དམྱལ་བ་ཆེན་པོར་ལྟུང་།། འདི་ལ་ངོ་ཚ་ཁྲེལ ་རྣམས་ཤོར།། རང་གིས་རང་བསླུས་སྣོད་ངན་ལ།། ནམ་ཡང་བསྟན་པར་མི་བྱའོ།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། སྣོད་བཅུད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། ངེས་པའི་དགོངས་དོན་འདི་སྐད་གསོལ།། ཆོས་ཀུན་འབྱུང་བའི་གཞི་གསུམ་གྱི།། འཁོར་བའི་གཞི་ནི་གང་གིས་བགྱི།། དེ་ལྟར་འགྲོ། ་དྲུག་ཇི་ལྟར་འཁྲུལ།། དོན་གྱི་དབྱེ་བ་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ངེས་དོན་དབྱེ་བ་ངས་བཤད་ཀྱིས།། དད་ལྡན་འཁོར་རྣམས་ད་ཉོན་ཅིག། འཁོར ་གཞི་ཤེས་པ་ལུང་མ་བསྟན།། རང་བཞིན་ལུས་ཀྱི་རྩལ་སྣང་བ།། གང་ལ་མི་རྟོག་དོན་ཤེས་ཟིན།། ཤེས་པ་རང་སྣང་དྲི་མས་འཆོལ།། མ་རིག་རྒྱུ་ནི་ངེས་མེད་ཕྱིར།། ཤེས་གཞི་ལུང་མ་བསྟན་ཞེས་བྱ།། དེ་ཡང་འདུས ་པའི་སྙིང་པོ་ཉོན།། རང་བཞིན་ངོ་བོའི་ལུས་དང་ནི།། ཤེས་གཞི་ལུང་མ་བསྟན་པ་གཉིས།། གནས་སྐབས་འབྲེལ་ཡོད་མཐར་ཟུག་མེད།། ཡེངས་དང་མ་ཡེངས་ཆ་མེད་པའི།། ཧད་དེ་བུན་ནེ་ཙམ་དུ ་གནས།། རང་བྱུང་རྣམ་ཤེས་རྐྱེན་དབང་འགྱུར།། དེ་ཕྱིར་ལུང་མ་བསྟན་ཞེས་བྱ།། གཞི་ནི་དྲན་དང་མ་དྲན་གྱི།། བློ་མི་འཇུག་པས་དོན་མི་ཤེས།། མ་རིག་གཞི་ནི་ལུང་མ་བསྟན།། དེ་ཕྱིར་འཁོར་བའི་གཞི་ཞེས་བྱ།། ་ཡིད་བྱུང་རིམ་འགྲིབས་ལོག་པའི་རྒྱུ།། གྱ་གྱུ་ཙམ་དུ་དྲན་ཡོད་ཀྱང་།། དོན་དུ་མ་ཤེས་དེ་ཁོ་ན།། མ་རིག་སྐྱེ་བའི་གཞི་བྱེད་ཕྱིར།། དང་པོ་འཁོར་བ་དེ་ལས་བྱུང་།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས།། ་འཁོར་བའི་ཤེས་གཞི་ལུང་མ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། འགྲོ་དྲུག་འཁྲུལ་ཚུལ་བཀའ་སྩལ་པ།། དང་པོ་འཁོར་འདས་པར་དོ ་ལ།། ཤེས་གཞི་ལུང་མ་བསྟན་པ་ལ།། མ་རིག་ལྷན་ཅིག་རྣམ་གསུམ་གྱི།། རྒྱུ་དང་དེ་མ་ཟག་འཛོམ་ནས།། སེམས་ཀྱི་ཀུན་གཞི་སྨིན་པ་བྱུང་།། དེ་ལས་ཀུན་བརྟག་རྣམ་གསུམ་གྱིས།། དམིགས་པ་བདག་པོའི་རྐྱེན ་གཉིས་ཀྱིས།། བག་ཆགས་ལུས་ཀྱི་ཀུན་གཞི་བྱུང་།། གཉིས་པ་བག་ཆགས་ལྔ་རུ་སྨིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁྲུལ་གཞི་ལ་སོགས་རྣམ་དགུ་ཡིས།། དེ་འཁྲུལ་མ་བཟློག་ཉེས་པ་ནི།། གཡེང་བའི་ལས ་སྤྱད་འཆི་དུས་འབྱུང་།། དེ་ཚེ་འབྱུང་བ་རིམ་ཐིམ་ནས།། དབུགས་ཟུམ་བྱེད་ཅིང་གནད་གཅད་དེ།། ཞེན་པའི་དབང་གིས་ཁ་ཆེམས་འབོར།། འཁོར་བའི་སྡུག་བསྔལ་བསམ་མི་ཁྱབ།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི ་རྒྱུད་ལས། འཆི་ལྟས་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེའི་ཚེ་འཆི་བའི་དུས་བྱུང་ཚེ།། འདི་ནུབ་ཕྱི་མ་མུན་ལྟར་འབྱུང་།། སྣང་བ་མཆེད་དང་བསྐྱེད་པ་ཡི།། མ་བཅོས་དོན ་དེ་ཡོད་གྱུར་ཀྱང་།། མ་རིག་བསྒྲིབས་པར་ལྟུང་བའི་ཕྱིར།། གསོན་གཤིན་ས་མཚམས་དེ་ལ་བྱ།། དེ་ཡང་སྲིད་པ་བར་དོ་ལ།། གཞི་གནས་འཕྲལ་བྱུང་བག་ཆགས་ཀྱིས།། རས་དཀར་ལ་ནི་སྣུམ་བཞིན་ལྟར།། གཞི ་གནས་མ་རིག་བག་ཆགས་གོས།། མ་རིག་རྐྱེན་སླ་ཁ་བྲོད་དང་།། རྩོམ་པ་རྗེས་འཇུག་ཉོན་མོངས་པ།། སྔ་ཕྱིའི་གོལ་ས་ཡིན་པའི་ཕྱིར།། དང་པོར་ཤན་མ་ཕྱེད་པས་གོལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྲིད་པ ་དག་གི་བར་དོ་ལ།། ཞག་གསུམ་ལོན་ནས་བག་ཆགས་ལུས།། སྔོན་གྱི་དྲན་པ་སྣ་ཚོགས་འབྱུང་།། ཀུན་རྫོབ་རྒྱུ་འབྲས་མི་བསླུ་ཞེས།། ཡང་ནི་ཡིད་ཀྱི་ལུས་སྣང་འགྱུར།། ཀུན་ཚང་ཐོགས་མེད་སྣ་ཚོགས་སེམས།། ་རང་གི་ཤེས་པས་ས་མ་ཟིན།། དེ་ཕྱིར་ཡིད་ནི་ལུང་མ་བསྟན།། ཡང་འགྱུར་གནས་ངན་ལུས་ལེན་ཕྱིར།། ཁྱིམ་སོགས་གང་རུང་མངལ་དུ་འཇུག། རྗེས་དྲན་ཡོན་ཏན་མེད་པའི་ཕྱིར།། ཆགས་སྡང་སྐྱེས་ནས་འཁོར ་བར་འཁྱམས།། ཀུན་ཏུ་བཟང་ཟས་ཤེས་ཀླུང་གི་རྒྱུད་ལས། མརྟགས་པ་འཁོར་བར་འཐམས་པ་བསྟན་པའི་མརུ་ཙྪ་ལྔ་པ་ལ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ཟླ་ན ་ཆེད་དུ།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། འཁོར་འདས་གཞི་ནི་གང་ལ་བགྱི།། དེ་ལས་མུ་སྟེགས་ཇི་ལྟར་འཁྲུལ།། ཐེག་དགུའི་འཁྲུལ་གཞི་ཇི་ལྟར་བྱུང་།། མཉམ་པའི་རྒྱལ ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་གྱི་དད་ཉན་ལ།། ཞུས་པའི་ལན་དེ་བཀའ་སྩལ་པ།། ལེགས་པར་ཉོན་ལ་ཡིད་ལ་ཟུང་།། འཁོར་འདས་གཉིས་ཀྱི་གཞིར་གྱུར་པ།། ་གང་ཡང་མེད་པའི་སྔོན་རོལ་དུ།། སངས་རྒྱས་མེད་ཕྱིར་ལུང་ལྡན་མེད།། ཐེག་དགུ་མྱ་ངན་འདས་མ་རེག། མ་རིག་མེད་ཕྱིར་སེམས་ཅན་མེད།། སྤྲིན་བཅོས་བག་ཆགས་སྐྱོན་མ་གོས།། དུག་ལྔ་སྐྱེ་བའི་གཞི་མེད ་ཕྱིར།། འཁོར་བའི་སྐྱོན་གྱི་མཐས་མ་རེག། ཞེན་པའི་བག་ཆགས་མེད་པའི་ཕྱིར།། ཕྲ་རགས་བསྐྱེད་པའི་ཡུལ་མ་གྲུབ།། འབྱུང་བ་ལྔ་ལ་རག་མ་ལུས།། གཉེན་པོ་མི་ཚུགས་རང་བཞིན་ལུས།། དེ་ཡང་རྡོ་རྗེ་སེམས ་དཔའ་ཉོན།། དེ་གསུམ་མེད་པའི་ཤེས་པ་དེ།། ནམ་ལངས་ཉི་མ་མ་ཤར་བཞིན།། ཡེ་ནས་གནས་ཕྱིར་ཀུན་གྱི་གཞི།། རང་བཞིན་ངོ་བོའི་ལུས་ཞེས་བྱ།། འཁོར་འདས་གཉིས་ཀྱི་བར་དོ་ལ།། སྐྱེ་བ་མ་བླངས་འདུས་ན ་ཡང་།། རྒྱུ་རྐྱེན་མ་བསྐྱེད་ཡང་དག་ཡོད།། སྒྲོ་སྐུར་བྲལ་དང་མ་བྲལ་གྱིས།། རྟོགས་དང་འཁྲུལ་པ་གཉིས་མ་མྱོང་།། རིག་དང་མ་རིག་ཤན་མ་ཕྱེད།། ཡེངས་དང་མ་ཡེངས་ངོས་མ་ཟིན།། ཇི་ཞིག་ལྟར་ལ་ཡེངས་ཚུལ ་གྱིས།། རང་ཡིད་ཧད་དེ་ཙམ་ཡོད་ཀྱང་།། གང་གི་འདུ་ཤེས་མ་ཞུགས་པ།། བྱ་བ་བཏང་བའི་མི་དང་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཕྱིར་འཁོར་འདས་གཉིས་ཀྱི་གཞི།། རང་བཞིན་ངོ་བོའི་ལུས་དང་ནི།། ་རྟོགས་པའི་ངོ་བོ་ཉིད་སྐུ་གཉིས།། གནས་སྐབས་འབྲེལ་མེད་མཐར་ཟུག་ཡོད།། དེ་ཕྱིར་ལྷུན་གྲུབ་སངས་རྒྱས་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པའི་ཡང་སྙིང་། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི ་རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། འཁོར་འདས་གཉིས་ཀྱི་གཞི་རང་བཞིན་གྱི་ལུས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མུ་སྟེགས་རྟག་པའི་འཁྲུལ་དཔེ་ནི།། འཁྲུལ ་སྨན་ཆེན་པོ་དང་འདྲ་སྟེ།། གཞི་དང་འཁྲུལ་པའི་ཉེས་པ་དེ།། སུན་འདོན་ལ་ཟློ་གྲངས་བསྟན་པ།། འཁྲུལ་གཞི་མེད་པའི་འཁྲུལ་པ་དེ།། རི་བོང་རྭ་བཞིན་ཡོད་མི་སྲིད།། འཁྲུལ་གཞི་ལས་ནི་འཁྲུལ་པ་བྱུང་།། དེ་ཕྱིར ་དབྱེ་བ་ཤིན་ཏུ་གཅེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངོ་བོ་མི་འགྱུར་གཞི་བྱས་ནས།། ཁ་དོག་དབྱིབས་ཅན་དག་ཏུ་འཁྲུལ།། ལོག་པའི་དཀའ་ཐུབ་དམྱལ་བར་ལྟུང་།། རིག་པས་བརྟགས་ན་བདག་མ་གྲུབ།། དེ ་ཉིད་དོན་ཤེས་ལ་ཟླའོ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། མུ་སྟེགས་ཆད་པའི་དབྱེ་བ་ནི།། ཁ་དོག་དབྱིབས་མེད་ཆད་གཞི་བྱས།། སྔ་ཕྱི་རྒྱུ་འབྲས་མེད་པར་འཁྲུལ།། སླར་བཏབ་དམྱལ་བ་ཆེན་པོར ་ལྟུང་།། ཆད་དུ་མིན་སྟེ་རིག་པར་ཡོད།། དེ་ཕྱིར་གཞི་ལ་གོལ་མེད་པས།། རང་བྱུང་ཡེ་ཤེས་ཀློང་ན་གནས།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། མུ་སྟེགས་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་བདུན ་པའོ།། །། ཀུན་རིག་སྟོན་པས་ཡང་གསུངས་པ།། གཞི་ནི་མེ་ལོང་ལྟ་བུ་ལ།། གཟུགས་བརྙན་ཐེག་པ་རིམ་དགུ་བྱུང་།། ཕྱོགས་ཙམ་འཁྲུལ་ཚུལ་ངས་བཤད་ཉོན།། མཚན་ཉིད་ཐེག་པ་རྣམ་གསུམ་གྱི།། ཉན་ཐོས ་རང་རྒྱལ་མདོ་སྡེ་ཡི།། དབྱེ་བའི་རྣམ་གྲངས་མདོར་བསྟན་པ།། སྣང་བའི་ཕྲ་རགས་ཡུལ་གྱི་གཞི།། གང་ཟག་བདག་མེད་ཆོས་བདག་ཡོད།། ཞི་བ་ཕྱོགས་གཅིག་ཐར་མི་ཐོབ།། ལྷག་མཐོང་མེད་ཕྱིར་སྐྱེ་བོ་རང་།། ་དོན་རྟོགས་ཡུལ་འདི་ཆོས་ཀྱི་དབྱིངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཙམ་ཀུན་གཞི་རྟོགས་པ་ཡི།། གོང་འོག་ཤེས་པ་སྐད་ཅིག་འདོད།། རིག་པ་རང་རྐྱང་གྲངས་ཅན་གོལ།། རྟག་དང་ཁྱད་མེད་སྒྲོ ་འདོགས་ནོར།། ཆོས་སྐུ་རིག་པ་འགྱུར་བ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དབུ་མ་པ་ཡི་འདོད་གཞུང་དེ།། ངོ་བོ་དངོས་མེད་གཞི་བྱས་ཏེ།། ཡུལ་སེམས་གཞིག་པས་སྟོང་པར་འཁྲུལ།། ཅི་ཡང་མེད་པའི་སྐྱེ ་མཆེད་ལྟུང་།། ཆད་དང་ཁྱད་མེད་སྟོང་པར་གོལ།། སྟོང་ཤེས་རང་བྱུང་ཆོས་སྐུ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་མཚན་ཉིད་ཐེག་པ་གསུམ།། ཕྱོགས་ཙམ་རྟོགས་ཀྱང་གཞི་མི་ཤེས།། དེ་ཕྱིར་ངེས་དོན ་མི་མཐོང་བས།། ཚིག་ཏུ་བརྟེན་ཏེ་དོན་ལས་གོལ། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། རྒྱུ་མཚན་ཉིད་ཀྱི་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། ཀུན་རིག་སྟོན་པས་ཡང་གསུངས་པ།། ཕྱི་བ ་ཀྲི་ཡོག་རྣམ་གསུམ་གྱིས།། དབྱེ་བའི་རྣམ་གྲངས་ངས་བཤད་ཀྱིས།། དད་ལྡན་འཁོར་རྣམས་ལེགས་པར་ཉོན།། ནམ་མཁའ་སྨིག་རྒྱུའི་དཔེ་བཞིན་དུ།། དག་པ་ཆོས་ཉིད་ཀྲི་ཡའི་གཞི།། བཟང་ངན་གཙང་སྨེ་དངོས ་གྲུབ་རེ།། གྲུབ་པ་མ་ཐོབ་བྱོལ་སོང་རྒྱུ།། གཙང་སྒྲས་མི་གྲོལ་རྟོག་པ་ཉིད།། སྤྱོད་པ་མ་ཡིན་གཞི་དག་སྐུ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡོ་ག་རྣལ་འབྱོར་སེམས་དཔའ་ཡི།། དབྱེར་མེད་ཆོས་དབྱིངས་གཞི་བྱས ་ཏེ།། བྱང་ཆུབ་རྣམ་ལྔ་མཉམ་པར་འདོད།། བསྒོམ་ཀྱང་མི་གྲོལ་འདོད་ཁམས་ལྷ།། སེམས་ཙམ་པ་དང་ཁྱད་མེད་གོལ།། ལ་བཟླ་རིག་པ་ཆོས་སྐུར་ཤེས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་ཡོ་ག་རྣམ་གསུམ ་ཀྱང་།། གཞི་ཉིད་མ་ཤེས་བློས་བསྒྱུར་ཕྱིར།། ནམ་མཁའ་དག་ལ་འཛིན་པ་འདྲ།། དོན་ལ་འཁྲུལ་པར་ཐེ་ཚོམ་མེད། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། ཕྱིའི་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ།། ། ་ཀུན་རིག་རྒྱལ་པོས་ཡང་གསུངས་པ།། ནང་པ་བསྐྱེད་རྫོགས་རྣམ་གཉིས་ཀྱིས།། དོན་གྱི་དབྱེ་བ་བསྟན་པའི་ལུང་།། ནམ་མཁའ་སྤྲིན་དང་ཁུ་རླངས་བཞིན།། རྣལ་འབྱོར་མ་ཧཱ་ཡོ་ག་ཡི།། བདེན་པ ་དབྱེར་མེད་འདོད་པའི་གཞི།། རྟོག་ཚོགས་ལྷར་བསྒྱུར་བསྒོམ་པས་འཁྲུལ།། དེ་ཕྱིར་བགེགས་དང་རཱ་ཏྲར་ལྟུང་།། དབུ་མ་དང་འདྲ་འབྲས་བུ་གོལ།། ལམ་ལ་མི་བརྟེན་རྟོགས་པས་ཆོག། དེ་ཡང་རྡོ་རྗེ་སེམས་དཔའ ་ཉོན།། ཨ་ནུ་ཡོ་གའི་དབྱེ་བ་ནི།། ཀུན་གཞི་མཁའ་ཀློང་གཞི་བྱས་ཏེ།། སྣང་བ་ཀུན་བཟང་རོལ་པར་འཁྲུལ།། ཡོད་མིན་མེད་མིན་སྐྱེ་མཆེད་ལྟུང་།། མཁའ་ཀློང་དབུ་མ་ཆད་དང་འདྲ།། ལ་ཟློ་ཆོས་ཀྱི་དབྱིངས་ཉིད ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་རྒྱུད་ལུང་རྣམ་གཉིས་ཀྱང་།། རང་བཞིན་ལུས་བཞིན་འཁྲུལ་པའི་ཕྱིར།། ཉི་མ་སྤྲིན་གྱིས་བསྒྲིབས་དང་འདྲ།། སྣང་བ་ལྷར་བསྒོམས་ཆོས་སྐུ་བསྒྲིབས།། རྫོགས་པ ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད། རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། རྒྱུད་ལུང་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ ་ཡིས།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། བདེན་པའི་དགོངས་དོན་འདི་སྐད་གསོལ།། རྫོགས་ཆེན་སྤྱི་དང་ཁ་འབྱམས་དང་།། ཀུན་བརྟགས་ལྷ་དང་ཚིག་ཟིན་གྱིས།། འཁྲུལ་པའི་དབྱེ་བའི་རིམ་པ་ནི།། ཀུན་རིག་སྟོན ་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། རྫོགས་ཆེན་སྤྱི་ཡི་འཁྲུལ་པ་ནི།། རིན་ཆེན་གསེར་སྦྲུལ་མཐོང་སྟོངས་བཞིན།། སྤྱི་དང་ཁ་འབྱམས་ཀུན ་བརྟགས་ཀྱིས།། ལུང་ཚིག་ཙམ་ལ་ངེས་འཆའ་བ།། དེ་དག་གོལ་བར་ངས་བཤད་ཉོན།། མིང་ནི་ཚིག་ཙམ་ཤེས་པའི་གཞིས།། མཁས་སུ་རེ་ནས་ཐ་སྙད་འདོགས།། དོན་མེད་ནམ་མཁའི་མཐའ་ཚོལ་འདྲ།། ཚིག་ཏུ ་ཤེས་པས་དོན་མི་རྟོགས།། ཚིག་ཉིད་དོན་ཡིན་ཟེར་བ་འཁྲུལ།། དེ་ཡང་འདུས་པའི་སེམས་དཔའ་ཉོན།། ཁ་འབྱམས་དཔའ་བོའི་འཁྲུལ་པ་དེ།། སྣང་བ་སེམས་སྡུད་གཞི་རུ་བྱེད།། འཁྲུལ་པའི་དབྱེ་བ་ལྷུན་གྲུབ ་བཅུ།། འབྲས་བུ་མི་འབྱུང་ལོག་པར་གོལ།། གཞི་དང་མི་མཐུན་ལུང་རིག་འགལ།། གཞི་ཉིད་མ་ཤེས་སྐྱེ་བོ་རང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་བརྟགས་ལྷར་ནི་འཁྲུལ་པ་ཡི།། ཕྱི་ནང་གསང་སྔགས་སྣང ་པབའི་གཞི།། བསྐྱེད་དང་རྫོགས་འདོད་རིམ་པ་འཁྲུལ།། དོན་མ་ཟིན་པས་འབྲས་བུ་མེད།། གཞི་ལ་ལྷ་མེད་བསྐྱེད་མི་དགོས།། མ་བསྐྱེད་ཆོས་སྐུ་ཡེ་ནས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཚིག་ཟིན་ལུང་གི ་འཁྲུལ་ཚུལ་དེ།། ཚིག་ཙམ་ལུང་ལ་ཁུངས་བྱེད་པས།། དགོངས་པ་རྣམ་གསུམ་མ་ཤེས་འཁྲུལ།། ཚིག་ཙམ་ལུང་གིས་དོན་མི་རྟོགས།། དོན་མེད་ཚིག་གིས་དགོས་པ་མེད།། ལུང་མེད་དོན་གོ་ཡེ་སངས་རྒྱས།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། དེ་དག་འཁྲུལ་ཚུལ་རྣམ་བཞི་ཡང་།། སྤྱི་ཡི་མཚན་ཉིད་ཡིན་པའི་ཕྱིར།། གཞི་དང་འགལ་ཕྱིར་དོན་ལས་གོལ།། དེ་ཕྱིར་ལུང་ལྡན་གདམས་ངག་དགོས།། ཀུན་ཏུ་བཟང་པོ་ཡེ ་ཤེས་ཀློང་གི་རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། རྫོགས་ཆེན་སྤྱིའི་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འཁོར་གྱི་དད་ལྡན་དོན་དུ་ཡང་།། ཀུན་རིག ་སྟོན་པ་ཆོས་རྗེ་ལ།། བདེན་པའི་དགོངས་དོན་འདི་སྐད་གསོལ།། འཁོར་རྣམས་འཁྲུལ་པ་ལྡོག་པའི་ཐབས།། ཚེགས་མེད་རྟོགས་ཐབས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ ་བཀའ་སྩལ་པ།། འོག་མའི་འཁྲུལ་པ་ལྡོག་ཐབས་དང་།། ཡང་ཏི་ངེས་དོན་ལྡོག་པ་གཉིས།། ང་ཡིས་བསྟན་གྱིས་ལེགས་པར་ཉོན།། འོག་མའི་ཆོས་ཀྱི་འཁྲུལ་ལྡོག་ཐབས།། གཉེན་པོ་དང་ནི་ཡེ་ཤེས་ཀྱིས།། ཀུན་རྫོབ ་ཉོན་མོངས་སྒྲིབ་སྦྱངས་ཏེ།། དོན་དམ་ཤེས་བྱའི་སྒྲིབ་སྦྱངས་ལ།། ཚོགས་བསགས་པ་ཡི་སངས་རྒྱས་ནི།། ལས་ལྔ་ས་བཅུ་རིམ་བགྲོད་ཏེ།། ཕ་རོལ་ཕྱིན་བཅུ་མཐར་ཕྱིན་ནས།། སྒྲིབ་དག་འཁྲུལ་པ་ལྡོག་པའི་དུས།། ་དྲང་དོན་ཡིན་ཕྱིར་སངས་མི་རྒྱ།། དེ་ཕྱིར་ངེས་དོན་བཀའ་འདི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མཚན་ཉིད་རྣམ་གསུམ་ཆོས་ཀྱིས་ནི།། འཁྲུལ་པ་མི་བཟློག་རེ་དོགས་མཐའ།། རྣམ་རྟོག་རྒྱར་ཆུད་འཁོར ་བར་འཁྱམས།། དེ་ཕྱིར་སྤུ་བྲིད་ཆོས་འདིས་ཕུང་།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། ཐེག་པ་འོག་མ་པའི་ཆོས་ཀྱིས་འཁྲུལ་པ་མི་ལྡོག་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། ཀུན་རིག་སྟོན ་པས་ཡང་གསུངས་པ།། ཡང་ཅིག་རྫོགས་ཆེན་ངེས་དོན་གྱིས།། འཁྲུལ་པ་ཟློག་པའི་ཐབས་ཆེན་ནི།། ལུང་ལྡན་གདམས་ངག་ལྡན་པ་ཡི།། བླ་མ་རྡོ་རྗེ་སློབ་དཔོན་དེ།། གདམས་ངག་མཁས་ལ་ཐུགས་རྗེ་ཆེ།། དམ ་ཚིག་ལྡན་པའི་སློབ་དཔོན་ལ།། སློབ་མས་ཡོན་ནི་མ་ཕུལ་བར།། དེ་ལྟའི་གདམས་ངག་ཞུ་མི་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྨིན་པར་བྱེད་པའི་དབང་ཆེན་ནི།། ཐུན་མོང་མ་ཡིན་ཁྱད་འཕགས་པའི།། ངོ་བོ ་དབྱེ་བ་དཔེ་དང་གནས།། རྫས་དང་ངེས་ཚིག་ལས་དང་སྐལ།། རྟགས་དང་མཐར་ཟུག་ཀུན་རྫོགས་པའི།། རིག་པ་ཐུགས་ཀྱི་དབང་གསུམ་ནི།། རིམ་གྱི་མ་ཡིན་ཅིག་ཅར་དུ།། དད་ལྡན་གྱིས་ནི་མནོས་གྱུར་ན།། སྐྱེ་བ ་འདི་ཡིས་སངས་རྒྱས་འགྲུབ།། དེ་ཡི་དམ་ཚིག་མདོར་བསྡུས་ན།། རྟོགས་ཐབས་དམ་ཚིག་རྣམ་ལྔ་ཡང་།། རྩ་བ་རང་སེམས་འདི་ཉིད་ལས།། གཞན་ན་ཡོད་པ་མ་ཡིན་ནོ།། རང་རིག་རྟོགས་ན་དམ་ཚིག་མཆོག། དེ ་ཡང་འདུས་པའི་སྙིང་པོ་ཉོན།། ཆེད་དུ་བྱ་བའི་དམ་ཚིག་དྲུག། རྩ་བ་སྐུ་གསུང་ཐུགས་སུ་འདུས།། དེ་ཕྱིར་བརྩེ་གདུང་དམ་ཚིག་སྟེ།། ཆོས་རྣམས་ཀུན་གྱི་རྩ་བ་ཡིན།། བསྲུང་བའི་དམ་ཚིག་རྣམ་ལྔ་ཡང་།། རྩ་བ་འདོད ་ཆུང་གདེང་ཟིན་ཉིད།། དེ་ཕྱིར་བསྲུང་བྱའི་དམ་ཚིག་སྟེ།། བར་ཆད་མི་འབྱུང་དངོས་གྲུབ་ཐོབ།། སྤང་བར་བྱ་བའི་དམ་ཚིག་བཞི།། འཁོར་བ་བསྐྱེད་པའི་རྟེན་གཞི་སྟེ།། དེ་མ་སྤངས་པར་གྲོལ་མི་སྲིད།། ་དེ་ཕྱིར་མ་རྟོགས་རྣམས་ཀྱིས་སྤང་།། གནང་བར་བྱ་བའི་དམ་ཚིག་བཞི།། ལྟ་བ་གདེང་ལྡན་རྣམས་ཀྱིས་བྱ།། ཐ་མལ་ཀུན་གྱིས་བྱར་མི་རུང་།། དེ་ཕྱིར་རྟོགས་ལྡན་རྣམས་ཀྱིས་སྤྱད།། དེ་ཡང་རྡོ་རྗེ་སེམས་དཔའ ་ཉོན།། གཡོ་རྒྱུ་མེད་པའི་སྐལ་ལྡན་གྱིས།། རྩེད་འཇོ་ལེ་ལོ་རྣམ་གཡེང་སྤང་།། འཁོར་མཁས་སློབ་གུས་དད་ལྡན་ལ།། སྣོད་ལྡན་ཡིན་ཕྱིར་འཁྲུལ་པ་བཟློག། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྣོད་ལྡན་ལས་དང ་སྐལ་བར་འཛོམ།། ངེས་དོན་རྒྱུད་ཆེན་བསྟན་པའི་སྣོད།། ཕྱི་མར་མི་སྡོད་དུས་འདི་རུ།། མན་ངག་སྙིང་པོ་བསྟན་པར་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པའི་སྙིང་པོ་ཀུན་ཏུ་བཟང་པོ་ཡེ་ཤེས ་ཀློང་གི་རྒྱུད། རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། ཡང་ཏི་རྫོགས་ཆེན་གྱིས་འཁྲུལ་པ་ལྡོག་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྣོད་ལྡན་དམ་བཅས་དོན ་ཆེད་དུ།། ཀུན་རིག་ཐམས་ཅད་མཁྱེན་པ་ལ།། ངེས་དོན་གདམས་ངག་འདི་སྐད་ཞུས།། རིག་འཛིན་གྲུབ་ཐོབ་བཀའ་རྟགས་གང་།། རིག་པ་བྱིན་གྱིས་ཇི་ལྟར་བརླབ།། དེ་དོན་ཉམས་སུ་ཇི་ལྟར་མྱོང་།། ལ་ཟློ་སྤྱོད་པ ་ཇི་ལྟར་སྤྱད།། ངེས་དོན་རྒྱུན་ཀྱི་བཀའ་རྟགས་གང་།། ཀུན་མཁྱེན་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འབྲལ་མེད་ཆོས་ལས་རང་བཞེངས་ཏེ།། ཡེ་ཤེས་རིག་པའི་ཀློང་བརྟོལ་ནས།། ་སྣོད་ལྡན་འཁོར་ལ་བཀའ་སྩལ་པ།། རིག་འཛིན་གྲུབ་ཐོབ་བཀའ་རྟགས་ནི།། དོན་གྱིས་བརྒྱུད་དང་བྱིན་གྱིས་བརླབས།། བརྡའ་ཡིས་བསྟན་དང་ཚིག་གི་མཚོན།། སྒུར་རྒྱལ་སྲས་ལ་སྲིད་གཏོད་འདྲ།། དེ་ཡང་རྡོ་རྗེ ་སེམས་དཔའ་ཉོན།། དོན་གྱིས་ཁྱབ་དང་རྟོགས་པ་ཡི།། དབྱེ་བ་རྣམ་པ་གཉིས་བསྟན་པའི།། ཏིལ་ལ་མར་གྱིས་ཁྱབ་པ་བཞིན།། སངས་རྒྱས་སེམས་ཅན་མ་ལུས་ལ།། རང་བཞིན་ངོ་བོའི་ལུས་ཀྱིས་ཁྱབ།། དེ་ཕྱིར ་དོན་གྱིས་ཁྱབ་པར་གསུངས།། དེ་དོན་རྟོགས་པས་བརྒྱུད་པ་ཡི།། སྔོན་གྱི་སངས་རྒྱས་ཀུན་བཟང་དེས།། འཁྲུལ་མ་མྱོང་ལ་རྟོགས་མྱོང་བའི།། གཞི་དང་ཡེ་ཤེས་དུས་མཉམ་ཤར།། དེ་ཕྱིར་ཀུན་ཏུ་བཟང་པོ་བྱ།། དེ ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་མྱ་ངན་འདས་པའི་གཞི།། རང་བྱུང་ངོ་བོ་ཉིད་སྐུ་དེ།། མ་མཛད་མ་བཅོས་རྒྱས་མ་བསྐྱེད།། ནམ་མཁའི་མཐོངས་སུ་ཉི་ཤར་འདྲ།། གདོད་ནས་མ་རིག་སྐྱོན་མ་གོས།། ལུང ་ལ་མ་བརྟེན་རིག་ཅིང་རྟོགས།། སངས་མ་རྒྱས་པའི་རིག་པ་ལ།། རང་བྱུང་ཡེ་ཤེས་དེ་ལ་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གང་ལ་ཡེངས་མེད་ཡང་དག་ཡོད།། སྒོ་སྐུར་མེད་པའི་རིག་པ་ནི།། དུས་གསུམ་གཅིག ་པའི་ཆོས་སྐུ་ལ།། རང་ལ་རང་དུ་ཆོས་སྐུར་ཤེས།། ད་ལྟའི་རིག་པ་འདི་ཡིན་ཏེ།། དུས་རྣམས་ཀུན་ཏུ་འབྲལ་བ་མེད།། སྒྲོ་སྐུར་མེད་པའི་རིག་པ་གསལ།། ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ།། ཀུན་བཟང་རྟོགས ་པ་ངེས་པའི་དོན།། མིང་དང་དཔེ་དོན་མཉམ་ཀྱི་གྲངས།། དྲུག་གསུམ་ཆོས་སྐུ་གཅིག་ལ་རྫོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཚེ་འཁོར་འདས་པར་དོ་ལ།། རྒྱུ་དང་འབྲས་བུ་ལུང་མ་བསྟན།། སེམས་ལས་མ ་བྱུང་སངས་རྒྱས་ནི།། རང་བྱུང་ཀུན་ཏུ་བཟང་པོ་བྱ།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། རྟོགས་པའི་བརྒྱུད་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། ཀུན་རིག་སྟོན་པས་ཡང་གསུངས་པ།། ངེས ་དོན་བྱིན་རླབས་བརྒྱུད་པའི་དོན།། གང་ཕྱིར་བྱིན་རླབས་དཔེ་དང་ནི།། སྤྲུལ་པའི་དགོངས་པ་བརྡའ་ཡིས་ནི།། ཚིག་བརྒྱུད་ཡོན་ཏན་བཤད་ཀྱིས་ཉོན།། སེམས་དག་རིག་འཛིན་བསྐུལ་པའི་ཕྱིར།། སངས་རྒྱས་བཀའ ་བགྲོས་ངེས་པའི་དོན།། ཡེ་ཤེས་རིག་པ་རང་གནས་ཕྱིར།། བྱིན་རླབས་སངས་རྒྱས་ཀུན་ལ་ཤར།། དེ་ཡི་མཚོན་དཔེ་བསྟན་པ་ནི།། ནམ་མཁའི་གཟའ་སྐར་ཤར་ཙམ་ན།། རྒྱ་མཚོའི་ནང་དུ་གཟུགས་བརྙན་འབྱུང་།། ་དེ་ཙམ་ཉིད་ན་ཐ་དད་མེད།། དེ་བཞིན་ཀུན་བཟང་བྱིན་རླབས་གྱིས།། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལས།། སྤྲུལ་པ་རྣམ་གསུམ་ཤུགས་ལས་འབྱུང་།། དེ་ཉིད་ཆོས་སྐུ་ཉིད་ཀྱི་རྩལ།། དེ་དོན་དགོངས་པ་རྣམ་གསུམ ་གྱིས།། བསྟན་པའི་འཁོར་འདི་རྣམ་གསུམ་ལ།། དྲང་དོན་ལྡེམ་དགོངས་ངེས་པའི་ཆོས།། འདུས་པའི་འཁོར་ལ་ཅི་རིགས་བཤད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དང་པོ་ཆོས་སྐུའི་རྩ་བ་ནི།། རང་བྱུང་ངོ་བོ་ཉིད་སྐུ ་དང་།། ས་བཅུའི་འཁོར་ལ་དགོངས་པས་བཤད།། ཚེགས་མེད་ངེས་དོན་རིག་པས་གོ། དེ་དོན་ངེས་པར་དབྱེ་བ་ནི།། ལྔ་བཅུ་བདུན་གྱི་བརྡའ་བསྟན་ཕྱིར།། ཚིག་ཏུ་མ་བརྗོད་ཡིད་ལ་རྟོགས།། རིག་འཛིན་སྤྲུལ་པའི ་སྤྱོད་ཡུལ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དགོངས་དང་རིག་པ་རྣ་བར་བརྒྱུད།། ཚིག་གི་སྒྲོན་མས་དོན་གོ་ཕྱིར།། ཕྱི་རབས་དད་ལྡན་རྣམས་ཀྱིས་གོ།། དེ་ཕྱིར་སངས་རྒྱས་ད་ལྟ་ཉིད།། དེ་ཡང་འདུས་པའི ་སྙིང་པོ་ཉོན།། སྐྱེ་ཤི་གཉིས་ཀྱི་བར་དོ་ལ།། ཀུན་ཏུ་བཟང་པོའི་ཆོས་དྲུག་གིས།། དཔེ་དོན་རིག་པ་ཉམས་ལྡན་པས།། མ་རིག་དྲུག་བཅོམ་བདེན་པ་མཐོང་།། རྟོག་གཞི་ལ་སོགས་བཅུ་གཅིག་གིས།། འཁྲུལ་གཞི་ལ ་སོགས་དགུ་པོ་ཡང་།། བརླག་ཅིང་སྟོངས་ཏེ་འཁོར་བ་མེད།། དེ་ཕྱིར་གོལ་སྒྲིབ་མིང་མེད་དོ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ལུང་བསྟན་གདམས་ངག་མངོན་བསྟན་པས།། དེ་མ་ཐག་ཏུ་ཆོས་སྐུར་ཤེས།། རྣམ་སྨིན ་ལུས་དང་མ་བྲལ་ཀྱང་།། སངས་རྒྱས་ས་ལ་ངེས་པར་འགྲོ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད། རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། རིག་འཛིན་གྲུབ་པ་ཐོབ་པའི ་བཀའ་རྟགས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། ཀུན་རིག་སྟོན་པས་ཡང་གསུངས་པ།། ངེས་དོན་རིག་པའི་བྱིན་རླབས་ཀྱིས།། ངེས་དོན་གདམས་ངག་བསྟན་པ་དང་།། མི་རྟོག་ཙམ་དུ་བྱིན ་རླབས་དང་།། ཐབས་ཀྱི་བདེ་བས་བྱིན་རླབས་དང་།། ཉམས་ཀྱི་བདུད་ཀྱིས་བྱིན་རླབས་ཕྱིར།། དེ་དོན་དབྱེ་བ་ཤིན་ཏུ་གཅེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་གདམས་ངག་རྣམ་བཞི་སྟེ།། དང་པོ་གཞི ་ངེས་ལྟ་བ་ལ།། སྣང་བ་མ་བཅོས་ཆོས་ཀྱི་དབྱིངས།། གོལ་ས་སྤོང་སྡུད་ཞེན་པ་སྟེ།། སྤོང་བ་དུག་དང་ཚེར་མ་འདྲ།། རང་ལུས་འབྱུང་བའི་དུག་ལྔ་ལ།། མི་རུང་བློ་ཡིས་སྤོང་བྱེད་པ།། གཉེན་པོ་མི་རྟག་བདག་མེད་དུ།། ་ཆེད་དུ་སྡུག་བསྔལ་སྤོང་བར་འདོད།། ཉོན་མོངས་རིས་སུ་སྤོང་བྱེད་པ།། རང་ལ་ཉོན་མོངས་གང་ཆེ་བ།། ཁ་བཀའ་གཉེན་པོས་སྤང་བར་བྱེད།། གཉེན་ལ་ཉེ་རིང་བྱེད་པ་འདྲ།། ཉོན་མོངས་རྒྱུ་འབྲས་སྤོང་བྱེད་པ།། ་དགེ་བསྒྲུབ་སྡིག་སྤོང་འབྲས་བུ་ཚོལ།། བླང་དོར་རེ་དོགས་རྩོལ་བ་བྱེད།། འཇིག་རྟེན་སོ་ནམ་བྱེད་པ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྡུད་པའི་རྟོག་པ་བསྟན་པ་ནི།། ཡུལ་སེམས་གཉིས་མེད་འདོད་པའི ་ཆོས།། ཐམས་ཅད་རང་གི་སེམས་སུ་བསྡུ།། ཡུལ་སེམས་གཅིག་ཏུ་འདྲེ་མི་སྲིད།། བུ་རམ་རང་གིས་རོ་མི་མྱོང་།། སེམས་ཉིད་རང་སྣང་འདོད་པ་དེ།། ཕྱི་ནང་སེམས་ཀྱི་ཆོ་འཕྲུལ་གྱིས།། སྣང་བ་མ་ངེས་སྣ་ཚོགས་པ།། ་ཆུ་ནང་ཟླ་བ་ངོས་ཟིན་འདྲ།། ཆོས་ཀུན་སྟོངས་པར་འདོད་པ་དེ།། རང་གི་སེམས་ཀྱི་ཡུལ་གཞིག་ཀྱང་།། སྟོང་པར་སོང་བ་ཅི་ཡང་མེད།། སྲིན་འབུས་རི་རབ་བསྲེག་པ་འདྲ།། ཆོས་ཉིད་དོན་ནི་གང་རུང་ལ།། སྨྲར་མེད ་བརྗོད་དུ་མེད་པར་འདོད།། གཡོ་སྒྱུ་ཅན་ནི་ཁས་མི་ལེན།། ཚུལ་འཆོས་ཅན་གྱི་སེམས་དང་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡུལ་ལ་ཞེན་པའི་རྟོག་པ་དེ།། དང་པོ་གྲུབ་མཐའི་བློས་མ་བསྒྱུར།། མ་རིག་དབང ་གིས་འཁྲུལ་པ་རྒྱས།། འཁོར་འདས་མི་ཤེས་གཏི་མུག་གིས།། ངོ་མི་ཤེས་པ་ཕྲད་པ་འདྲ།། ཡུལ་ལ་ཡེངས་པའི་རྟོག་པ་ནི།། ལྷ་མི་རྣམས་ནི་ཤེས་པ་བཅིངས།། ཁ་དོག་དབྱིབས་ཀྱི་འདོད་ཡོན་ལ།། རྟོག་པ་མང་བས ་སྤྱོད་པ་ཡེངས།། རྨ་བྱས་མདངས་ལ་བལྟ་བ་འདྲ།། ཆོས་བརྒྱད་དམ་པར་བལྟ་བ་དེ།། བསྟོད་སྨད་ལ་སོགས་ཆོས་རྣམས་ལ།། དམ་པར་ཞེན་པའི་བློ་འཛིན་པས།། རང་རྒྱུད་གོལ་ས་ཡིན་པར་ངེས།། བུ་གཅིག་པ་ཡི། ་ཕ་མ་འདྲ།། སྐྱེ་རྒ་ན་འཆིས་མི་འཇིགས་པའི།། མ་རིག་བླུན་པོ་ཞེ་སྡང་ཅན།། གཟུང་འཛིན་འདི་ཡི་རྟོག་པས་ཕུང་།། ཕྱི་མ་དམྱལ་བས་མི་འཇིགས་པས།། རྒྱལ་པོས་བསྒོ་བའི་གཤེད་མ་འདྲ།། དེ་ཡང་འདུས་པའི ་སྙིང་པོ་ཉོན།། སྤོང་སྡུད་ཞེན་པ་དེ་དག་ཀྱང་།། གཞི་ལ་མེད་པར་མ་ཤེས་པས།། འཁྲུལ་པའི་ཆོས་ལ་བདེན་འཛིན་ཕྱིར།། སྣང་བ་ཆོས་དབྱིངས་གོལ་སར་གསུངས།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས།། ་ཆོས་ཀྱི་དབྱིངས་ཀྱི་གལས་བསྟན་པའི་ལནྡཿབཅུ་དྲུག་པའོ།། ། ཀུན་རིག་སྟོན་པས་ཡང་གསུངས་པ།། སྣང་བ་མ་བཅས་ཆས་དབྱིངས་ནི།། ཐེང་འག་བར་གྱི་དབྱེ་བའི་ཕྱིར། ་ཆོས་ཀྱི་དབྱིངས་ནི་བསྟན་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྟེང་གི་ཆོས་དབྱིངས་ཆོས་སྐུར་གཅིག། བར་དུ་ཡེ་ཤེས་སྒྱུ་མའི་དབྱིངས།། འོག་ཏུ་སྣང་བ་འབྱུང་བའི་དབྱིངས།། གཅིག་ལ ་ཐ་དད་ངོས་ཟིན་ན།། འགལ་བ་མེད་དེ་ཀུན་ཀའི་དབྱིངས།། ད་ལྟ་སྣང་བའི་ཆོས་རྣམས་ལ།། མི་བརྟག་མི་གཟུང་མི་འབྲང་བར།། སྒོ་ལྔ་མི་དགག་རང་ཡིན་ལ།། རིག་པ་གང་དྲན་དབྱིངས་ནས་འཕྱོ།། ་གང་ཡང་རུང་བ་ཅི་ལ་ཡང་།། སྒྲོ་སྐུར་མེད་པ་ཆོས་དབྱིངས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རིག་པ་དངོས་མེད་ཆོས་སྐུ་ཡི།། གནས་ནི་ནམ་མཁའི་ཀློང་ན་འཕྱོ།། ཡིན་དང་མིན་གྱིས་ཅི ་ཞིག་བྱ།། ཆོས་ཀྱི་དབྱིངས་ཞེས་དེ་ལ་གདགས།། འཁྲུལ་པའི་རྟོག་པས་གཞི་མི་འགྱུར།། བཙལ་བའི་བསམ་པས་དབྱིངས་མི་བསྐྱོད།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད། རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས།། ་གོལ་མེད་སྣང་བ་མ་བཅོས་ཆོས་ཀྱི་དབྱིངས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། རིག་པ་མ་བསླད་ཆོས་སྐུ་ཡི།། རང་བཞིན་ངོ་བོ ་ཉིད་ཀྱི་སྐུ།། རྒྱུ་རྐྱེན་མ་བསྐྱེད་འགྱུར་བ་མེད།། འདུས་མ་བྱས་པའི་ནམ་མཁའ་འདྲ།། དེ་ཡི་རྟོགས་ཚུལ་ཡེ་ཤེས་ཏེ།། བསྒོམ་སྦྱིན་སྒྲོ་སྐུར་མ་བཏགས་པ།། ཀུན་བཟང་རང་རིག་ཆོས་སྐུར་རྟོགས།། རི་པོ་ཏ་ལའི་ཉི ་ཤར་འདྲ།། དེ་ཡིས་དེ་ཉིད་མཚོན་པའི་དང་།། མཐའ་དབུས་མེད་པས་ནམ་མཁའ་འདྲ།། རྣམ་རྟོག་འཇོམས་པས་རྡོ་རྗེ་འདྲ།། སྐྱེ་བ་མེད་པས་ཨ་དང་འདྲ།། དེ་ཡི་ངེས་པའི་གཏན་ཚིགས་ནི།། རང་བྱུང་འཁོར་བར ་འཁྱམས་མ་མྱོང་།། དེ་རྟོགས་ད་ལྟ་ཉིད་དུ་ཡང་།། མཐའ་བྲལ་མངོན་གྱུར་བདེན་པ་མཐོང་།། དེ་ཡི་ལྡོག་ཐབས་ངེས་པ་ནི།། མཐུན་དང་མི་མཐུན་གཉིས་ལོག་པས།། གོལ་སྒྲིབ་སྐྱོན་གྱིས་མ་གོས་ཕྱིར།། སེམས་ལས ་མ་བྱུང་ཆོས་སྐུར་གསུངས།། དེ་ཡི་མཚན་ཉིད་ངེས་པ་ནི།། གང་དང་འདྲ་མེད་ཡིན་པ་མེད།། ཡིན་ནི་ད་ལྟའི་ཤེས་པ་ལ།། དེ་ཡི་དོན་ཀུན་གནས་པའི་དོན།། དེ་ཕྱིར་འབྲལ་བ་མེད་པའི་མཆོག། ལ་བཟླས་སྤང་བླང ་མེད་ཤེས་པས།། སྐྱོན་ཡོན་ཐམས་ཅད་མེད་པར་དག། དེ་ཕྱིར་དུས་འདིར་འབྲས་བུ་འགྲུབ།། ཕྱི་མར་སངས་རྒྱས་སྨོས་ཅི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་དབྱིངས་ཆོས་སྐུ་གཅིག་གི་ངང་།། རང་བྱུང ་རིག་པའི་ཡེ་ཤེས་དེ།། ཉི་ཟླ་གཟས་ཟིན་དཔེ་བཞིན་དུ།། དོན་ཀུན་དུས་གཅིག་ཡོན་ཏན་རྫོགས།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། རིག་པ་མ་བསླད་ཆོས་ཀྱི་སྐུར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད ་པའོ།། །། ཀུན་རིག་སྟོན་པས་ཡང་གསུངས་པ།། མ་བསྒོམས་འབྲལ་མེད་བསྟན་པའི་དོན།། དང་པོ་ཀུན་གཞི་ཤན་ཕྱེ་ལ།། བར་དུ་ཆོས་སྐུ་ངོས་བཟུང་བ།། ཐ་མ་ལ་ཟློས་བདེན་པ་མཐོང་།། དེ ་ཡང་འདུས་པའི་སྙིང་པོ་ཉོན།། དང་པོ་རང་རིག་ཀུན་གཞི་ནི།། སྔ་ཕྱི་རྟོགས་དང་ཆོས་སྐུ་རུ།། ལུང་ལྡན་བླ་མས་ཤན་ཕྱེ་ལ།། ཐ་མས་བརྟེན་བཅས་མ་བསྒྲིབས་པའི།། མཚན་ཉིད་བཞི་ལྡན་ཆོས་སྐུར་ཤེས།། གོལ་ས ་བཞི་ཆོད་གདེང་དང་ལྡན།། དེ་ཕྱིར་ལྷག་མཐོང་ངེས་པ་རྙེད།། ཡེ་ནས་གནས་པའི་རང་བྱུང་དེ།། ངོ་ཤེས་དོན་དང་འབྲལ་མེད་ཕྱིར།། རྒྱུན་དུ་གནས་པས་སངས་རྒྱས་སོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག ་བསྒོམ་པའི་དབྱེ་བ་ནི།། གསལ་བ་མི་རྟོག་མི་གཡོ་བ།། དབྱེ་བ་རྣམ་པ་དགུ་དགུར་ནི།། རྒྱུན་དུ་འབྲལ་མེད་གཏན་ལ་འབེབས།། དེ་དག་རྩ་བ་མདོར་བསྡུ་ན།། སྒོ་ལྔ་གསལ་བ་མར་མེ་འདྲ།། རིག་པ་མི་གཡོ་མཚོ ་གཏིང་འདྲ།། མི་རྟོག་བྱ་བ་བཏང་བ་འདྲ།། དེ་གསུམ་ཆོས་ཉིད་གཅིག་ལ་རྫོགས།། གང་མཐོང་དྲན་པ་མ་འཁྲུལ་པ།། ཆོས་སྐུ་ངོས་ཟིན་དོན་ལྡན་པས།། དེ་ཕྱིར་ཐིག་ལེ་ཉག་གཅིག་ལ།། མ་འདུས་པ་ནི་གཅིག་ཀྱང ་མེད།། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། རྒྱུན་ཏུ་འབྲལ་མེད་ཀྱི་བསྒོམ་པ་ངོས་གཟུང་བསྟན་པའི་ལེའུ་སྟེ་བཅུ་དགུ ་པའོ།། །། ཀུན་རིག་སྟོན་པས་ཡང་གསུངས་པ།། རྒྱུན་དུ་འབྲལ་མེད་རིག་སྤྱོད་ནི།། དུས་ནི་བཞི་གསུམ་གསུངས་པ་ཡང་།། སྤྱི་ཡི་མཚན་ཉིད་ཡིན་པའི་ཕྱིར།། ཚིག་ཏུ་བདེན་ཏེ་དོན་ལས་གོལ།། དེ་ཡང་རྡོ་རྗེ ་སེམས་དཔའ་ཉོན།། ཡེ་ཤེས་རང་ཤར་གདམས་ངག་གིས།། ཡུལ་ནི་མ་ཡེངས་དྲན་པ་དེ།། མ་འཁྲུལ་རིག་པ་ཆོས་སྐུར་ཤེས།། དེ་ཕྱིར་གདམས་ངག་དུས་འདིར་རྟོགས།། མངོན་གྱུར་སངས་རྒྱས་ད་ལྟ་ཉིད།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། དང་པོ་རིག་སྤྱོད་དབྱེ་བའི་དོན།། རྒྱུ་དང་གོལ་ས་གདམས་ངག་དང་།། ཉམས་དང་ལ་བཟླ་འབྲས་བུ་སྟེ།། རེ་རེ་ལ་ནི་དྲུག་དྲུག་ཏུ།། ཕྱེ་ལ་བསྟན་གྱིས་ཡིད་ལ་ཟུང་།། བདེ་བའི་ཡེ་ཤེས ་རྣམ་གསུམ་གྱི།། ནང་གི་བདེ་བ་རྐྱེན་ཐུབ་གྲངས།། བལྟ་མེད་བཞི་གནས་འགོག་པ་ལ།། བདག་མེད་མི་གཡོ་རྣམ་གསུམ་གྱི།། རང་ཡན་ལྷག་མཐོང་མི་བརྗེད་གཟུང་།། མཐའ་བྲལ་ཡེ་གསལ་གདེང་གིས་ཟིན།། ་བདག་ཉིད་གཞི་ལ་མེད་པར་ཤེས།། དེ་ཉིད་བདེ་གསལ་ཡེ་ཤེས་སྐུ།། འདུ་འཛི་ལོངས་སྤྱོད་བདེ་བ་ནི།། ཡོ་བྱད་རྣམ་གསུམ་ལྡན་པ་སྟེ།། འདོད་ཡོན་ལྔ་ལ་རང་རྒྱུད་ཞེ་ན།། གང་མཐོང་མ་འཁྲུལ་དོན་ཤེས་པས།། ་གང་ཡང་མྱོང་བ་རིག་པར་ཤེས།། བདག་གཞན་གཞི་ལ་མ་གྲུབ་པས།། བདེ་བ་ལོངས་སྤྱོད་ཆོས་ཉིད་རྒྱན།། ཕོ་མོ་བདེ་བའི་གྲངས་བསྟན་པ།། འགྲོ་བ་བཟང་མོར་ཡིད་ཆགས་པ།། ཐབས་དང་རང་རྒྱུད་ཆགས་སྤྱོད ་གོལ།། སྔ་ཕྱིར་མ་ངེས་དོན་ཟིན་པའི།། དེ་ཚེ་བདེ་བའི་མཐར་མ་ལྟུང་།། ཕོ་མོ་གཞི་ལ་གྲུབ་པ་མེད།། ལུས་བདེ་ལོངས་སྤྱོད་རིག་པའི་སྒྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་བདེ་བ་རྣམ ་གསུམ་ཡང་།། སྤྱོད་བདེ་དོན་དངོས་སྤྱད་གྱུར་ཀྱང་།། གནས་སྐབས་འབྲེལ་ཡོད་མཐར་ཐུག་མེད།། དེ་ཕྱིར་གདེང་ཟིན་ཀུན་གྱིས་སྤྱོད།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། བདེ་བ་ཡེ་ཤེས་སུ་རྐྱེན་ཐུབ་པར ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། ། ཀུན་རིག་སྟོན་པས་ཡང་གསུངས་པ།། སྡུག་བསྔལ་སྣ་ཚོགས་འབྱུང་བ་གསུམ།། དེ་ལ་ཕྱི་ལུས་སྡུག་བསྔལ་གྲངས།། ནད་ནི་བཞི་བརྒྱ་རྩ་བཞི་ལ།། ཡེ་འགྲོག་འཁང་པ་རྣམ ་གསུམ་ཡིན།། གང་ན་ལྷག་མཐོང་དོན་གྱིས་ཟིན།། དེ་ཚེ་མཐའ་འབྲལ་ཆོས་སྐུར་མཐོང་།། ལུས་དང་ན་ཚ་གཞི་ལ་མེད།། སྡུག་བསྔལ་དེ་ཉིད་སྦྲུལ་སྐུར་ཤར།། སེམས་ཀྱི་སྡུག་བསྔལ་གྲངས་གསུངས་པ།། ཆགས ་སྡང་རྣམ་གཉིས་ཡིན་པའི་ཕྱིར།། གོལ་སར་སྐྱོན་བཞི་དམ་པར་འཛིན།། མི་གཞིག་མི་བཅོམ་དྲན་པས་ཟིན།། གང་ལ་ཞེན་ཙམ་རིག་པས་ཟིན།། དེ་ཙམ་ཉིད་ན་གཞི་ལ་མེད།། དེ་ཚེ་སྡུག་བསྔལ་སྤྲུལ་པར་ཤེས།། སྤྱི ་ཡི་སྡུག་བསྔལ་རྣམ་བཞིའོ།། མ་རིག་རྐྱེན་བཞི་བསྐྱེད་པ་ཡི།། ཉོན་མོངས་བག་ཆགས་བསགས་པས་གོལ།། སྔ་ཕྱི་མེད་ཤེས་གདམས་ངག་གིས།། མཚན་ཉིད་བཞི་ལྡན་ཉམས་སུ་མྱོང་།། གཞི་ལ་སྔ་ཕྱི་དོན་ལ་མེད།། ་ཕྱིར་འབྲས་བུ་ཆོས་ཀྱི་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྡུག་བསྔལ་ཉིད་ཀྱང་བདེ་བའི་ཀློང་།། དོན་ལ་ཡེ་ཤེས་འདུ་འབྲལ་མེད།། ད་ལྟའི་རིག་པ་འདི་ཉིད་ཡིན།། དེ་ཕྱིར་སྡུག་བསྔལ་བདེ་བའི་ཀློང་།། ཀུན་ཏུ ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། སྡུག་བསྔལ་ཞི་བྱེད་ཆོས་སྐུར་རྐྱེན་ཐུབ་པར་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བཏང་སྙོམས་རང་བཞིན་རྐྱེན་ཐུབ་གྲངས།། ལེ ་ལོ་སྙོམས་ལས་ལུང་མ་བསྟན།། བཏང་སྙོམས་ཤེས་པ་མ་རིག་བསྒྲིབས།། ཤན་ཕྱེད་ངོས་ཟིན་ཡིད་ཆེས་པས།། རང་རིག་འབྲལ་མེད་ཉམས་དང་ལྡན།། མ་རིག་མེད་ཕྱིར་བཏང་སྙོམས་མེད།། ལྷག་མཐོང་འབྲས་བུ ་བདེན་པ་མཐོང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཉིད་ནི་ཆོས་སྐུ་ཀློང་ཐིམ་གྱིས།། བག་ཉལ་གཞི་གནས་མ་རིག་པས།། རྨི་ལམ་རྣམ་གསུམ་ཡུལ་ལ་ཞེན།། ལྡོག་ཀ་སད་དུས་དེ་ཉིད་ཤེས།། དེ་ཙམ་ཉིད་ན ་ཉམས་མྱོང་གསལ།། དོན་ལ་རྨི་ལམ་གྲུབ་མེད་རྟོགས།། འབྲས་བུ་མི་རྟོག་ཆོས་སྐུར་ཤར། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། བཏང་སྙོམས་གཉིད་ཡེ་ཤེས་ཀློང་ཐིམ་དུ་བསྟན་པའི་ལེའུ་སྟེ་ཉེར་གཉིས ་པའོ།། །། ཀུན་རིག་རྒྱལ་པོས་ཡང་གསུངས་པ།། གཏི་མུག་རང་གྲོལ་བསྟན་པའི་གྲངས།། མ་རིག་ཤེས་གཞི་ལུང་མ་བསྟན།། གང་ཡང་མི་ཤེས་གཏི་མུག་སེམས།། ལུང་ལྡན་སྒྲོན་མས་དོན་བསྟན་པས།། ་རང་རིག་ཆོས་སྐུ་ཡིད་ལ་བསྟར།། གཞི་དང་ཕྲད་པས་མུན་པ་བརླག། འབྲས་བུ་ཆོས་ཉིད་ཐམས་ཅད་མཁྱེན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཞེ་སྡང་རང་གྲོལ་གྲངས་བསྟན་པ།། ཡུལ་ངན་ཁ་དོག ་སྨྲ་བ་ལ།། ཞེ་སྡང་སེམས་དཀྲུགས་བཟོད་པ་ཉམས།། མི་བསམ་ཡུལ་གྱི་རྗེས་མི་གཅོད།། དེ་དུས་རྟག་ཆད་མཐའ་བྲལ་ཉམས།། བདག་གཞན་གཞི་ལ་གྲུབ་པ་མེད།། འབྲས་བུ་རང་རིག་སྦྲུལ་སྐུར་ཤར།། ང་རྒྱལ ་རེངས་བྱེད་གྲངས་བསྟན་པ།། གཞན་དག་བརྡེག་བསད་སྨྲ་བ་ལས།། ང་བདེན་རྨོངས་པ་ཆེད་དུ་བྱེད།། གང་ཡང་བདེན་མེད་དོན་དྲན་པས།། དེ་ཉིད་རིག་པར་ཤེས་པའི་ཉམས།། ཚིག་གིས་ཆེས་ཆུང་གཞི་ལ་མེད།། ་དོན་ལྡན་ང་རྒྱལ་ཆོས་སྐུར་ཤར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྲག་དོག་རང་གྲོལ་གྲངས་བསྟན་པ།། གཞན་གྱི་ཕུན་སུམ་ཚོགས་པ་ལ།། གཡོ་སྒྱུས་གཞན་ལ་ཐབས་ཀྱིས་སྨོད།། བདག་དང་གཞན་མེད་ཆོས ་ཀྱི་སྐུ།། ཕྲག་དོག་རང་གྲོལ་ཆོས་སྐུར་མྱོང་།། དེ་ཙམ་ཉིད་ན་བདག་གཞན་མེད།། གཡོ་སྒྱུ་མ་བྲལ་ལོངས་སྤྱོད་རྒྱན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དངོས་པོ་མ་འཁྲུལ་གནས་ལུགས་ལ།། ཚོར་བ་བདེ་སྡུག་ཅི ་བྱུང་ཡང་།། དེ་དུས་ཆོས་སྐུར་ཉམས་སུ་མྱོང་།། དེ་ཚེ་ཡུལ་དང་འབྲེལ་མེད་ཤེས།། དེ་ཕྱིར་རྐྱེན་ཐུབ་བསྒོམ་མི་དགོས།། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས།། ་དུག་ལྔ་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །། ཀུན་རིག་སྟོན་པས་ཡང་གསུངས་པ།། སྲིད་པའི་བར་དོ་རྣམ་ལྔ་ལ།། མ་རིག་འཁྲུལ་པའི་བར་དོ་དང་།། ཀུན་བརྟགས་དགེ་བའི་བར་དོ་དང་།། ་གནས་འགྱུར་ལྷ་ཡི་བར་དོ་དང་།། རྣམ་ཤེས་རླུང་ཞོན་པར་དོ་དང་།། མངོན་གྱུར་ཡེ་ཤེས་པར་དོའོ།། མ་རིག་འཁྲུལ་པའི་བར་དོ་ནི།། རྒྱུ་ནི་མ་རིག་རྣམ་གསུམ་སྟེ།། རྐྱེན་ནི་ཆགས་སྡང་གཉིས་ཀྱིས་གོལ།། གོལ་ས ་བར་དོར་ལུས་གསུམ་འདུས།། སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་།། སྐྱེ་རྒས་སྡུག་བསྔལ་ཟད་དུ་མེད།། དེ་ལས་ཐར་ཅིང་ལྡོག་འདོད་པས།། ཀུན་བརྟགས་དགེ་རྩ་འདིར་བྱས་པས།། དགེ་བཅུ་སྦྱིན་སོགས་དད ་པས་སྤྱད།། ཕྱི་མར་འབྲས་བུ་འདོད་པའི་བློས།། རྒྱུ་མཐུན་བག་ཆགས་མཐུ་བརྟས་པས།། ལྷ་དང་མི་ཡི་གོ་འཕང་ཙམ།། སྨོན་ལམ་དབང་གིས་མཐའ་བཙན་ཀྱང་།། དགེ་བའི་སྟེགས་ཟད་འཁོར་བར་འཁྱམས།། དེ ་ཡང་འདུས་པའི་སྙིང་པོ་ཉོན།། གནས་འགྱུར་ལྷ་ཡི་བར་དོ་ལ།། རྟོགས་དང་ལྷ་གསལ་དུས་མཉམ་ནས།། སྐུ་གསུམ་གཅིག་ལ་གཅིག་ཚང་ནས།། འབྲས་བུའི་སངས་རྒྱས་དུས་དེ་ཉིད།། མ་རྟོགས་ལྷ་བསྒོམ་རཱུ་ཏྲར ་སྐྱེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྣམ་ཤེས་རླུང་ཞོན་པར་དོ་ལ།། ཕྱི་ནང་རླུང་གི་བདེ་གོམས་པས།། ཕག་མོ་ལ་སོགས་འཕོ་བ་བདུན།། འོད་གསལ་ཡེ་ཤེས་སྐུར་འདོད་པ།། ཐབས་ལམ་ཡིན་ཕྱིར་ངེས་དོན ་མིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མངོན་གྱུར་ཡེ་ཤེས་པར་དོ་ལ།། རྒྱུ་ནི་ལུང་ལྡན་གདམས་ངག་སྟེ།། བྱིན་རླབས་རྗེས་དྲན་རྣམ་དྲུག་གིས།། མ་རིག་སངས་ལ་རིག་པ་རྒྱས།། ཐམས་ཅད ་མཁྱེན་པའི་འབྲས་བུར་ལྡན།། འགྲོ་དོན་གཟུགས་སྐུ་ཤུགས་ལ་འཆར།། བཙལ་བ་མེད་པར་དོན་རྣམས་གྲུབ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད། རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས།། ་སྲིད་པ་བར་དོ་ལ་སྐྱེ་བ་ཕྱིས་མི་ལེན་པར་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ལྟར་མ་རྟོགས་བྱིན་བརླབས་པས།། དབུ་མ་མན་ཆད་ལྟ་སྒོམ་སྟེ།། འཁོར་འདས་ཆོས་ཀུན ་སེམས་སུ་བསྡུས།། རིག་པས་རྟག་ཆད་མཐའ་བསལ་ཏེ།། མི་དམིགས་ཙམ་ལ་བསྒོམ་པའི་ཐབས།། བྱིང་རྒོད་གཉིས་ཀྱི་སྐྱོན་བསལ་ལ།། ཏིང་ངེ་མེར་རེ་རང་གསལ་ཙམ།། ཡང་ནས་ཡང་དུ་གོམས་པར་བྱེད།། ་མཐུན་འཇུག་ཐབས་ཀྱི་སྤྱོད་པ་ཡང་།། འོག་མའི་ཆོས་དང་སྒོ་བསྟུན་ཕྱིར།། དགེ་སྡིག་ཤན་མདངས་ཕྱེད་པར་སྤྱོད།། དེ་ཚེ་དོན་གྱིས་ཟིན་པར་བྱ།། ལྷ་སྒོམ་སྤྱོད་པ་འཛོམ་པའི་ཚེ།། འབྲས་བུ་ཚོགས་གཉིས་ནམ ་རྫོགས་ན།། སྒྲིབ་གཉིས་སྦྱངས་ནས་སངས་རྒྱས་འདོད།། དེ་ལས་ལྷག་པའི་ཆོས་མེད་ཟེར།། རི་དྭགས་སྨིག་རྒྱུ་བསྙེགས་ལྟར་འཁྲུལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐབས་ཀྱིས་རིག་པ་བྱིན་བརླབས་པ།། སྨན ་དང་ཡིག་འབྲུ་དབང་གི་དུས།། རྩ་དང་ཐིག་ལེ་བདེ་བསྒོམ་པས།། ཤེས་པ་འགྱུར་ནས་བདེ་ལ་ཞེ་ན།། དེ་ཕྱིར་མི་གྲོལ་ཤིན་ཏུ་འཆིང་།། མི་རྟོག་ཐབས་ཀྱི་བདེ་འདོད་གོལ།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད ་ལས། འོག་མའི་བསྒོམ་པ་གོལ་བར་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །། ཀུན་རིག་སྟོན་པས་ཡང་གསུངས་པ།། ལྷ་མེད་གཞི་གནས་ཞེན་པ་ལ།། བདུད་བྱུང་བར་ཆད་ཞེན་ལས་བྱུང་།། ཟིལ་གནོན་གདམས ་ངག་ངས་བཤད་ཉོན།། རྣལ་འབྱོར་ལྟ་མེད་ཉམས་ཞེན་པ།། བདུད་ཀྱི་ཆོ་འཕྲུལ་མངོན་ཤེས་འབྱུང་།། དེ་ཚེ་ལྟ་སྒོམ་སྤྱོད་ཉམས་བདུད།། བར་དུ་བཅད་ནས་འཁོར་བར་འཁྱམས།། དེ་བཟློག་དོན་དུ་གདམས་ངག ་གིས།། བཅོ་བརྒྱད་ཡོན་ཏན་ཆེན་པོ་ནི།། ཟིལ་གནོན་རྟོགས་དང་འབྲས་བུ་ཡིས།། དོན་ལྡན་ངེས་པའི་སངས་རྒྱས་འབྱུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་བའི་བདུད་ནི་རྣམ་བཞི་སྟེ།། སྣང་བ་འོད་དང་གྲག ་པ་སྒྲ།། འཇིགས་པ་གཟུགས་དང་བསླུ་བ་རྫུན།། རེ་རེ་ལ་ནི་དྲུག་དྲུག་ཏུ།། རྒྱུ་དང་ཞུགས་པ་ཉེས་དམིགས་དང་།། ཟིལ་གནོན་རྟགས་དང་འབྲས་བུར་གསུངས།། སྣང་བ་འོད་ཀྱི་བདུད་བྱུང་ན།། ལྟ་བ་མུན་ལས་སྣང ་འབྱུང་བས།། དགེ་སྡིག་མཐོང་བས་སྙིང་རྗེ་ཞུགས།། འགྲོ་དོན་བྱ་མནོ་ཏིང་འཛིན་བཏང་།། དངོས་མེད་ལྷག་མཐོང་མི་གཡོ་དྲན།། གཞི་ལ་མེད་པས་གཞའ་ཚོན་འདྲ།། དམྱལ་བའི་གནས་ཀྱང་སངས་རྒྱས་ཞིང་།། དེ ་ཡང་འདུས་པའི་སྙིང་པོ་ཉོན།། གྲག་པ་སྒྲ་ཡི་བདུད་བྱུང་ན།། མཁའ་ལ་སྒྲ་དང་ཆོས་སྟོན་འབྱུང་།། དགའ་བས་ངོམས་ཞིང་ཏིང་འཛིན་བཏང་།། གདེང་བྲལ་བསྡུ་ཞིང་བདུད་དབང་སོང་།། བཀའ་འགལ ་ཆོས་བརྒྱད་འཁོར་བར་ལྟུང་།། ལྟ་བའི་གདང་ཟིན་སྒྲ་དང་བྲལ།། སྒྲ་སྙན་རྟགས་མེད་རྗེས་མི་འབྲང་།། ཚེར་ལྷང་གསུང་གི་འཁོར་ལོ་བདེ།། འཇིགས་པ་གཟུགས་ཀྱི་བདུད་བྱུང་ན།། རྨི་ལམ་དངོས་སུ་འཇིགས་པའི ་གཟུགས།། མི་དགའ་དོན་བྲལ་མོ་ཆོག་བྱེད།། སེམས་ངན་ཚེ་ཐུང་ཡི་ཆད་ལྟུང་།། སྣང་གཟུགས་གཞི་ལ་མེད་པར་ཤེས།། སྙིང་པོ་མེད་ཤེས་ཉམ་མི་ང་།། དེ་ཉིད་ཐུབ་དྲུག་སྦྲུལ་སྐུར་ཤེས།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། བསླུ་བ་རྫུན་གྱི་བདུད་བྱུང་ན།། དུས་གསུམ་ཉེས་ལེགས་སྟོན་པ་འབྱུང་།། བདེན་དང་མི་བདེན་ཐ་མ་རྫུན།། མངོན་ཤེས་རྡུགས་པས་ཞེ་སྡང་སྐྱེ།། ཚིག་ལས་འདས་ཕྱིར་རྫུན་མ་གྲུབ།། རྨི་ལམ་བཞིན་དུ་འཁྲུལ ་པར་ཤེས།། དོན་རྟོགས་ཅི་སྨྲས་རྒྱལ་བའི་བཀའ།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། ལྟ་བའི་བདུད་ཟིལ་གྱིས་གནོན་པའི་རྟགས་དང་འབྲལ་བུ་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། །། ཀུན་རིག་སྟོན ་པས་ཡང་གསུངས་པ།། བསྒོམ་པའི་བདུད་ནི་རྣམ་བཞི་ཡི།། བྱིང་བ་གསལ་བའི་བདུད་བྱུང་ན།། དོན་མེད་ནན་ཏན་འབད་ནས་བསྒོམ།། མྱོས་པའི་དབང་གིས་གསལ་བ་བྱིང་།། གཉེན་པོ་གསལ་བའི་དོན་དང་བྲལ།། ་གཉིད་གསུམ་བསྲེས་པས་གཏི་མུག་བརླག། ཆོས་ཉིད་ཀློང་དུ་གཉིད་ཐིམ་ཤེས།། སངས་རྒྱས་ཡེ་ཤེས་ཀློང་དུ་བྱིང་།། རྨུགས་པ་བདེ་བའི་བདུད་བྱུང་ན།། ལུང་ལྡན་ཆོས་སྐུ་ངོས་མ་ཟིན།། ཤེས་པ་བླུན་པོ་ལྷག་མཐོང ་མེད།། བསྒོམ་པ་བྱས་ཀྱང་གཏི་མུག་འཕེལ།། རང་རིག་དྲན་པས་ཡེ་ཤེས་གསལ།། ལྟ་བས་ཟིན་ཕྱིར་བདེ་བར་ཤར།། འབྲས་བུ་ཡེ་ཤེས་འགྱུར་མེད་ཀློང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒོད་པ་མི་རྟོག་བདུད ་བྱུང་ན།། གདམས་ངག་མེད་ཕྱིར་འདུས་པར་དགའ།། དོན་བཏང་ནས་ནི་མི་ཆོས་བྱེད།། སྤོང་སྡུད་ཞེན་པ་སྣ་ཚོགས་བྱེད།། སྔ་ཕྱི་རིག་པའི་དོན་ཟིན་ཕྱིན།། བ་མོར་ཉི་ཤར་བཞིན་དུ་སྟོངས།། གདེང་ཟིན་ཆོས ་དབྱིངས་གནས་ཀྱི་མཆོག། འཕྲོ་བ་མི་གཡོའི་བདུད་བྱུང་ན།། དོན་ལ་གོམས་པར་མ་བྱས་པས།། རིག་ཚོར་དྲན་པ་ཕྲ་མོ་རྒྱུ།། དོན་མེད་རྐུན་བུ་ཡང་ཡང་ལྡང་།། མི་བརྗེད་དྲན་པའི་གཟུངས་ཀྱིས་ཟིན།། རྣམ་རྟོག་རང ་ཞི་རིག་པ་གསལ།། ཐམས་ཅད་ཆོས་སྐུ་འབྲས་བུ་མཆོག། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། སྒོམ་པའི་བདུད་ཟིལ་གྱིས་ནོན་པའི་རྟགས་དང་འབྲས་བུ་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། །། དེ ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། བྱ་བ་འདུ་འཛི་ལོངས་སྤྱོད་བདུད།། ཉམས་དགར་ཞེན་པ་གནས་ཀྱི་བདུད།། བསླབ་པའི་ཡོན་ཏན་གཡེང་བའི་བདུད།། འཁོར་ངན་སེམས ་དཀྲུགས་བདུད་དང་ནི།། དེ་དག་སྤྱོད་པའི་བདུད་བཞིར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འདུ་འཛི་ལོངས་སྤྱོད་བདུད་དབྱེ་ན།། མན་ངག་མེད་པར་ཚུལ་འཆོས་བྱེད།། མི་རྣམས་སྨོན ་འདོད་གཞན་སེམས་འཛིན།། དོན་པོར་བདག་འཛིན་ཕྲག་དོག་ལྟུང་།། དེ་དག་དགྲར་ཤེས་ཞེན་པ་ཆུང་།། བུ་བཞིན་ཆགས་མེད་དོན་གྱིས་ཟིན།། ལོངས་སྤྱོད་རང་གྲོལ་རོལ་པར་རྟོགས།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། ཞེན་ཆགས་གནས་བདུད་དབྱེ་བ་ནི།། ཐོས་ཆུང་མཁས་ཆེས་ཉམས་དགའ་བརྩིག། བཀྲ་ཤིས་འདྲེ་མེད་ལྷ་ཡོད་ཟེར།། འདྲེ་བརྟེན་མཐུ་ཡོད་གཞན་ལ་བསྡིགས།། གནས་ལ་མ་ཆགས་ངེས་མེད་ཤེས།། བདག ་གཞན་གཞི་ལ་མེད་པར་རྟོགས།། གང་དུ་འདུག་པ་འོག་མིན་གནས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡོན་ཏན་གཡེང་བདུད་དབྱེ་བ་ནི།། རིག་པ་ལྔ་ལྡན་བཀུར་སྟི་ཞེ་ན།། དོན་པོར་རང་དོན་རང་རྒྱུད་གོལ།། ་ཞེན་ལོག་དྲན་ཟིན་ཟིལ་གྱིས་མནན།། བདུད་མེད་ཡེ་ཤེས་སྐུལ་མར་ཤེས།། གཡེང་བས་བདག་གཞན་ཆོས་སྐུར་གྲུབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་ངན་སེམས་དཀྲུགས་བདུད་དབྱེ་ན།། ལྷ་དམན ་འཁོར་ལ་གདུང་དྲགས་པས།། འགྲན་སེམས་མཆོག་ཤེས་མེད་པར་འདོད།། དད་ལོག་སྒྲོ་སྐུར་ཞེ་སྡང་སྐྱེ།། གདུང་སེམས་བསྐྱུངས་ལ་འབྲེལ་པ་གཅད།། བདུད་ཉིད་ཆོས་སྐུར་ཤེས་པ་ལས།། སྤོང་ཞིང་དོར་དུ་རྡུལ ་ཙམ་མེད།། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། སྤྱོད་པའི་བདུད་ཟིལ་གྱིས་ནོན་པའི་རྟགས་དང་འབྲས་བུ་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །། དེ ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཉམས་ཀྱི་བདུད་དྲུག་དོན་བསྟན་པ།། མཁའ་འགྲོའི་ལུང་སྟོན་བདུད་བྱུང་ན།། ཁྱོད་ནི་མ་འདུག་ཕན་གདགས་ཟེར།། འདོད་པ་སྙིང་ཞུགས་ཞེན་པ་ཚོལ།། མི་འགྲུབ་དཀའ་བ་སྣ ་ཚོགས་བྱེད།། ཞེན་པ་ཉིད་ནས་འདོད་པ་སྟོངས།། ལུང་སྟོན་བསླུ་བ་རྫུན་དུ་ཤེས།། གཞི་ལ་མེད་ཤེས་རེ་དོགས་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉམས་མྱོང་ཞེན་པའི་བདུད་བྱུང་ཚེ།། མི་རྟོག་ཞེན་པའི་བདེ། ་བ་འབྱུང་།། འཕེལ་འགྲིབ་ཡོད་པས་མ་ངེས་པ།། ངོས་མ་ཟིན་པས་ལུང་མ་བསྟན།། ལྷག་མཐོང་དྲན་པའི་གདེང་དང་ལྡན།། དོན་ལ་འགྱུར་མེད་ནམ་མཁའ་བཞིན།། དམ་པར་ལྟ་མེད་སྒྲིབ་གཉིས་དག། ཞེ་འདོད ་ཚུལ་འཆོས་བདུད་བྱུང་ཚེ།། གདམས་ངག་མེད་པར་བསྒོམ་ཚུལ་སྟོན།། དད་ཅན་གླེན་པ་ཐབས་ཀྱིས་བསླུ།། ཆགས་ཆུང་ཚུལ་འཆོས་ཆོས་པར་འཆེས།། གཞི་ཉིད་མ་བཅོས་དྲན་པ་གཅེས།། ཞེ་འདོད་མེད་ན་ཚུལ ་འཆོས་བྲལ།། འདོད་མེད་གདེང་ལྡན་འབྲས་བུའི་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བརྐམ་ཆགས་བདོ་བའི་བདུད་བྱུང་ན།། འདོད་ཆགས་དབང་ལ་བྱང་ཆུབ་ནི།། རང་གི་ཞེན་པས་འདོད་ཆགས་སྲིད།། ་དོན་དུ་མ་ཤེས་བྱང་མི་ཆུབ།། རང་རིག་དོན་ལྡན་དབང་མི་དགོས།། འདོད་སྤྱད་རྐྱེན་ཐུབ་ཆོས་སྐུར་ཤེས།། བོགས་མེད་ཡེ་ཤེས་སངས་རྒྱས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡོན་ཏན་ཕྲག ་དོག་ཞེ་སྡང་བྱེད།། དེ་ལ་ལན་འདེབས་རྨོངས་པ་ནི།། མཁས་ལ་སྐུར་འདེབས་དམྱལ་བར་ལྷུང་།། གཞི་རྟོགས་དོན་ལ་སྐུར་དང་བྲལ།། ཞེ་སྡང་རང་གྲོལ་ཆོས་ཉིད་རྟོགས།། དེ་ཉིད་དུས་ན་བདུད་མེད་ཤེས།། ང་རྒྱལ ་སྒོ་འདོགས་བདུད་བྱུང་ཚེ།། གང་ཟག་སྨད་ཕྱིར་ཆོས་ལ་སྨོད།། ཆེས་ཆུང་བྱེད་ཅིང་བཀའ་རྐུན་བྱེད།། བསོད་ནམས་ཆེས་ཆུང་དམྱལ་བར་ལྟུང་།། མན་ངག་གསང་ཐུབ་ཟིལ་གྱིས་མནན།། ཡིད་ཆེས་རང་རིག་དོན ་གྱིས་ཟིན།། ད་ལྟ་ཉིད་དུ་བདེན་པ་མཐོང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་བདུད་ཀྱི་དབྱེ་བ་ཡང་།། ལྷ་མེད་རྣམས་ལ་འབྱུང་བ་ལས།། ལུང་ལྡན་ཀུན་གྱི་ཡོན་ཏན་ཏེ།། སངས་རྒྱས་ཆོས་ནི་བཅོ་བརྒྱད ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་། ཀུན་ཏུ་བཟང་པོ་ཡེ་ཤེས་ཀླུང་གི་རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། ཉམས་ཀྱི་བདུད་ཀྱི་རྟགས་དང་འབྲས་བུ་བསྟན་པའི་ལེའུ་སྟེ་ཉེར་དགུ ་པའོ།། །། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ཀུན་རིག་སྟོན་པས་བདག་ལ་གསོན།། རྣལ་འབྱོར་ཉམས་སུ་མྱོང་བའི་བཀའ།། དོན་དང་མཐུན་པར་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་དགོངས་ནས།། ་འདུས་པའི་འཁོར་ལ་བཀའ་སྩལ་པ།། ཉམས་མྱོང་རིམ་པ་རྣམ་བཞི་སྟེ།། སྣང་བ་ཆོས་དབྱིངས་ཉམས་མྱོང་དང་།། རང་རྒྱུད་ཟིལ་གནོན་ཉམས་མྱོང་དང་།། ངེས་ལུང་སྤྱོད་པའི་ཉམས་མྱོང་དང་།། ལྟ་བ་གདེང་ཟིན ་ཉམས་མྱོང་ངོ་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣང་བ་ཆོས་དབྱིངས་ཉམས་མྱོང་ནི།། བྱ་བ་བཏང་བའི་མི་འདྲ་སྟེ།། མཐོང་སྣང་གཟུགས་སྒྲ་ལ་སོགས་པ།། གང་མཐོང་ཅི་དྲན་ཅིར་སྣང་ཡང་།། བརྟག་དཔྱད་མ ་བྱས་གྱི་ན་ཙམ།། ཡུལ་ནི་བུན་ནེ་ལོང་འདུག་ཀྱང་།། སྤོང་སྡུད་ཞེན་པར་མ་སོང་ན།། ཆོས་དབྱིངས་གདེང་ལྡན་ཉམས་ཀྱི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་རྒྱུད་ཉོན་མོངས་ཟིལ་ནོན་རྟགས།། བསྒོམ ་ཐབས་སྐྲོད་དང་བཅོས་པའི་ཐབས།། ཐུན་ཚད་ཉམས་དང་རྣམ་པ་སྟེ།། བསྒོམ་ཐབས་ལྟ་བའི་རྒྱུན་ལ་བསྒོམ།། སྐྱོན་ནི་བྱིང་དང་རྒོད་པ་སྟེ།། བཅོས་ཐབས་རབ་འབྲིང་ཐ་མ་ཡིས།། ཐུན་ཚད་ཉམས་ཀྱི་ཚོད་དང་སྦྱར།། ་དེ་དོན་ངེས་པར་ལ་བཟླ་ན།། གསེར་འགྱུར་རྩི་ཡིས་ཐེབས་པ་བཞིན།། རྟོགས་དང་མི་རྟོགས་ཐམས་ཅད་དུ།། རང་སེམས་ལྟ་བའི་ཆོས་ཉིད་གསལ།། རང་རྒྱུད་ཟིལ་གྱིས་ནོན་པའི་ཉམས།། དེ་ཡང་འདུས་པའི་སྙིང ་པོ་ཉོན།། དེ་དོན་མཐར་ཐུག་རིམ་པའི་དོན།། གོས་ཀྱི་འཇམ་རྩུབ་སྣ་ཚོགས་དང་།། ཟས་ཀྱི་རོ་མཆོག་གང་མྱོང་བ།། གང་དྲན་མཐོང་བྲལ་ཆོས་སྐུར་ཤེས།། དེ་ཙམ་ཉིད་ན་ཡེ་ཤེས་ཤར།། ཡུལ་ཉིད་མ་ཡིན་གང་དྲན ་པ།། ཆོས་སྐུར་ཤེས་པས་ཡུལ་དང་བྲལ།། དེ་ཙམ་ཡུལ་དང་རིག་པ་གཉིས།། གནས་སྐབས་མཐར་ཐུག་འབྲེལ་པ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྟོགས་པ་མངོན་གྱུར་གདེང་གི་ཉམས།། ་གཡོ་དང་གོམས་པ་བརྟན་པ་ནི།། ཅིག་ཅར་རིམ་གྱིས་འབྱུང་བ་ནི།། ཤེས་རབ་བློ་ཡི་ཁྱད་པར་ལས།། ལུས་ངག་ཡིད་ཀྱི་ཉམས་རྟགས་ཀུན།། རྣལ་འབྱོར་པ་ལ་ངེས་པར་འབྱུང་།། དེ་ཉིད་རྣལ་འབྱོར་ཉམས་ཀྱི ་མཆོག། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། རྣལ་འབྱོར་ཉམས་སུ་མྱོང་བའི་བཀའ་རྟགས་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་ཡང་གསུངས ་པ།། ལ་ཟླ་སྤྱོད་པའི་བཀའ་རྟགས་ནི།། འཁོར་ལ་བཤད་ཀྱི་ཡིད་ཀྱིས་ཉོན།། ཁོ་ན་ཉིད་དང་སྒྲོ་འདོགས་གཅོད།། རྟོགས་པས་གཞིག་དང་ཡེ་ཤེས་སྤྱོད།། གདེང་ལྡན་རྣམས་ཀྱིས་སྤྱད་པར་བྱ།། དེ་ཡང་འདུས་པའི ་སྙིང་པོ་ཉོན།། ལུས་ཀྱི་དེ་ཁོ་ན་སྤྱོད་པ།། རྒྱལ་པོ་གཏན་མ་ཟིན་པ་བཞིན།། ལུས་ནང་ཆོས་སྐུ་རྒྱུན་དུ་གནས།། དེ་ཕྱིར་མི་འབྲལ་གཟུངས་དང་ལྡན།། ངག་གི་དེ་ཁོ་སྤྱོད་ཆེན་ནི།། དཔེ་ནི་དག་པའི་བརྟུལ་ཞུགས ་བཞིན།། ངེས་པའི་དོན་གྱིས་སྐྱོན་བྲལ་བས།། ངག་ཏུ་མ་བརྗོད་ཆོས་སྐུར་གསལ།། སེམས་ཀྱི་དེ་ཁོ་སྤྱོད་པ་ནི།། ནགས་ཀྱི་རི་དྭགས་བག་ཕེབས་བཞིན།། ཤེས་རབ་རྣམ་གསུམ་ཟག་ཆོད་པས།། ལྷག་མཐོང་རིག ་པའི་གདེང་གིས་ཟིན།། ཆོས་ཀྱི་དེ་ཁོ་དམིགས་པ་ནི།། ནོར་རྙེད་གསང་ནི་ཐུབ་པ་བཞིན།། གདེང་ལྡན་ཉམས་ཀྱི་གསང་ཐུབ་པས།། ངེས་དོན་མཆོག་གི་དངོས་གྲུབ་ཐོབ།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས།། ་དེ་ཁོ་ན་ཉིད་ལ་དམིགས་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།། །། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ཡི་སྒྲོ་འདོགས་གཅོད་པ་ནི།། དྲེད་མོ་གདོས་ཀྱིས་བཏགས་པ་བཞིན།། ཡུལ་དང་འབྲལ ་མེད་ཆོས་སྐུར་ཤེས།། སྣང་བས་མི་གནོད་ཕན་མི་ནུས།། ནང་གི་སྒྲོ་འདོགས་གཅོད་པ་ནི།། མི་ཤེས་སླར་ལ་མི་ལྡོག་བཞིན།། མཐའ་བྲལ་ངེས་པའི་གདེང་གིས་ཟིན།། རང་རིག་བདེ་མཐོང་ཕྱིར་མི་ལྡོག། གཉིས་ཀའི ་སྒྲོ་འདོགས་ཆོད་སྤྱོད་པ།། གཉིད་སད་འཇིགས་པ་བྲལ་བ་བཞིན།། མ་རིག་སངས་ཕྱིར་ཡུལ་དང་བྲལ།། དེ་ཕྱིར་ཡིད་ཆེས་གདེང་གིས་ཟིན།། ལུང་གི་སྒྲོ་འདོགས་ཆོས་སྤྱོད་ནི།། ནོར་སྟོར་སླར་ལ་རྙེད་པ་བཞིན།། ་དྲང་དོན་མདོ་རྒྱུད་སུན་བཏོན་ནས།། ངེས་དོན་རྙེད་པས་ཆོས་སྐུར་རྟོགས། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། སྒྲོ་འདོགས་ཆོད་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།། །། རྡོ་རྗེ་སེམས་དཔས ་ཡང་ཞུས་པ།། ཟས་ནོར་དགྲ་གཉེན་རྟོག་གཞོམ་ཕྱེད།། ཡེ་ཤེས་སྤྱོད་པ་བསྟན་དུ་གསོལ།། ཀུན་རིག་སྟོན་པས་ཐུགས་གསོལ་ཏེ།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཟས་ཀྱི་རྟོག་པ་གཞོམ་པའི་ཕྱིར།། ཁྱི་ཕག ་བཞིན་དུ་གཙང་དམེ་མེད།། དོན་ཟིན་རྟོག་པ་བཅོས་གྱུར་ན།། ཡོན་ཏན་དྲུག་ལྡན་སྤྱོད་པའི་མཆོག། གོས་ཀྱི་རྟོག་པ་བཅོམ་པའི་ཕྱིར།། སྨྱོན་པ་བཞིན་དུ་ངན་དགུ་གོན།། གཉེན་སྡང་ཡོན་ཏན་ལྔ་ལྡན ་ཕྱིར།། ཆགས་མེད་ཡོན་ཏན་མཆོག་ཏུ་ལྡན།། གཉེན་གྱི་རྟོག་པ་གཞོམ་པའི་ཕྱིར།། ངོ་ཚ་མེད་པར་ཆགས་སྤྱོད་དང་།། གཉེན་ལ་སྡང་བ་བྱས་གྱུར་ན།། འཁོར་ངན་བདུད་བཅོམ་བདེ་བ་འཕེལ།། དགྲ་ཡི་རྟོག་པ ་གཞོམ་པའི་ཕྱིར།། གྲི་བོ་གཤེད་ལ་འཁོར་བ་བཞིན།། ཆགས་སྡང་གཞི་ལ་མེད་པར་ཤེས།། དགྲ་ཉིད་ཆོས་སྐུར་ཤེས་པར་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་སྤྱོད་པ་གང་སྤྱོད་དང་།། རིགས་སྤྱོད་རྒྱུན་དུ ་བྱ་བ་ནི།། བྲམ་ཟེའི་དམ་ཚིག་འགལ་བའི་ཕྱིར།། ལུང་ལྡན་ཀུན་གྱིས་བྱར་མི་རུང་།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། རྟོག་པ་གཞོམ་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།། །། ཀུན་རིག ་སྟོན་པས་ཡང་གསུངས་པ།། གཞི་ཤེས་བློ་དངོས་གཅིག་པ་དང་།། བརྟུལ་ཞུགས་མཆོག་དང་བགེགས་མེད་པའི།། ཡེ་ཤེས་རང་ཤར་ངས་ཤད་ཀྱིས།། འདུས་པའི་འཁོར་རྣམས་ཡིད་ཀྱི་ཉོན།། ལུང་ལྡན་གདམས་ངག ་གཞི་ཤེས་པས།། ངོ་བོ་ཉིད་ལ་བློ་ལྡན་ཕྱིར།། གང་ཡང་ཆོས་སྐུར་རང་གསལ་བས།། འདུས་མ་བྱས་པའི་ནམ་མཁའ་འདྲ།། བློ་དངོས་གཅིག་པར་ཤེས་པ་ཡིས།། གང་མཐོང་ཉིད་འཁྲུལ་མེད་ཤེས་ཕྱིར།། སྣང་མཐོང ་གང་དྲན་ཆོས་སྐུར་ཤེས།། སྨིག་རྒྱུ་ནམ་མཁར་ཤེས་པ་འདྲ།། བརྟུལ་ཞུགས་མཆོག་གི་སྤྱོད་པ་ནི།། མཚམས་མེད་ལྔ་དང་མི་དགེ་བཅུ།། ཆགས་སྡང་ལྔ་ལ་ལོངས་སྤྱད་ཀྱང་།། ལྟ་བ་རྟོགས་པའི་གྲངས་སུ་འགྱུར།། ་ལུང་རིགས་མི་འགལ་རྒྱུད་གནས་དང་།། འབོལ་ཞིང་ཞི་ལ་འཇམ་འདོད་པས།། ངེས་པའི་གདམས་ངག་མ་གོ་ན།། མཁས་ཀྱང་རྨོངས་པ་སྙིང་རེ་རྗེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བགེགས་མེད་ཡེ་ཤེས་རང ་ཤར་བ།། རང་གི་རྣམ་རྟོག་ཡོད་ཀྱི་བར།། བགེགས་ཀྱི་མཐའ་ལ་ཟད་པ་མེད།། དངོས་སུ་མེད་ཕྱིར་འཁྲུལ་པའི་བློ།། མུ་སྟེགས་ཅན་ལ་འདྲེ་ཡོད་ཕྱིར།། འདྲེར་འཛིན་སྐྱེ་བོ་མ་རིག་པ།། མོ་མའི་རྫུན་གྱིས་གླེན་པ ་བསླུས།། དམ་པ་ཀུན་གྱིས་འདྲེ་སུན་བཏོན།། ཡུལ་དང་གོལ་ས་ཆོད་གྱུར་ན།། འདྲེ་མེད་རིག་པ་ཆོས་སྐུར་ཤེས།། གཞི་ལ་ལྷ་འདྲེ་མེད་རྟོགས་པས།། ཕན་གནོད་བྱ་བ་མིང་ཡང་མེད།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། དེ་དག་ཡེ་ཤེས་རང་ཤར་བ།། ཀུན་བརྟགས་ཟད་ན་འདྲེ་རྣམས་སྟོངས།། འདྲེ་ནི་ཉིད་འཁྲུལ་ཡིན་པའི་ཕྱིར།། རི་བོང་རྭ་ལ་ཡོད་རྟོག་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པའི་ཡང་སྙིང་ཀུན་ཏུ ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད། རིན་པོ་ཆེ་གསེར་གྱི་ཡང་ཞུན་ལས། ཡེ་ཤེས་རང་ཤར་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་ཡང་གསུངས ་པ།། དམ་ཚིག་ལྟུང་མེད་ངས་བཤད་ཉོན།། རྟོགས་ཐབས་ལྔ་ཡིས་མ་ཉམས་ན།། རང་སེམས་མི་རྟོག་ལུང་མི་ལྡན།། འཁོར་བར་འཁྱམས་ཀྱང་འཇིགས་པ་མེད།། ད་བུ་ལ་ནི་ལས་ནོར་འདྲ།། ཆེད་དུ་མ ་བྱས་དྲུག་ཉམས་ན།། བྱས་པ་ཐམས་ཅད་མི་འགྲུབ་ཅིང་།། འདིར་སྡུག་ཕྱི་མར་དམྱལ་བར་ལྟུང་།། རྒྱལ་པོས་ཆབ་བསལ་མི་ངན་འདྲ།། བསྲུང་བའི་དམ་ཚིག་ལྔ་ཉམས་ན།། མ་རུངས་ལས་རྣམས་སྤྱད་པའི་ཕྱིར།། མ ་རིག་མུན་པ་མ་སོལ་པས།། རང་གི་མིག་ནི་རང་བཏོན་འདྲ།། སྲང་བའི་དམ་ཚིག་བཞི་ཉམས་ན།། འོག་མའི་སེམས་བསྐྱེད་སྡོམ་ཞིག་པས།། ཁ་ན་མ་ཐོ་རྣམ་གསུམ་ལྟུང་།། བཙོན་རར་ཆུད་པའི་མི་ངན་འདྲ།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། དེ་དག་དམིགས་ཀྱིས་དབྱེ་བ་ནི།། ལྟུང་བའི་སྒོ་དགུར་ལྟུང་ངེས་ཀྱིས།། དེ་ཡི་སྡུག་བསྔལ་སྨོས་ཟག་ཆད།། ལས་ཀྱིས་ཚེ་ཚད་བརྗོད་མི་ལངས།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས།། ་མ་རྟོགས་པའི་དམ་ཚིག་ཉམས་པའི་ལྟུང་བའི་སྒོ་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། མཐར་ཐུག་ཡེ་ཤེས་འབྲས་བུ་སོགས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། མངོན་གྱུར ་སངས་རྒྱས་བཀའ་སྩལ་པ།། ལུས་མེད་ཡེ་ཤེས་སྒོ་ལྔ་ཡིས།། སྔར་མ་མཐོང་བའི་ཞིང་ཁམས་སུ།། ཡེ་ཤེས་མིག་གི་དུས་གཅིག་མཐོང་།། འཆར་ནུབ་མེད་པའི་ཉི་ཟླ་ཤར།། ཟོས་པ་མེད་པའི་རོ་མཆོག་མྱོང་།། མ ་བསམས་པ་ཡི་དྲན་པ་ལ།། མི་བརྗེད་པ་ཡི་གཟུངས་དང་ལྡན།། བསྒྲུབས་པ་མེད་པའི་འབྲས་བུ་འབྱུང་།། རྐྱེན་དབང་མི་འགྱུར་ཡུལ་གཅིག་རྙེད།། སངས་རྒྱས་ཀུན་དང་དགོངས་པ་གཅིག། བཙལ་མེད་འགྲོ་དོན་ད ་ལྟ་བྱེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣམ་སྨིན་ལས་མེད་ཡེ་ཤེས་སྐུ།། རིག་པ་གསལ་ལ་ཁ་མིག་ཅན།། སྔར་མ་མཐོང་བའི་ཆོས་དབྱིངས་ལ།། ཞིང་ཁམས་སངས་རྒྱས་ཡེ་ཤེས་ཀློང་།། ཆོས་སྐུ་རིག་པ་འཆར ་ནུབ་མེད།། རང་སེམས་རྟོགས་པས་ཆོས་སྐུར་ཤར།། ཏིང་འཛིན་ཟས་ནི་ཉམས་སུ་བསྟེན།། རོ་མཆོག་ཉམས་མྱོང་ཆོས་སྐུར་ཤེས།། དེ་ལ་བསྒོམ་བསྒྲུབ་བྱ་མི་དགོས།། འཁོར་འདས་གཉིས་སུ་མ་བསམས་པའི།། ་ལྷག་མཐོང་དྲན་པའི་ཡེ་ཤེས་ལ།། མི་བརྗེད་གཟུངས་ལྡན་རིག་པའི་སྐུ།། གང་དྲན་རང་རིག་ཀུན་ཁྱབ་ཕྱིར།། དུས་གསུམ་སྐྱེ་འགག་མེད་པ་ཡི།། འབྲས་བུ་བར་དོར་ཡེ་ཤེས་ལྡན།། མ་རིག་བག་ཆགས་ཤེས་པའི ་ཕྱིར།། རྐྱེན་བཞིས་བསྐྱེད་པའི་དབང་མི་འགྱུར།། སྤྱིར་ཆིབ་ས་ལ་ངེས་པར་འགྲོ།། ལྷུན་གྲུབ་མངོན་འགྱུར་དུས་དེར་འགྲུབ།། སངས་རྒྱས་ཀུན་དང་མཉམ་པའི་ཕྱིར།། དགོངས་པ་ཀུན་བཟང་ང་དང་མཉམ།། དེ་ཡང ་རྡོ་རྗེ་སེམས་དཔའ་ཉོན།། ཆོས་སྐུའི་གཟུགས་བརྙན་གཟུགས་སྐུ་འབྱུང་།། གཟའ་སྐར་གཟུགས་རྙན་མེ་ལོང་བཞིན།། མ་བཙལ་ལྷུན་གྱིས་ཆོས་སྐུར་གྲུབ།། དེ་ཉིད་དོན་ལྡན་ད་ལྟ་བྱས།། ཡེ་ཤེས་ལུས་ལ་རིག་པའི ་ཐུགས།། ཡེ་ཤེས་རང་ཤར་དོན་རྟོགས་པས།། རང་བྱུང་ཆོས་སྐུ་ཁ་མིག་ཅན། ཡེ་ཤེས་སྒོ་ལྔ་གསལ་བར་འདུས།། ཐེག་གཞན་སངས་རྒྱས་འདོད་པ་དེ།། བློས་བྱས་རྣམ་གསུམ་ངེས་དོན་མེད།། དེ་ཕྱིར ་ཡང་ཏི་སངས་རྒྱས་ཀྱི།། འབྲས་བུ་བར་དོར་སངས་རྒྱས་སྨྲ།། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། ངེས་དོན་གྱི་སངས་རྒྱས་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།། །། དེ་ནས་སྟོན་པ་ཀུན་བཟང་གིས།། ་འདུས་པའི་འཁོར་ལ་དོན་གཏད་པ།། ངེས་དོན་འདུས་པའི་ཡང་སྙིང་འདི།། སངས་རྒྱས་ཀུན་གྱིས་གསུངས་པའི་ཆོས།། རིག་འཛིན་རྣམས་ཀྱིས་ཐུགས་ལ་སྦས།། ཆོས་སྐྱོང་ཀུན་གྱིས་གཏེར་ལྟར་བསྲུང་།། མཁའ ་འགྲོ་རྣམས་ཀྱིས་མིག་ལྟར་འཚོ།། དེ་ཕྱིར་རྒྱུད་འདི་ཤིན་ཏུ་གཉེན།། དེ་དོན་མན་ངག་ངེས་དོན་འདི།། ལོག་སྲེད་ཆགས་ཞེན་མ་ངེས་ལ།། ནམ་ཡང་བསྟན་པར་མ་གསུངས་སོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ་ཡང་དག་ངེས་དོན་ཁྱད་པར་ཅན།། འབྲས་བུ་མངོན་འབྱུང་ངེས་པ་འདི།། སྣོད་ངན་རྣམས་ལ་མ་གསང་ན།། ཚེ་ཐུང་སྡུག་བསྔལ་ནད་འབྱུང་ཞིང་།། ཕྱི་མ་ཐར་མེད་དམྱལ་བར་ལྟུང་།། དེ་ཕྱིར་མི་བསྟན་སྣོད་ངན་ནི།། ་བླ་མར་མི་གུས་ང་རྒྱལ་ཅན།། ཚུལ་འཆོས་བྱེད་ཅིང་སློབ་དཔོན་སྨོད།། དབུལ་བ་མེད་པར་གདམས་ངག་འདོད།། བཀའ་རྐུན་བྱས་ནས་ཡོད་ཚུལ་སྟོན།། དོན་མ་གོ་བས་ཆོས་ལ་སྡང་།། དཔེ་རྐུན་བྱས་པས་ཕྱི་ཐག ་ཟུང་།། འགྲན་སེམས་བཅུག་པས་མཆེད་དང་མཁོན།། གནས་ལུགས་མ་ཤེས་རང་མཐོང་ཆེ།། ང་རང་མཁས་ཞེས་བླ་མ་སྨོད།། སྔོན་ནས་ཡོད་ཟེར་རྫུན་དུ་སྨྲ།། གཞན་ནས་རྙེད་ཟེར་ཐབས་ཀྱིས་ཚོལ།། ཕྱི་ནས ་དབུལ་ཞེས་སློབ་དཔོན་བྲིད།། ཆོས་རྗེས་བྱ་ཞེས་ཐབས་ཀྱིས་བསླུ།། གཡོ་སྒྲ་སྐྱོན་གྱིས་ཆོས་འཚོལ་ལ།། ནམ་ཡང་བསྟན་པར་མི་བྱའོ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། གལ་ཏེ་འཁོར་གྱིས་ཆོས་བསྟན་ན།། ཕྱི་ནང ་ཆོས་སྐྱོང་ཀུན་ཁྲོས་ནས།། མ་ཉེས་ཁ་ཡོགས་སྣ་ཚོགས་འོང་།། བྱས་པ་མེད་པར་མི་རྣམས་སྡང་།། སེར་སྣས་བསགས་པའི་རྫས་རྣམས་བརླག། རང་ཉིད་སྤྲོ་འབོག་སྒུར་པོར་འགྲོ།། རྒྱལ་འགོང་ཆགས་ནས་གནས་མི ་རྙེད།། ཕྱི་མར་དམྱལ་བ་ཆེན་པོར་ལྟུང་།། དེ་ཕྱིར་ཤིན་ཏུ་གསང་བར་བྱ།། དེ་ཚེ་ངེས་དོན་ཡང་སྙིང་འདི།། གུ་ལང་གསེར་བཞིན་མི་ནུབ་ཙམ།། སྣོད་ལྡན་འགའ་ལ་བསྟན་པ་ལས།། སྣང་དགུ་ཀུན་གྱི་སྤྱོད་ཡུལ ་མིན།། འཁོར་རྣམས་ངེས་པ་དེ་ལྟར་ཞོག། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་སོ་བདུན་པའོ།། །། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙྪ་བ་ཨཱ་ཙརྱ་དྲན་པ་ཡེ ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་རྫོགས་སོ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ཞེས་བྱ་བ། ཤང་པ་ཆེ་ཆུང་བ་ཡེ་ཤེས ་རྒྱལ་མཚན་གྱི་ཐུགས་དམ། བླ་མ་གཉེན་ཆུང་བ་ལ་གནང་བ། གཉན་ཆུང་བས་འབྲོམ་ཞང་འབར་ལ་གནང་བ། རྗེ་བཙུན་ཞང་འབར་གྱིས། སྐྱེ་སྒོམ་ལ་གནང་བ། སྐྱེ་སྐོམ་གྱིས། སྐྱེར་བ་ན་འོད་དེ་ལ ་གནང་བའོ།། །། ་