CLOSE WINDOW

F92: gnas btran spyan drang ba
Wyliee-texts produced with BDRC’s OCR application

རྫོགས་སྷོ།། །། རྒྱ་གར་སྐད་དུ། སྠཱ་བི་ར་བ་ནི་མན་ཏྲ་ན། བོད་སྐད་དུ། གནས་གཏན་སྤྱན་དྲང་བ། ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། ཐ་བཙུན་པ་རྣམས་དགོངས་སུ་གསོལ། དགོངས་ནས་ཀྱང་། ཤེལ་དང་། ནོར་བུ་དང་། དངུལ་དང་། ཀུ་མུ་ཏ་དང་། ་ཁ་བའི་ཕུང་པོ་དང་། ཟླ་བའི་འོད་ཟེར་དང་། སྟོན་གྱིས་ཆུ་དང་། ནམ་མཁའ་དང་། པད་མའི་རྩ་ལག་ལྟར་དྲི་བ་མེད་པར་མཛོད་ལ། ་རླུང་གི་སྟོབས་ཀྱིས་ཤིང་ལྕུག་ཕྲན་བསྐྱོད་པ་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། རྨི་ལམ་དང་། གློག་དང་། རྟིའི་ཤིང་རྟ་རྡུལ་དང་། བ་ལང་གི་ཕྲུ་གུའི་སྣ་མཆོག་དང་། ་སྦྲུལ་གྱི་ལྕེ་དང་། ཟིལ་བ་དང་། རྒྱ་མཚོ་བསྐྱོད་པའི་རླབས་ལྟར་གཡོ་བའི་ཡིད། སྐད་ཅིག་རེ་རེ་ལའང་མི་སྡོད་པར་འགྲོ་བ། རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྟོབས ་ཀྱིས་ཡུད་ཙམ་ཞིག་རྒྱུ་བ་ནང་དུ་དགག་དུ་གསོལ། སྨྲས་པ་རི་གཟར་འབབ་པའི་དབྷའི་རླབས་གྱུར་པས་ཀྱང་། གང་གིས་དབའ་རླབས་འགྱུར་ལ་སྒྲན་མེད་པར། ་འཇིགས་པ་ཐོགས་མེད་གཡོ་བའི་ཡིད་དེ་ནི། ཡུད་ཙམ་ཅེ་ཅིག་བཙུན་པ་རྣམས། ལྷའི་བུ་མོའི་ཆད་ཤུགས་ཕྱུང་སྐད་ཅིག་ཟི་མིར་བྱས་པའི་མིག། རིང་ཞིང་གཟིར ་ལྡན་བཀྲ་ལ་འོད་འཚེར་མི་ཆགས་ལྟ་བ་གཡོ་བ་ཡིས། གང་གི་ཐུགས་ནི་སྐྱེ་བའི་རྒྱུན་གཅོད་རྒྱུ་ལས་འཁྲུགས་པར་མ་གྱུར་བ། བདུད་ཀྱང་འཇོམས་མཁས་ཅིག་པུ ་ཐམས་ཅད་མཁྱེན་པ་དེ་ལ་ཕྱག་མཛོད་ཅིག། སྐྱེ་ལྡན་གང་དུ་རྟེན་ནས་དུད་འགྲོའི་སྐྱེ་གནས་སེམས་ཅན་དམྱལ་ཞི་དང་། ཡི་དགས་འཇིག་རྟེན་གནས་སུ་འགྲོ་བར་མི་འགྱུར ་སྡུག་བསྔལ་འཇིག་བྱེད་པ། འཁོར་བ་ཀུན་ན་འགྲོ་བ་ཆེན་པོ་རྣམས་ཀྱི་གྲོགས་གྱུར་འཕགས་ཅིག་པོ།། ཞི་བདེ་གྲོང་ཁྱེར་སྒོར་གཞོལ་དེ་ལ་ཤིན་ཏུ་གུས་པར་རྟེན་པར ་ཐ། ང་། ་མཛོད།། ཞི་བའི་བདག་ཉིད་གང་ཞིག་བདེ་གཤེགས་གསུང་རབ་མཐར་ཕྱིན་འབྱུང་སྨྲ་ཞིང་།། གང་ལ་བར་ཆུང་ཟད་ཙམ་ཞིག་སྦྱིན་ཡང་སྦྱིན་པ་འཕེལ་འགྱུར་ལ། ་ཡེ་ཤེས་སྣང་བས་མུན་པ་ཟད་བྱས་དགེ་སློང་དགེ་འདུན་དེ་ལ་ནི། ཉོན་མོངས་བཅད་པའི་ཆེད་དུ་ཐམས་ཅད་ཀྱིས་ཀྱང་གུས་པས་ཕྱག་མཛད་ཅིང་།། ལྕང་ལོའི་ཚུན་པོའི ་སྒྲ་མང་མགོ་ལ་ཐོགས་ཤིང་།། དཔུང་མགོ་གཉིས་གཡོགས་ལ།། རང་གི་འོད་ཟེར་ཕྱོགས་མཐར་འགྲོ་བ་རྣམས་ཀྱིས་འཇིག་རྟེན་ཀུན་འགེངས་པ། ལྷ་དབང་བརྒྱ ་བྱིན་གཅོད་པན་བཏུད་དེ་ཚངས་ལ་ཕྱག་བྱས་གང་ཡིན་ཏེ། ཕྱིན་ནས་དགའ་བྱས་སེམས་ཀྱི་ཏིང་འཛིན་ཤིན་ཏུ་ཆེན་པོའི་འབྲས་བུ་ཡིན།། རྡོ་རྗེ་འོད་འཕྲོ་ཕྲེང་བས་དཔུང ་བརྒྱན་འདྲེས་ནས་མཛེས་གྱུར་ཅིང་།། ལྷ་ལ་བཀའ་སྩོལ་དབང་པོ་མཐོ་རིས་སྐྱོང་བ་གང་ཡིན་པ།། དེ་དག་དགེ་བ་དག་འབྱུང་རྣམ་སྨིན་འགྱུར་དུས་ཉམས་དགའ་ཞིང་། ་མངོན་པར་འདོད་པའི་འབྲས་བུ་ཕུན་སུམ་ཚོགས་པའི་རྒྱུ་རྣམས་ཡིན། ཁ་ནས་རྒྱགས་འགྱུར་དྲི་ཞིམ་འབྱུང་ཞིང་མིག་མཐའ་དམར་ལ། དབུགས་དབྱུང་དོ་ཤལ་གཡོས་པས ་ནུ་མ་འབུར་ལ་འདྲུད་བྱེད་པ།། སྔ་གུ་ལྷན་ཅིག་ནོར་བདག་འགའ་འཚལ་འདུག་པ་གང་ཡིན་པ། དེ་ཡང་འགྲོ་བ་ཉམས་དགའ་བདག་ཉིད་ཆེན་པོ་ཡིན། འབྲུག་སྒྲ་སྒྲོགས ་ཅི་སྤྲིན་རྣམས་ཆུ་ནི་ཀུན་ཏུ་ལེན་བྱེད་པ། རླབས་བྱུང་དུས་ན་ནོར་བུ་དུང་དང་བྱི་རུ་ཉི་ཕྱིས་འབྱུང་།། རིན་ཆེན་གནས་ནི་ཆུ་ལྷ་ཉིད་ཀྱི་འབྱོར་པས་གང་བསྲུང་བ། དེར་ཡང ་རྒྱུ་ནི་སྦྱིན་པས་མཆོག་ཅིང་ཐུབ་པས་བཀའ་སྩལ་ཏོ།། གང་ཡང་འོད་ཟེར་རྣམས་ཀྱིས་མཁའ་ལ་སྐར་མའི་འཁོར་ལོ་ཟིལ་མནན་ཅིང་། ཀུ་མུ ་ཏའི་ཛིད་ཡངས་རྣམས་སུ་དཔལ་ནི་རབ་ཏུ་རྣམ་པར་ཕྱེ་ནས། གླང་པོ་ཆེའི་དཔལ་དང་ལྡན་ཞིང་། མཚན་མོ་ཤིན་ཏུ་རབ་མཛེས་པ། དེ་ཡང་ངེས་པར་སྦྱིན་པ་ཉིད་ཀྱི་འབྲས ་བུ་རོ་བྲོ་མང་པོ་ཡིན།། རི་རབ་རྩེ་ལ་ཤིང་རྟས་ལམ་ཁ་འདུག་པའི་རིན་ཆེན་རྡོ་ཅོག་ཅིང་། ཏའི་རྐང་ལག་རྣམས་ཀྱིས་དགུ་ཚིགས་ཆུ་བོའི་རླབས་ནི་གཅོད་བྱེད་པ། མུན་པ ་གསལ་ཕྱིར་ཉི་མས་སྐར་མ་ཟིལ་མནན་ལམ་མེ་གང་ཡིན་པ། དེ་རྒྱུ་ཡིད་ཀྱི་ཏིང་འཛིན་གྱིས་སྐྱེད་པའི་སྦྱིན་པར་ཐུབ་པས་གསུངས།། རྒྱལ་མཚན་རྩེར་བརྟགས་རིན་ཆེན་འོད ་ཟེར་སྣང་བས་ན་མཁའ་དཔེར་གྱུར་ཅིང་། རྟ་མིག་མདོར་བས་མཁའ་ལ་སྤྲིན་གྱི་ཕྲེང་བ་དག་ཀྱང་འབྲེལ་བྱེད་ལ། རྔ་ཡབ་དཀར་པོས་གཡབས་ཤིང་འཁོར་ལོས་བསྒྱུར་བ ་སོང་བ་གང་ཡིན་པ། འདོད་པའི་འབྲས་བུ་དེ་ཡང་སྦྱིན་པས་བསྒྲུབས་ཤེས་ཐུབ་པས་བཀའ་སྩལ་ཏོ།། གསེར་གྱི་པད་མའི་རྟུལ་གྱི་བྱེ་མས་དམར་བྲིས་མཚོན་ནི་ཁྲུས་བྱས ་ཏེ། དེའི་ནགས་འདབ་བུང་བ་སྒྲ་འབྱིན་རྣམས་སུ་ཉལ་བའི་བདེ་སྙེད་ནས། རིགས་འཛིན་ཆུང་མ་ལྷན་ཅིག་ཅིག་འཇིགས་མེད་མཁའ་ལས་འགྲོ་བ་གང་ཡིན་པ། ་དེ་ཡང་སེར་སྣ་འཇིལ་ཞིང་སྐྱོན་མེད་དགའ་བ་སྦྱིན་པའི་གཟི་བརྗིད་ཡིན།། མ་ལ་ཡའི་རི་རྩེ་ཙན་དན་གྲིབ་མས་བསིལ་བས་ཡངས་པ་དང་། འབིགས་བྱེད་རི་དང ་གངས་དང་མན་ད་རའི་རི་བོ་ལ།། གྲུབ་པའི་ཚོགས་ཆེན་ཆུང་བ་ལྷན་ཅིག་འཇིགས་ལ་དགའ་བ་གང་ཡིན་པ། འདོད་པའི་འབྲས་བུ་ཚེ་འདིའི་སྙིང་པོ་འབྱོར་བ་དེ་ཡང ་གཏོང་བ་ཡིན། བུད་མེད་རྐང་གདུབ་འཁྲུལ་པས་འགྲོགས་ནས་འཕུར་བའི་ཕུག་རོན་གནས་པའི། ཁང་པ་འཐོན་པོ་རྣམས་དང་འབིགས་བྱེད་རི་རྩེ་འགྲོ་བའི་ང ་ལང་དང་། གདུགས་དང་རྔ་ཡབ་བུད་མེད་གཡོབ་འཁོར་དང་རིན་ཆེན་རྟ་རྣམས་དང་། བཟང་མཛེས་དེ་དག་ཀུན་ཀྱང་སྔོན་གྱི་སྦྱིན་པའི་དགེ་བའི་རྣམ་སྨིན་ཡིན། བད་དུ ་ཀ་ལྟར་རྩ་དམར་དགུན་འཆང་གསེར་སྣོད་བཟང་པོས་ལེགས་བསྒུགས་པ། ཡོངས་དག་ཨ་སྠི་སྨིན་ལྟར་དྲི་ཞིམ་ཨུད་དཔལ་འབྱིང་ཞིང་ལྡེམ། ན་ཆུང་ཞིམ་པ་སྣ་སྒེག ་དུས་ཀྱིས་སྟོབས་ཤིང་ཡམས་གྲངས་མང་འགྲིམ་པ། མཆོག་ཏུ་དགེ་བ་དེ་རྒྱུ་སྦྱིན་པ་ཡིན་ཞེས་བློ་གྲོས་དག་པས་གསུངས།། གསེར་གྱི་ཕག་རྐས་བྱེད་ཅིང་སྙན་སྨ་འཇིམ ་ཞིང་སྨིན་མ་ཡ་གཅིག་བསྐྱོད།། མིག་ཡངས་རྣར་དཀར་རྣག་དབྱེས་ལ་སྒྲ་དབབ་མེ་ཏོག་ཕྲེང་བས་བཀྲིས་པ་ཡིས།། ན་ཆུང་བཟང་པོ་རླ་རྒྱས་བདག་ཉིད་ལེགས་བྱས་པ ་རྣམས་ཀྱིས་བྲན་ལྟར་བྱེད།། ཚོགས་བསགས་འབྲས་དེ་སྦྱིན་པའི་ཆེ་བ་ཉིད་ཅེས་ཟས་ཙང་སྲས་པོས་གསུངས།། དེ་ལྟར་ལགས་པས་བདེ་བར་གཤེགས་པའི་གསུང ་རབ་མཐའ་དག་ཐུགས་ཆུད་པ། ཤིན་ཏུ་རྒྱས་པའི་ཆུ་ལྟར་གྱུར་པ། སྙིང་དྲི་མ་མེད་པ་དང་། ལྷའི་སྐྱེ་བོ་དང་ཀླུའི་གནས་སུ་གྱུར་པ། ཚུལ་ཁྲིམས་འདྲེན་མ་མ་ཡིན་ཞིང ་རྒྱ་ཆེའི་ཆུ་དང་ལྡན་པ་དགེ་བ་ལ་རྣམ་པར་རྟོག་པའི་ཟླ་བ་ཤར་བའི་དབང་གིས་ཏིང་ངེ་འཛིན་སྣ་ཚོགས་རྒྱས་པའི་དུས་ཀྱི་བརླབས་ཀྱིས་བྱང་ཆུབ ་ཀྱི་ཡན་ལག་སྐྱོན་མེད་པའི་ནོར་བུ་མང་པོ་ཀུན་ཏུ་གཡེངས་པ། སེམས་ཀྱི་འོག་གཞི་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ། རིན་པོ་ཆེན་པོ་རྟེན་པ། འབྲས་བུའི་བྱེ་བྲག ་ཐོབ་པ། གང་ཟག་ཆེན་པོ་ཆུ་སྲིན་རྒྱུ་བ། འཕགས་པའི་བདེན་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པའི་ཤིང་ལྗོན་པས་མཛེས་པར་བྱས་པ། དྲན ་པ་ཉེ་བར་གཞག་པའི་ངོགས་དང་ལྡན་པ། སྒྲིབ་པའི་རི་མོ་གནས་པ། སྦྱངས་པའི་ཡོན་ཏན་གོམས་པ་དག་པའི་མུ་ཏིག་ཉ་ཕྱིས་ཀྱི་ཁོག་ལུས་དང་ལྡན་པ། མངོན་པར་རྟོགས ་པའི་ཆོས་ཉིད་གཏིང་མི་སྤོབས་ཤིང་ཟབ་པ། རྒྱུན་མི་འཆད་པར་ཀློག་པ་དང་། ཁ་ཏོན་བྱེད་པའི་སྒྲ་རྒྱ་ཆེར་འབྱུང་བ། འཕགས་པའི་དགེ་སློང་གི་དགེ་འདུན་གྱི་རྒྱ་མཚོ་ཆེན་པོ ་ལ་བདག་གསོལ་བ་འཚལ་ལོ།། འདི་ལྟ་སྟེ། སྲིད་པའི་འགྲོ་བ་ཅིག་ནས་གཅིག་ཏུ་བརྒྱུད་པ་དུ་མ་ནས་དགེ་བའི་ས་བོན་བཏབ་པ། བདེ་བར་གཤེགས་པའི་བསྟན་པ། ་གཞལ་མེད་ཁང་གི་ས་གཞི་གཅིག། བཟོད་པ་དང་ངེས་པ་དང་བྱམས་པ་དང་། ཚུལ་ཁྲིམས་དང་ཐོས་པ་དང་ཞི་བའི་གནས། བདག་དང་གཞན་གྱི་གཞུང་གི་དོན་གྱི་དེ་ཁོ ་ན་མ་ལུས་པར་རྟོགས་པ། ཡོངས་སུ་ཤེས་པས་བསྒོམས་པས་དྲན་པ་ཉེ་བར་གཞག་པ་ཡང་དག་པའི་ཡེ་ཤེས་མཐོང་བས་ལོག་པར་ལྟ་བའི་རབ་རིབ་བསལ་བ་ལེགས་པར ་བརྗོད་ཅིང་ཤིས་ལ་རྒྱ་ཆེ་བའི་མི་དང་ལྡན་པ། སྐྱེ་བོ་བླ་མ་ལ་གཉེན་གཀུར་བྱེད་པ་དང་། མངོན་དུ་སྨྲ་བ་དང་། ཕྱག་འཚལ་བ་ལ་སོགས་པའི་ཚུལ་བཟང་པོ་དང་ལྡན་ཞིང་། ་གདོང་གསོལ་ཆེ་བས་སྙན་པ་རྣམས་བསྐྱེད་པ། སྟོན་གྱི་ཟླ་བའི་འོད་ཟེར་དག་པ་ལྟ་བུ་ཡིད་འབྱུང་བ། སྦྱིན་བདག་ཆེན་པོ་ཆེ་བའི་བདག་ཉིད་ཅན་མི་འདི་ཞེས་བྱ་བ་འདི་ནི་ཁྱིམ ་བདག་ལེགས་སྦྱིན་དང་། བཟང་ལྡན་དང་། བཙུན་མོ་འཁོར་གྱི་ལྷ་དང་། མུ་ཤིལ་དང་། ཏྲ་བུ་ས་དང་། གོ་ཤི་ལ་དང་། སྟ་བ་ཀར་ན་ཀར་དང་། མགོན་མེད་ཟས ་སྦྱིན་དང་། དྲག་པོ་དང་། ནག་པ་དང་། ནམ་གྲུ་ལ་སོགས་པ་དང་། གཞན་ཡང་བཅོམ་ལྡན་འདས་ལ་ཡིད་མངོན་པར་དད་པ། གསལ་རྒྱལ་དང་། ཚངས་པས ་བྱིན་དང་། རྒྱལ་པོ་ཤར་བའི་བུ་དང་། གཏུམ་པོ་རབ་སྣང་ལ་སོགས་པ་སའི་སྟེང་ལ་དབང་བའི་སྦྱིན་པ་ལས་བྱུང་བའི་ལེགས་པ་སྤྱོད་པའི་རྗེས་སུ་སློབ་སྟེ། ལུས་དང ་ལོངས་སྤྱོད་དང་སྲོག་ལ། སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། འགལ་མེ་སྐོར་བ་དང་། རྨི་ལམ་དང་། དྲི་ཟའི་འབའ་ཆུའི་ཆུ་ལྟར་གཡོ་བར་རིགས་ནས ་སྟོབས་བཅུ་ལྔ་པས་གསུངས་པས། ཚིགས་སུ་བཅད་པ་དང་། ཆོས་མངོན་པ་དང་། འདུལ་བ་དང་། མདོ་སྡེ་འཛིན་ཅིང་། དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ ་ཡོད་དོ་ཞེས་བསོད་ནམས་ཀྱི་ས་བོན་བསྐྱེད་པའི་རྒྱུ་འཁོར་བའི་དགེ་བ་ཕུན་སུམ་ཚོགས་པའི་གཞི།། སྐྱེ་བོ་ངན་པས་རྙེད་པར་དཀའ་བ། སེར་སྣ་ཅན་གྱི་ཡིད་འཇོམ་པའི ་མཛའ ་བསྒྲུབ་པ་ན། སྟོན་གྱི་ཟླ་བ་དྲི་མ་མེད་པ་ལྟར། དང་པའི་མཐུ་མངའ་བ། སྲིད་པའི་ཉོན་མོངས་པའི་ས་བོན་གཅོད་པ། སེམས་ཅན། ་ཐམས་ཅད་ཀྱི་བསམ་པ་མཁྱེན་པ། གྲགས་པའི་འཇིག་རྟེན་གསུམ་དུ་ཁྱབ་པ། བདུད་ཀྱི་བུ་མོ་སྟེག་པ་རྒྱུན་གཅོད་པའི་རྒྱུ། སྐྱབས་སུ་འོས་པ་ཆོས་སྟོན་པ། འགྲོ ་བ་ལ་དགེ་བའི་བྱ་རྒ་བའི་འཕྲིན་ལས་རྣམས་ཀྱིས། ཆོས་ཐམས་ཅད་ཐུགས་སུ་ཆུད་པ་རྣམ་པར་སངས་རྒྱས་པའི། སངས་རྒྱས་ཉི་མའི་འོད་ཟེར་གྱི་སྣང་བ་གསལ་བས།། ་རེག་ནས་པད་མའི་འདབ་མ་རྒྱས་པ་ལྟར་རིང་ཞིང་རྫི་མ་ལེགས་པའི་སྤྱན་དང་ལྡན་པ། གནོད་སྦྱིན་གྱི་བདག་པོའི་གཙུག་གི་ནོར་བུ་ཆེན་པོས་ཞབས་ཀྱི་སོར་མོ་ཀུན་ཏུ་བསྐོར་བ། ་གསེར་གྱི་མཆོད་སྡོང་ལྟར་གསལ་བ། སྐུ་ལ་རྡོ་རྗེ་དང་། ལྕགས་ཀྱུ་དང་། པད་མ་དང་། ཉ་དང་། རྒྱལ་མཚན་དང་། གདུགས་དང་འཁོར་ལོ་ལ་སོགས་པའི་མཚན་རྣམས ་མཚན་མངའ་བ། པད་མའི་འབྱུང་གནས་རྣམས་ལ། སྣང་མཛད་ཀྱི་འོད་ཀྱི་ཕྲེང་བ་བྱེ་བ་ཕྲག་མེད་པར་རྒྱས་པར་འགེངས་པ། བུང་བུའི་ཚོགས་ལྟར་སྔོ་བའི་གཙུག་ཏོར ་གྱི་ནང་ནས། ཀུན་ཏུ་བྱུང་བའི་འོད་ཀྱི་དྲ་བས་ཕྱོགས་ཀྱི་དཀྱིལ་འཁོར་མ་ལུས་པར་བཀྲ་བར་བྱས་པ། ཁ་ན་མ་ཐོ་མེད་པར་ཞུགས་པ། འཕགས་པའི་བདེན་པ་སྟོན་པ། ་ཞི་བར་གཞོལ་བའི་ལམ་དུ་འདྲེན་པའི། འཇིག་རྟེན་སྒྲོལ་བ་མཉེས་གཤིན་པ། གཉེན་གཅིག་པུ་མུ་སྟེགས་ཅན་ངན་པའི་སྒྲོལ་བ་རྣམས་ཀྱིས་གསུང་དང་ཐུགས་དང ་དཔའ་བ་དང་། མཐུ་ལ་མི་སྣོད་བཙང་བའི་སྲས། ཡུལ་རྣམས་ཀུན་ལ་སྲེད་པ་འབྱུང་བའི་རྒྱུན་སྐབས་བྱེད་པའི་རྒྱུ།། སྐྱེ་བོ་མཁས་པ་རྣམས་ནི་སད་པར་བྱ་ཕྱིར་ཤར ་གྱུར་པ། བག་ལ་ཉལ་གྱི་རབ་རིབ་སེལ་བ་ཡེ་ཤེས་སྣང་བའི་མཆོག། ས་རྣམས་མཐའ་དག་སྣང་བ་ཕྱོགས་ཐམས་ཅད་སྣང་མཛད་པ། ཕྱག་དང་ཞབས་དང་དབུ་ནི་རབ ་ཏུ་བྱིན་ཞིང་ཚུལ་ཁྲིམས་དང་། སྨོན་ལམ་དག་གིས་བྱང་ཆུབ་ལམ་བཟང་ཡང་དག་བསྒྲུབས་གྱུར་པ། སྲིད་པའི་འགྲོ་བའི་ངག་གི་སྙེ་མའི་སྟེང་དུ་ལྷུང་བ་ཡིན། སྐྱེ་དགུ ་རྣམས་ལ་ཁ་ན་མ་ཐོ་བ་མེད་པར་སྟོན་མཛད་པ། སྲིད་པ་རྣམ་པ་གསུམ་འཇིག་པ། བཅོམ་ལྡན་འདས་སྟོབས་བཅུའི་སྟོབས་དང་ལྡན་པ། མི་འཇིགས་པ་བཞི་མངའ ་བ།། དཔའ་བ་མཐུའ་ཁ་ན་མ་ཐོ་བ་མེད་པ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པས་སྐུ་བརྗིད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དཀའ་བ་བརྒྱ་ཕྲག་དུ་མས། དམ ་པའི་ཆོས་དཀོན་མཆོག་བསྒྲུབས་པ། བཙལ་བ་ཙམ་གྱིས་སེམས་ཅན་མཐའ་དག་བསམ་པ་ཐུགས་སུ་ཆུད་པ། ཐམས་ཅད་མཁྱེན་པའི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན ་རབ་ཏུ་ཞི་བ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་དང་། བཟོད་པ་དང་། བྱམས་པ་དང་། སྤངས་པའི་ཡོན་ཏན་དང་ལྡན་པའི།། ཉོན་མོངས་པའི་རབ ་རིབ་དང་། ལིང་རྟོག་མ་ལུས་པར་སྩལ་པ། འཁོར་བའི་རང་བཞིན་རིག་པ་དང་། ཕྱོགས་ཕྱོགས་ཀྱི་གཙུག་ལག་ཁང་དང་། ཀུན་དགའ་ར་བ་དང་། རི་དང་། ནགས་འདབ ་དང་། ཁྲད་ཁྲོད་དང་། ཆུ་དང་། རི་སུལ་དང་། གཤེར་ས་དང་། ནེའུ་སིང་དང་། ཤིང་གི་གྲིབ་མ་རྣམ་པ་སྣ་ཚོགས་ལ་དགོས་པ། ་ཡུལ་དང་། ལྗོངས་དུ་མ་ལ་ཕན་གདགས་པར་སྩོལ་བ་མཛད་པ། ཡང་དག་པའི་དྲན་པ་དང་། ཏིང་ངེ་འཛིན་དང་། དགའ་བ་ཐོབ་པ་ལས་མ་ཉམས་པ་དང་། ཕུང་པོ ་ལྔ་སྤྱིར་སྐད་ཅིག་པར་ཡང་དག་པར་སོ་སོར་རྟོགས་པའི་ཡིད་ལ་བྱེད་པ་བསྐྱེད་པ། མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་དང་། སྐྱེས་པའི་རབས་དང་། གླེང་གཞི ་དང་། ཚིགས་སུ་བཅད་པ་དང་། རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་དང་། གཏན་ལ་ཕབ་པའི་གཏམ་གྱིས་སེམས་སྤངས་པ། རང་གི་ལུས་དང་། ངག་དང་། ་ཡིད་ཀྱི་འཇུག་པ་དྲན་པ་ཉེ་བར་གནས་པར་གྱུ་བ། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བདེན་པ་དང་། འཕགས་པའི་ལམ་དང་། དྲན་པ ་ཉེ་བར་བཞག་པ་སྒོམ་པ་གོམས་པས་དད་པ་ཐོབ་པ། བུ་མོ་ཕྲུགས་ཀྱིས་ཉམས་དགའ་ལ། རི་སུལ་མཐོན་པོ་དཔག་བསམས་ནགས་མང་དང་། རི་དགས་རྣམས་ན ་གང་དག་བཞུགས་པ་དང་། ཤིང་གི་མེ་ཏོག་འབྲུལ་བས་དྲི་ཞིམ་བྱས་པའི་གསེར་བུ་དང་ལྡ་ཤིང་། ནགས་ན་གླང་པོ་གྲགས་པས་ཟག་པས་བསྒོམས་པའི་རིན་ཆེན ་འཁྲི་ཤིང་ཁྱིམ་ཁྱིམ་ལ་ཆགས་པ་མེད་པའི་ལྷ་ཡིས་བསྟེན་པའི་བསོད་ནམས་ཆུ་གླིང་གི། གཉའ་ཤིང་འཁྲི་བྱ་རྒྱགས་ཁྱུ་གནས་པ་ན་གང་དག་བཞགས་པ་དང་། ་བལ་ཐོས་བརྙོགས་སྣོད་རྩུང་གྱུར་འཚལ། མེ་ཏོག་ལྡན་ཞིང་སེར་བུ་དད་ལྡན་པ། ས་ཧྱ་རའི་རིའོ་ངོས་ཡངས་པ་ལ། ཡོངས་དག་ཐུགས་མངའ་ཐུབ་པ་བཞུགས་དགུ་དང ་པད་མ་ཨུད་པ་ལ་རྒྱལ་བ་འབྱུང་བའི་གནས། ཉིན་རེ་ཉི་མའི་ཤིང་རྟས་རྡོ་སྐད་ཅན། སྲིད་པའི་འཇིགས་བྲལ་རབ་ཏུ་ཡིད་འོང་བ། འཆང་བའི་རེ་སྟེངས་གང་དག ་བཞུགས་པ་དང་། རིའི་རྩེ་མོས་སྔོན་སངས་སྤྲིན་ཐལ་སྨན་ལྕོང་ཅན། ངོགས་ལྡང་ཆུ་བོ་མན་ད་རས་ནི་སུལ་བཀྲུས་པ། གླང་པོའི་མཆེ་བས་རྙོགས་པས་ས་ཕྱོགས ་ཀློགས་པའི་རི།། འབིགས་བྱེད་རྨ་བྱ་རྒྱགས་གནས་པ་ན་བཞུགས་དགུ་དང་། སྣ་ཚོགས་འབྱུང་ཀུན་ཚོན་གྱིས་ཁ་སྒྱུར་ཕུག་དང་ལྡན་ཞིང་སྤྲིན་ཀྱང་ཆགས་གྱུར་ལ། ་ཀོ་ལྤགས་ལྡན་པ་གཙང་མའི་ཆུ་ཡིས་ངོགས་ཀྱིས་རྡོ་བ་མང་པོ་བཀྲུས་གྱུར་ཅིག། ངོས་ལ་བ་ལང་འཇུག་མ་མང་པོ་འབྱང་ཞིང་གློག་འགྱུར་སྣང་བྱས་པ། ཡོངས་འདུས ་རི་རྩེ་ཕྲག་ན་ཅིག་པུ་སྲེད་དང་བྲལ་བ་གང་དག་བཞུགས་པ་དང་། གང་དག་ཤིང་དང་ཁྲི་ཤིང་རྣམ་པ་མང་པོ་འདབ་ཆགས་པར་གནས་པ། ནེའུ་སིང་འཇམ་ལ་སྔོ་བའི ་སྟེང་ན། རྨ་བྱའི་ཁྱུ་གར་བྱེད་ཅིང་། སྒྲ་སྙན་པ་འབྱིན་པ། རི་དགས་ཀྱི་ཚོགས་བག་ཡོངས་སུ་གནས་པའི་སོས་བཅད་པ། རྩ་བའི་མྱུར་གུ་ཡོད་པ་མེ་ཏོག་གི་དྲི་ཞིམ ་པོས་བགོས་པའི་སེ་རུ་འཇམ་ཞིང་གསིལ་དད་ལྡན་པའི་ནགས་འདབ་ནགས་སུ་གནས་བཅས་ཏེ། བཞུགས་པ་རྣམས་དང་། ཡང་དྲག་དུས་སུ་རླབས་འབྱུང་བ་ཆུའི ་དཔའ་རླབས་ཀྱིས་གཡེངས་པའི་ན་ལེགས་དང་། མི་ཤེ་དང་། ང་ལའི་འབྲས་བུ་རྗོད་པོ་ཟང་བས་འགྲིབས་པའི་མཚན་དང་། ཨ་ཀ ་ཤིང་ཁྲོད་ན་གནས་པའི་སྦྲུལ་མགོའི་གདེངས་ཀ་གདེངས་ཤིང་འཇིགས་སུ་རུང་བ་ཡོད་པ། གླང་པོ་དྲེགས་པ་དང་བཅས་པའི་སྣས་བྱུ་རུའི་སྡོང་པོ་སྐྱེལ་བ་དང ་ལྡན་ཞིང་། ཉི་མའི་འོད་ཟེར་གྱིས་རེག་པའི་དབང་གིས་མུ་ཏིག་ཡོད་པའི་ཉ་ཕྱིས་ཁ་ཕྱེ་བའི་ཐོག་མས་རྣམ་པར་སྤྲས་པ་ཉེ་བར་འདུལ་བ་དང་ལྡན་པ། ནོར་བུ་རྡོ་ལ་གྲུབ ་བའི་ཆུང་མའི་སྐྱེ་གནས་ཤིང་བྱའི་ཁྱུ་དགའ་སྟེ། སྒྲ་འབྱིན་པ་གླུ་ལེན་པ་ལྟ་བུ་ཡོད་པ་རྒྱ་མཚོའི་གླིང་དག་ན། ཀླུའི་བདག་པོའི་ལུས་ཆེན་པོས་སྐུ་སྐྱེས་ཏེ། གདེངས་ཀ ་གདུགས་ཀྱིས་ཉི་མའི་འོད་ཟེར་སྒྲིབས་ཤིང་བསམ་གཏན་མཛད་པ་རྣམས་དང་། སྨན་ལྕོང་དག་ན་ཕྱོགས་ཀྱི་གླང་ཆེན་བྲང་གིས་རྡོ་བ་ཁེབས་པའི་ཁྱུ་འགོད་ཅིང་། འབྱོར། ་བཅས་ལྷུན་གཅིག་མ་ཡིན་ར་རོ་བའི་གནོད་སྦྱིན་མོ་དག་གནས་གྱུར་ལ།། ཀླུའི་རྒྱལ་པོ་མགོ་བསྟོད་དེ་ཁ་ནས་འོད་འབར་འབྱུང་བས་ཤིང་སྲེག་ཅིང་། གངས་རི་ཏི་སེལ ་ནི་བློ་གཙང་གང་དག་ལ་ནི་ཞལ་སྟོན་མཛད་ཅིང་བཞུགས་པ་དང་། རྒྱ་མཚོ་རླབས་ཀྱིས་བཤལ་བའི་རེ་བགབ་ལྡན་པ་སྨད་པ། རི་མོ་མན་དར་ལ་ཉི་བྱེད་ཚུན་ཆད་བཞུགས ་བཞུགས་ཤིང་། ཉི་མ་ཕྱེ་བར་གྱུར་ནས་གང་ཟག་གཞན་དུ་བཞུགས་པའི་ཕྱིར།། ནོར་བུས་རྩེ་མོ་བཀྲམ་པ་འཁོར་ཡུག་རིལ་སྟེན་པ་དང་། གང་དག་ཁྲི་ཤིང་གཞོ་ནུས ་རྡོ་བ་ཁེབས་གྱུར་པའི།། དབང་ཆེན་རྩེ་མོ་ཉིད་དུ་འོང་བར་བདེར་གནས་ཏེ། མཁའ་ལྡིང་ཤུགས་ཀྱིས་ནང་དུ་ཀླུ་རྣམས་དཀྲུགས་པ་ཡིས། རྒྱ་མཚོའི་རིན་ཆེན་གནས་ལ ་རྣམ་པར་གཟིགས་པ་དང་། དད་པའི་ཚོགས་ཅན་ཤིན་ཏུ་གཙང་བ་དྲག་ཏུ་འབར། ཆར་གྱི་ཆུ་ཡིས་རི་འགབ་དཀྲུས་གྱུར་ཅིང་། ཕྱོགས་ཀྱི་གླང་པོས་དགྱེལ་བའི་ས ་ལ་ཀ་ཡིས་རྡོ་བས་ཆེན་པོ་མང་པོ་ཁེབས་གྱུར་ལ། ཅན་ཟན་དབང་པོ་རལ་པ་འཁྱིལ་ཅིང་གསལ་བས་དཔུང་བའི་ཕྱོགས་འབར་ཉལ་བས་དགའ་འགྱུར་ཅིང་། སྦལ་དམིག ་མཐོན་པའི་ལྕུག་མས་འཁོར་བ་གྲུབ་པ་ངལ་སོས་རི་བོ་ཀྲོན་ཛར་གང་གཤེགས་དང་། གང་དག་མུན་གསལ་ཁྱད་པར་ཅན་གྱི་བློ་མངའ་ཤིང་ལྗོན་སྣ་ཚོགས་མེ་ཏོག་རྒྱས ་གྱུར་ཅིང་། རི་དགས་རྒྱུ་བས་ནེའུ་བསིང་གཞོན་སྨད་པ། གཟི་རྡོ་ནགས་རྣམས་མི་སྤོང་བཞུགས་པ་དང་། ཡང་དག་པར་ངག་ནུབ་གྱི་བ་ལང་སྤྱོད་དང་། ཤར་གྱི་ལུས ་འཕགས་པོ་དང་། བྱང་གི་སྒྲ་མི་སྙན་དང་། གླིང་གཞན་དག་ན་སྐྱེས་པའི་ལྕུག་བྲན་མདོག་སྣུམ་ཞིང་སྔོ་ལ་འཇམ་པ་མང་པོས་ས་གཞི་ཀུན་ཏུ་ཁེབས་པ་དང་། ཤིང་གི། ་དྲིབ་མའི་དཀྱིལ་འཁོར་བསིལ་བ་དང་། འཁྲི་ཤིང་འཁོར་ཅིང་། རི་དགས་བང་པོ་གནས་པའི་ནགས་ཚལ་དེ་དང་དེ་དག་ན་བཞུགས་པ་རྣམས་དང་། ཡང་གང་དག་དང ་ད་དང་། ག་ད་ར་དང་གུ་ཟན་ད་ལི་དང་། ཤ་རིད་ད་དང་། བ་ག་ལེ་དང་། བྲི་ཤ་དང་། ཁ་ཆེ་ཡུལ་དང་། རྒྱ་ཡུལ་དང་། གྲོང་ཁྱེར་དྲ་དང་། རྡོ་འཇོག་ཟས་འདྲ་དང ་སྐྱེས་པའི་གྲོང་ཁྱེར་དང་། ཕྱོགས་འཚམས་དང་། ཀུན་ཏི་མ་ལ་བ་དང་། སྲུང་བྱེད་དང་། གྲོང་ཁྱེར་དང་། ཚ་དུ་ཀ་དང་། ཚ་ཏ་དང་། ་བྷ་རུ་སྐད་ཆེ་དང་། ཀོའུ་ཤ་པ་བྱི་དང་། སེར་སྐྱའི་གནས་དང་། གཉེན་ཡོད་དང་། མི་ཐུབ་པ་དང་། གྲོང་ཁྱེར་མེ་ཏོག་དང་། ཏི་ར་དང་། བཅོམ་རླག་དང་། གྲོང་ཁྱེར ་ལོངས་སྤྱོད་དང་། ཙམ་པ་ཀ་དང་། རྒྱལ་པོའི་ཁབ་དང་། དབང་པོའི་བྲག་ཕུག་དང་། འབྲོག་དང་། ཀོ་ནའི་གྲོང་དང་། ཀུན་དགའི་གྲོང་དང་། མཆོད་རྟེན་གྱི་གྲོང་དང་། ་འཁུར་བཅུག་གི་གྲོང་དང་། རྣམ་པར་རྒྱལ་བའི་གྲོང་དང་། ཡངས་པ་དང་ལི་ཁ་ར་ཤིང་འཕེལ་བྱེད་དང་། ཟངས་ཀྱིས་གཡོགས་དང་། རྡོ་སྙེག་འཛིན་དང་། ཀོ་ས་ལ་དང ་ཨན་དྲ་དང་། ཨ་ལིང་ཀ་དང་། བར་བར་དང་། ནས་གླིང་དང་། སིང་ང་ལའི་གླིང་དང་། ཀ་ལ་ཤའི་གྲོང་ཤ་ཁྱེར་དང་། གསེར་གྱི་ས་དང་། ཧ་རི་ཀ་ལ་དང་། བོ་རོ་ཤ ་ཀ་ཏ་ཧ་དང་། ན་ལི་ཀེ་ས་དང་། ཕ་ན་སའི་གླིང་དང་། ཤུར་བ་དང་། ནིམ་པའི་གྲོང་ཁྱེར་དང་། དཔལ་གྱི་ཞིག་དང་། དངུལ་ཆུའི་གནས་ལ་སོགས་པ་ཡུལ་དང་། ་བྱད་དང་། སྐད་དང་གནས་པ་དང་། ཆོ་ག་དང་། རི་དགས་དང་། རུས་དང་། ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཅན་དུ་མའི་ཡུལ་མི་གནས་པའི་ཡུལ་གཞན་ན་བཞག ་པ་རྣམས་དང་། གང་དག་སྔོན་ཆད་ཉི་ཟླའི་འོད་ཀྱིས་མ་ཕོག་ཅིང་། ཤེ་ཤ་སྦྲུལ་གྱི་ལུས་ཀྱི་འོབས་གནས་རིའི་དྲང་། དེའི་གཙུག་གི་རིན་ཆེན་འོད་ཀྱི་མུན་གསལ ་བའི།། ས་འོག་དུ་ནི་རིང་པོ་མ་ཐོགས་གཤེགས་གྱུར་དང་། གང་དག་ཆུ་ལྟར་ས་ལ་ཐོགས་མེད་བྱིའུ་ཟུལ་མཛད་པ་དང་།། གང་དག་སར་གནས་ཕྱག་གི་རྩེ་མོས ་ཟླ་བ་རེག་མཛད་དང་།། གང་དག་བྱ་ལྟར་ན་མཁའ་ལ་ནི་ཤུགས་ཀྱིས་རྒྱུ་མཛད་ཅིང་། ནམ་བཟའི་ཐ་མས་སྤྲིན་ལིང་འཇིག་མཛད་དང་། གང་དག་དང་ཀླུ་དང་གྲུབ་པ ་དང་། འཁོར་གྱི་ཚོགས་རྣམས་ཀྱིས་རྟག་ཏུ་མཆོད་པའི་རི་འཇིགས་མེད་དང་། བུང་བའི་རི་དང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དང་། ཤར་གྱི་རི་བོ་དང་། ནུད་ཀྱི་རི་བོ ་དང་། ཤ་རི་ཀུན་ཏ་བ་ད་དང་། ཀུན་ད་སོ་མ་དང་། ཏ་མ་སའི་ཚལ་དང་། བསིལ་ཚལ་དང་། ལྷས་སྦྲུལ་དང་། འཇིགས་མེད་རི་དང་། ནགས་ཚལ་ཆེན་པོ་དང་། ཚེར་མ ་ཅན་གྱི་ནགས་ཚལ་དང་། བྱམས་པའི་རི་དང་། ཆུ་སྲིན་བྱིས་པ་གསོད་ཀྱི་རི་དང་། རི་ནག་པོ་དང་། གངས་ཀྱི་རི་དང་། སེར་སྐྱའི་རི་དང་། མེ་ཏོག་གི་རི་དང་། ཙན་དན་གྱི། ་རི་དང་། ཀླུའི་རི་དང་། ཙན་དན་རི་བོ་དང་། ཚེར་མའི་རི་བོ་དང་། ལྷ་ཡུལ་བབས་དང་། ཨ་བ་སིམ་བྷ་དང་། ཀུན་དགའོ་སྟོང་ལྡན་དང་། རིའི་རྒྱལ་མཚན་དང་། ་གཞི་བཀྲུས་དང་། རང་གི་མཆོད་རྟེན་དང་། ས་ལུ་སྤུངས་པ་ལ་ཚེ་རབས་གཞན་དང་གཞན་ན་བསགས་པའི་དགེ་བའི་རྣམ་པར་སྨིན་པས་གྲུབ་པ་ཇི་ལྟར་འབྱོར་པར ་ནུས་པ་དང་མཐུན་པའི་རྩོམ་པས་ཚོགས་བསགས་པ། ཕན་ཡོན་ལྔའི་རྒྱུ་སེམས་ཅན་ཐམས་ཅད་གནས་པར་བྱེད་པ། འཇིག་རྟེན་ཕ་རོལ་ཏུ་བདེ་བ་ཐོབ་པར་བྱེད་པ། ་ཁ་དོག་དང་དྲི་དང་རོ་དང་རེག་པ་དང་ལྡན་པ་ཡིད་དུ་འོང་བ། གྱ་ནོབ་པའི་བཟའ་བ་དང་བཅའ་བ་དང་། ལྡག་པ་དང་། བཏུབོ་པ་དང་། ཞིག ་བ་ལ་སོགས་པའི་ཞལ་ཟས་བཤམ་པར་བྱ་བ་རྣམ་པ་སྣ་ཚོགས། ཞལ་ཟས་ཁྱད་པར་ཅན་གྱིས་སྤྱན་འདྲེན་ཏེ། དེ་ལ་ཐོག་མར་བཅོམ་ལྡན་འདས་ཤག་ཀྱ་ཐུབ་པས་ཡོངསུ ་མྱ་ངན་ལས་མ་འདས་པའི་ཚེ། གང་དག་ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་ཤིང་ཐམས་ཅད་པ་ལུས་པ་བསྲེགས་པ། གཏོང་བའི་ངང་ཚུལ་ཅན་གྱི་སྦྱིན་པའི་ས་བོན་འཕེལ། ་བའི་རྒྱུར་གྱུར་པ་ཕྲ་བ་གཟིགས་པ་མཁས་པ་དེ་ཁོ་ན་ལ་སྒོམ་པ་འདི་ལྟ་སྟེ། གནས་བརྟན་པ་ར་དཱ་ཙ་བསོད་སྙོམས་ལེན་དང་། འཕགས་པ་སྒྲ་ཅན་ཟིན་དང་སྦྱིན་བྱེད་དང་། ་ལམ་བསྟན་དང་། སྐྱེད་བྱེད་དང་། གསེར་བྱིའུ་དང་། རྡོ་རྗེ་ཅན་གྱི་བུ་དང་། འཕགས་པ་སྲུང་བའི་ཀླུ་དང་། ཀླུ་སྡེ་ལ་སོགས་པ་སློབ་མ་ལ་སོགས་པ་སློབ་པ་བསྟན་པ ་གནས་པར་བྱ་བའི་ཕྱིར་གནོད་པར་གྱུར་ཀྱང་ལུས་ཀྱི་ཁུར་ཁྱེར་བ་རྣམས་དང་། གཞན་ཡང་གང་དག་སུམ་བཅུ་རྩ་གསུམ་པའི་སྐྱེ་བོ་ལ་ཕན་པའི་ཕྱིར། གསེར་གྱི་རྡོ་ལེ་བ་ཆེན ་པེའི་སྟེང་ན་འདུག་པའི་རིགས་སྔགས་འཆང་དུ་མ་གླུ་ལེན་པས། གླང་པོ་ཆེ་ཡུར་ལ་བུང་བའི་མཆུ་པད་མ་ལ་འཇིབ་ཅིང་འཁོད་པའི་མན་ད་ར་བའི་རྫིང་གི་ཆུ་དང་ལྡན་ཞིང ་ཡལ་ག་གསལ་བའི་སྟེང་ན་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་བྲེས་པའི་ཤིང་ཡོངས་འདུས་ཀྱིས་ཀུན་ཏུ་མཛེས་པར་བྱས་པའི་རིའི་ལྷུན་པོ་འབབ་ཆུ་འབབ་པའི་ས་གཞི་ལ་འཁོད ་པ་རྣམས་དང་ཡང་ན་གང་དག་གསེར་རི་རྐེད་ནས་བསིལ་བའི་ཆུ་འབབ་པ་ལ། ཆུ་ལ་ཟླ་བའི་གཟུགས་སྙན་བྱུང་གྱུར་ཅིང་། ཟླ་བའི་འོད་ཀྱིས་ཀུ་མུན་ཁ་ཕྱེ་སྟེ། ཀུ་མུན་ཚལ ་ན་སྐད་སྙན་ངང་བ་གནས།། དང་མོ་འཚེའུ་ན་སྒྲ་སྐད་སྙན་པ་འབྱིན། མཚོ་ངོགས་རྨ་བྱ་དགར་བཅས་རྒྱགས་པ་གནས། རྨ་བྱ་རྒྱགས་སྒྲས་རི་སུལ་སྙན་པ་དྲག། རི་སུལ ་ཡལ་ག་གླགས་པས་རི་རྩེ་འཁྲིགས། རི་རྩེ་སྟོང་རྣམས་ན་ནི་སྤྲིན་ཆགས་ལ།། ལང་ལིང་སྤྲིན་གྱི་ཁྲོ་བོ་སྨན་ལྡོང་ཁྲ་བོ་སྣང་།། སྨན་ལྡོང་སྐྱེས་པའི་ནོར་བུ་ལྡུམ་བུ་གསལ། ་ལྡུམ་བུ་ལས་འབྲུལ་ལྷུང་བའི་མེ་ཏོག་ལྡན། མེ་ཏོག་རྒྱས་པའི་སྦགས་གསམས་ཤིང་ཚལ་མཛེས། མཛེས་པའི་ལྷ་མོས་གསེར་གྱི་ཕག་རྐས་དྲུང་།། གསེར་གྱི་ཕག ་རྐེས་སྒྲས་ནི་བྱ་འགྲོགས་ཤིང་།། བྱས་འཆོས་ཤིང་རྟོག་རྩལ་ལས་ཆད་ཅིང་སྤྲུལ། རྩ་འཕྱང་ཁུ་བ་ཟག་པ་སྤོས་ཀྱི་དྲི།། སྤོས་གླང་དབང་པོ་འདྲེག་ཟག་དྲི་རབ་ཞིམ། ་དྲི་རབ་ཞིམ་པའི་ལི་ཤེ་རིའི་འཁོར་མང་། བ་ལང་མེ་རྒྱགས་དྲག་འགྲོ་ལང་ལོང་གྱུར།། བུང་བའི་ཁྱུ་ཡིས་མེ་ཏོག་གཟིགས་གྱུར་ཅིང་།། ཡལ་ཀ་མེ་ཏོག་རྒྱས་པར་གང ་པ་དཀར།། གད་པ་ཆད་པས་ནོར་བུའི་དུབ་དུ་སྣད།། མེ་ཏོག་བགོ་ལོངས་སྤྲུལ་པས་རྣམ་པར་བཀྲ། ནོར་བུ་སིལ་མ་མང་པོས་རེ་ཞིམ་སྤྲས། མེ་ཏོག་ཟེགས་པའི་ཤིང ་གིས་ཕལ་གར་གནས་པའི་བུང་བ་དགའ་བས་འཕུར་རྣམས་དང་། ཟླ་བའི་འོད་ཟེར་དཀར་པོ་ངང་པ་ལྟ་བུས་ཉེ་འཁོར་རྡོ་བ་ཆག་ཆག་བཏབ།། ལྷུན་པོ་མཐོ་བའི་རི་ལ ་ཐུག་པ་གང་དག་རབ་ཏུ་ཞི་བའི་ཐུགས་ཀྱིས་བཞུགས། དེ་དག་དྲི་མེད་ཟླ་འདྲའི་གྲགས་ལྡན་འདིའི་སྦྱིན་པ་གནས་ལ་རྟེན་དུ་གསོལ། རྒྱ་མཚོ ་ཆེ་བའི་ཆུ་འགྲམ་རི་བོ་མ་ལ་ཡའོ།། རི་ངོས་ཐ་མལ་སྦལ་དམིག་འཐོན་པའི་འཕྲེང་བ་ཅན། སྦྲུལ་མང་འཁྲིགས་པའི་ཙན་དན་ཤིང་གི་ནགས་ཚལ་ན། བརྟན་པ་གང་དག ་བཞུགས་པར་གྱུར་པ་དེ་དག་དང་། ཉི་མའི་རྟའི་དམིག་པས་རྡོ་བཅག་ཅིང་མི་འམ་ཅིའི་ལྡན་དང་། ཕོ་བྲང་འཁོར་དཔལ་ཡོན་ཅན་དང་། བྱ་རྒོད་ཀྱི་ཕུང་པོ་དང་། ་རི་དགས་ཀྱི་གནས་དང་། ཀ་ཤོ་ད་དང་། གཙུག་ལག་ཁང་གསར་ཁི་ནས་ཀ་ཤི་ཧི་ལ་སོགས་པས་ཆོ་འཕྲུལ་སླད་དུ་བྱུང་བ་སྣ་ཚོགས་དང་ལྡན་པ་རྣམས་དང་། ་ད་ར་མ་ར་ཛ་ཀི་མཆོད་རྟེན་དུ་མ་དང་། སངས་རྒྱས་གཞིའི་གདན་ཁྲི་ཡོད་པ་བསོད་ནམས་སུ་གྱུར་པའི་སའི་ཕྱོགས་རྒྱུན་མི་འཆད་པར་གློག་པ་དང་། ཁ་ཏོན་དང་། བསམ ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་ཞུགས་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པས་འཇུག་པ་དག་པའི་བཅོམ་པ་རྣམས་བཞུགས་བཞུགས་པ། ཆོས་གོས ་དང་བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དང་། མཚོན་ཆ་རྣམས་ཀྱིས་ལེགས་པར་བྱས་པ། མཐའ་མཐའ་ན་ནི་ཆུའི་གནས ་ཡོད་པ་ལ་ཉེ་བར་སྤྱོད་པས་ཉམས་དགའ་བདེ་བར་གཤེགས་པའི་ཞབས་ཀྱིས་བཅགས་ཙང་བར་གྱུར་པའི་ས་གཞི་ཅན། ཞི་བ་ཐུབ་པའི་སྐྱེ་བོ་ཞིག་གནས་པ་རྣམས ་ན། དེ་ཁོ་ན་སྒོབས་པས་ཉིད་ཀྱི་ཏིང་ངེ་འཛིན་བསྐྱེད་པ། ཚེའི་ལྷག་མ་གནས་པར་མཛད་པ་རྣམས་དང་། གང་དག་ཀློག་འགྱུ་བྱ་བ་གང་དག་གིས་སྐྲ་ལུས་སྐྲ་བྱས་སྤྲིན ་སྣུམ་འདྲ་གྱུར་ནས། བཀྲེས་པ་སྡུག་བསྔལ་སྡོད་གྱུར་མདའ་རྩེ་རྣོན་པོ་ལྟ་བུའི་སྐུ་ཡིས་རབ་གང་ཞིང་། སྒོམ་པས་མིག་ཞུ་མེ་རྟག་བཅས་པའི་མེ་རྣམས་ཀྱིས་ནི་ཀུན་ལུས ་བསྐོར་བའི།། ཡི་དགས་གནམ་དུ་ལྟ་བ་རྣམས་ལ་ཐུགས་རྗེས་སྟེང་ནས་ཆར་གྱི་རྒྱུན་འབེབས་དང་། རིན་ཆེན་ཕྲེང་བྱའི་གྱུར་བགྲིགས་མཐོ་ལ། ངག་རྒྱུ་བག་ཡེངས ་གནས་ཤིང་ལང་ལོང་ཉལ་འགྱུར་ཅིང་། ཆུ་དང་ཉེ་བས་ཆུའི་ཟེར་མས་བསིལ་གྱུར་པ། མཱ་ན་སའི་མཚེ་གླིང་བསམ་གཏན་མཛད་དགུ་དང་། གང་དག་རི་མོ་མང་པོའི་ཤ་དང་། ་ཁྲག་གི་རོ་བྲོ་བ་དགའ་བར་གྱུར་པའི། ཁྭའི་ཚོགས་ཀྱིས་གང་བར་གྱུར་པའི་ས་ཕྱོགས་མགོའི་ཐོད་པགས་ནས་ཚིལ་ཐིགས་ཟག་པའི་སྣུམ་གྱིས་མཆོད་པའི་མེས་ཚིག་ཅིང་། ་རང་གི་མེ་ལྕེས་ཤིང་མཚེར་མ་ཚེར་བསྐམས་ཤིང་སྙིས་པའི་ལག་པ་དང་། རྐང་པ་དང་། སོ་དང་། སྐྲའི་དུམ་གྲུགས་ཀྱིས་གང་ཞིང་། ཟླ་བ་དྲི་མ་མེད་པའི་འོད་ལྟ་བུའི ་ཀེང་རུས་ཀྱི་ཕུང་པོ་ཡོད་པ་ལ། སྐད་ཅིག་དུ་རོ་ལངས་བྱུང་ནས། ཨ་ལ་ལ་ཨ་ལ་ལ་ཞེས་སྒྲ་འབྱིན་ཅིང་། མེ་སྟག་དང་བཅས་པའི་གད་མོ་དྲག་པོས། འབྱུང་བ་འཁྲུག ་ཤིང་སྐྲག་པར་གྱུར་པ། ཆེ་སྤྱད་མི་བཟད་པའི་ཁ་ནས། དུ་བ་དང་བཅས་པའི་མེ་ལྕེ་འབྱུང་བའི་དུ་ཁྲོད་ཆེན་པོ་དག་ན་བུད་མེད་ཀྱི་རོ།། སྤོས་ཤིང་ལྟོ་སྒང་དེར་གྱུར་པའི་སྟེང ་ན་འདུག་ཅིང་། དགའ་བའི་བྱ་རྒོད་མཆུ་དང་། སྡེར་མོས་ལྟོ་བའི་ནང་ནས་སྲིན་བུའི་རིགས་རྣམས་གནས་པ། ཆེ་སྦྱང་གི་སྟོབས་ཀྱི ་ཤུགས་ཀྱིས། དྲངས་པའི་ནང་གྲོལ་དྲི་མ་ཞིམ་པའི་དུམ་བུས་འཁོར་ལ། བྱ་ཁཱ་བཀྲེས་པས། མིག་གི་ཤ་བྲུས་པ་དག་ལ་གཟིགས་ཤིང་། རྟག་ཏུ་མི་སྡུག་སྒོམ་སྟེ། ་གང་དག་ཁ་གཅིག་རོའི་གནས་མལ་དོང་ནས་ནི། ཁྲག་དང་ས་ཆགས་དམར་ཞིང་རྩུབ་པའི་སྐྲ་འཁྱིལ་དང་། བྱའི་མཆུ་དང་སྡེར་མོས་མིག་སྐོ་བྲུས་པ་ཡང་། མི་རེ་བོར་བ ་ལུས་ལ་གཟིགས་པར་གྱུར་པ་དང་། སྒོ་དང་སྲང་བར་ལ་ལར་མེ་འབར་མེ་ལྕེའི་རྩེ་མོ་མང་པོས་མགོ་རྨོངས་ཤིང་། རལ་དྲིའི་གཏུན་དང་རྡོ་བས་བསྣུན་ཅིང་བརྡུངས་ནས་སྐེ ་བོ་ཀུ་ཆོ་འདོན་གྱུར་ལ། གཤིན་རྗེའི་ཕོ་ཉ་སྙིང་རྩེ་མེད་པ་སྡོད་ཅིག་ཟེར་བའི་བཟད་བརླག་སྒྲས་གང་བའི། སེམས་ཅན་དམྱལ་བ་རྣམས་སུའང་སྲོག་ཆགས་དོན་ཕྱིར ་གང་དག་སྐད་ཅིག་འཇུག་པ་དང་། གཞན་ཡང་ཤ་རིའི་བུ་མའི་དུག་མདངས་གླང་པོ་ཆེ་འཁྲུགས་པའི་མདུན་ལོགས་ན་ཡལ་གབྲེགས་པའི་སྡོང་བུ་ཡོད་པ། ཕྱོགས་ཀྱི ་བར་ནས་རླུང་ཆེན་པོ་ལངས་པས་འོད་མའི་ཚལ་བསྐྱོད་ནས་ཁྲི་ཤིང་གི་དྲ་བ་མདུད་པ་ལས་མེ་བྱུང་བ་མེ་ལྕེ་ཤིང་མཆོག་སྣ་ཚོགས་ནས་རི་དགས་དང་། ཕག་རྒོད་མཆོག ་འགྱོགས་པ་བརྒྱད་དག་སྐྲག་ཅིང་མགོ་རྨོངས་པ་ཡོད་པ་ཤིང་ལོ་མང་པོ་ལྷགས་ཤིང་སྙིས་པ་ཅན། བསིལ་བའི་དྲི་བ་མ་སང་སེང་མེད་ཅིང་ཉམས་དགའ་བའི་ལོངས་སྤྱོད ་ཡོད་པ། ནགས་ཀྱི་མ་ཧེ་དང་ཕག་རྒོད་ཀྱིས་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀ་ལ་སྤྱོད་པས་འམ་ཆུ་དྲི་ཞིམ་པོར་གྱུར་པའི་མཚེའུ་འགྲམ་ན། ཤིང་ལ་སྤྲེའུ་ཁྱུ་གནས་པ།། ་ཉེ་འཁོར་གྱི་རི་ལས་ཆུ་རླབས་མི་གྲགས་པར་འབབ་པར་འཁོར་ནས། ནེའུ་སིང་མོད་པའི་ས་གཞི་ཡོད་པའི་འབྲོག་དག་ན། ཞི་བའི་བདག་ཉིད་ཅན་འཆག་པ་དང་། ཀློག་པ ་དང་། ཁ་ཏོན་དང་། བསམ་གཏན་ལ་མངོན་པར་བརྩོན་པ། གང་དག་བག་མེད་པའི་གནས། དར་ལ་བབ་པ་ཡལ་བར་མཛད་པ་རྣམས་དང་། རི་བོ་རྡོ་ལེབ་ཆེ་ཞིང་ཡངས ་པ་རབ་ཏུ་སྣུམ་པར་འདྲ་གྱུར་ཅིང་། གྲོག་གི་ཕྲེང་བར་མི་ལྟོགས་ཡོད་པ་འཇའ་ཡིས་བཀྲ་བའི་བདག་ཉིད་ཅན། ཆུས་བསིལ་སྤྲིན་ཆགས་རྣམས་ལ་ཆུ་འབབ་ཟེར་ཕྲན་ཆགས ་པའི་གཟི་ལྡན་སྤྱན། སེར་བུས་ན་བཟའ་གཡོ་བ་གང་དག་ཉི་མའི་གུང་ལ་བཞུགས་པ་དང་། དེ་བཞིན་རྟག་དུ་གོམས་པའི་ལམ་ནས་འདོང་བའི་གླང་པོ་ཁྱུའི་མིག་རྗེས ་ཡོད་ལ། ནགས་ཀྱི་མ་ཧེ་གང་འཁྲུགས་པའི་རས་གློག་མཁར་ཆེན་པོ་བཤིག་པའི་ཤོལ་གྱི་ཁུར་བུ་ནས་སྦྲུལ་གྱི་ལུས་ཕྱེད་བྱུང་སྟེ། ནགས་ཀྱི་རླུང་འགྲམ་ཡོད་པ། ་སྤད་ཚལ་སྟུག་པོ་དང་། འདམ་བུ་དང་། ཤིང་ཀ་ཤ་སྟུག་པོའི་ཁྲོད་ན་སྟག་གཟིག་ཏུ་གནས་པ་ཅན། ཕག་རྒོད་ཀྱི་སྣས་གྲོགས་པའི་གླ་སྒང་གི་རྩ་བ་འཛིངས་པ་ལྟར་འདུག ་པ་ཡོད་པ། ཤིང་ནི་ཆུ་ལའི་མེ་ཏོག་འབྲུལ་བས་རྡོ་བ་རྩ་དམར་བར་གྱུར་པ་ཡོད་པ། གཤོལ་གྱི་ཕྱོགས་སུ་རི་དགས་ཀྱི་ཁྱུ་འདབ་རྫབ་ཐོགས་པ་ཡོད་པ། ཤིང་ལོ་སྔོན་པ ་ཐུག་པ་སྐྱེས་པ་མང་བར་བད་པའི་གཤེ་བའི་ཤུ་ག་ཏུམ་ངོན་པར་དཤེས་ཤིང་དགེ་པ་བྱགས་གན་པ་རྣམས་དང་། རིན་པ་ཆེའི་འོད་བར་། ་གྱིས་ཆུ་རྩ་དམར་བར་གྱུར་པ། ཐུགས་བསམ་གཏན་ལ་ཞེན་པས་དཔག་བསམས་ཀྱི་ཤིང་གི་ལྕུག་མ་རྩེ་མོར་རེག་པའི་རི་སྤོས་ཀྱི་ངད་ཀྱི་སུལ་ན་རྩོལ་བ་མེད་པ་གང་དག་བཞུགས ་པ་དང་། གང་དག་སེང་གེ་བསྒྱིངས་པ་ཡོད་པས། རི་དགས་རྒྱུ་བ་དང་ལྡན་པ། ཆུ་འདུས་ཏེ་བབ་པ་ཡོད་པ། གཡོས་པས་སྟེང་གི་རྩེ་མོ་ལྡེམ་པའི་སྔགས་ཀྱིས་སྐར་མའི ་ཚོགས་འཕགས་པ། སའི་སྟེང་ན་ལྕི་བ་ལྷུན་པོ་ཡང་ལྕུག་ཕྲན་ལ་བྱ་བ་བཞིན་དུ་སྒྲིམ་མི་དགོས་པར། ཞབས་ཀྱི་སོར་མོས་སའི་འོག་གི་རྨང་དང་བཅས་པར་བསྐུལ་བར་འཕེན་པ ་དག་དང་ཏིང་ངེ་འཛིན་ཐོབ་པ་གང་དག་ཆར་པའི་ཆུས་རྡོལ་པའི་འོད་ཟེར་བྱང་བ། ཟླ་བ་ལྟ་བུ་ཡོད་ཅིང་རྨད་རྡོ་དང་། རྩིག་ངོས་ཤག་ཤིག་དུ་གྱུར་པའི་འཚམས་སུ་རྒྱ་ཆགས་ལ། ་སྦྲུལ་སོགས་རླུང་གིས་གང་སྟེ། སྒང་དེར་འདུག་ཅིང་འགྲེང་བ་རྟག་ཏུ་ཡོད་ཅིང་། ནགས་ཀྱི་རི་དགས་ཀྱི་ལྕེས་ཚ་སྒོ་རྡུལ་ཅན་རྩུབ་མོ་ལྤགས་པས། ཤིང་རྩེ་སེང་པོར ་གྱུར་པ་ཡོད་ལ། ཅིག་རྨད་དུ་སྲིན་བུ་གོད་པའི་ཚོ་གས་རིང་ནས་གནས་པར་གྱུར་ཅིང་སྲེ་མོ་མགོ་བསྟོད་དེ་ཕྱོགས་སུ་ལྟ་བས་བྱི་བ་སྐྲག་པ་ཡོད་ལ། ནང་དུ་རྩ་སྔོན་པོ ་སྟུག་པོ་སྐྱེས་པ་ཡི་འཛག་མའི་དྲུང་གི་རྩེག་ན་ཕྱེ་མ་ལེབ་རྒྱུ་བ་ཡོད་ཅིང་། འུག་པ་མང་པོ་སྒྲ་འབྱིན་ཅིང་གླུ་ལེན་པ་ལྟ་བུ་ཡོད་པའི་གྲོང་སྟོང་གསུམ་ཀྱང་། ཏིང་ངེ་འཛིན ་། མ་བྱས་པ་རྣམས་ན། སྟོན་པའི་བཀའ་ནན་ཏན་གྱིས་བསྒྲུབས་པ་རྣམས་དང་། གཞན་ཡང་གང་དག་གཡག་གི་དམིགས་པས་རྡོ་བཅག་ཡོད་ཅིང་སྤྲིན་ལྡིངས་ལྡན་གྱུར་ལ། ་མཐུ་མར་ས་ར་དང་། ཐང་ཤིང་སྐྱེས་ལས་ཆུ་བསིལ་མི་ཁེབས་འབབ་ཡོད་ཅིང་། བསམ་གཏན་ཞེན་པའི་བློས་ན་ཁ་བ་བབ་པས་ཆོས་ལྕི་ཞིང་ཟག་གྱུར་ཀྱང་། གངས་རི ་དག་གི་ལྡོང་ན་འགྲོ་བ་ཤིང་གི་དྲུང་དུ་བཞུགས་པར་དགྱེས་པ་དང་། ནང་ན་ཆུ་སྲིན་འཁྲུགས་ཏེ་གཡོས་པས་ཉ་རྣམས་འབྱེར་ཞིང་། སྐོམ་པས་གཤོད་དུ་འཁྱིལ་བར་སྦྲུལ ་དབུགས་ཕྱུང་བས་དཔའ་རླབས་རྒྱུན་ཆད་པའི་རྒྱ་འཚོ་ལ་ཡང་མཚན་མོ་བསྟན་པ་གང་དག་འཆག་མཛད་པའི། སྣོད་གྱུར་བདག་ཉིད་ཐུགས་ལྡན་ཙང་མའི་ལྷུང་གཟེད ་ཕྱག་སྣམས་ཤིང་། བསོད་ནམས་ལྡན་པའི་སྐུ་ལུས་ན་བཟའ་ཆོས་གོས་རབ་གཡོ་བ། དེ་དག་སང་གི་གདུགས་ནི་ནམ་གྱི་གུང་དུ་ཕྱིན་པ་ན། འགན་དྷེ་བརྡུངས་པའི ་སྒྲ་སྙན་སྐད་བསང་དྲག་པའི་ཚེ། སྟན་ཆོས་སྣ་ཚོགས་ཀྱི་དེ་ཁོ་ན་གོམས་པའི་ཆུ་བླུགས་པས་མི་ཤེས་པའི་སེམས་ཀྱི་དྲི་མ་བཀྲུས་པ་ཡིས་མཁས་འཚོགས་འདུས་པ། ་ཉི་མ་ཤིན་ཏུ་མང་པོ་ནས་འདྲིས་པའི་སྤྲོས་པ་དང་བཅས་པ། བདེ་བར་གཤེགས་པའི་གསུང་རབ་རིན་པོ་ཆེའི་སྒྲོམ་བུར་གྱུར་པ་དགེ་བའི་ཚོགས་བདུད་རྩིའི་བཏུང་བའི་གཞིའོ།། ་ཡེ་ཤེས་ཀྱི་གསེར་མ་གཏོགས་པ། བདར་བའི་བདང་སྔོན་པོར་གྱུར་པ། ལེགས་པར་སྤྱད་པའི་སྟོང་གི་ཚོགས་བསགས་པས། གྲགས་པའི་རྒྱ་ཆེ་བ་དང་ལྡན་པ། ་སྦྱིན་བདག་ཆེན་པོ་བདག་ཉིད་ཆེན་པོ་ཅན་སྟོན་གྱི་ནམཐང་བ་ལྟ་བུའི་ཡིད་དང་ལྡན་པ། མིང་འདི་ཞེས་བྱ་བའི་གང་དུ། མ་ཧེའི ་རྭ་ལྟར་སྡེ་ཞིང་དྲི་མེད་མཁའ་ལས་འཕུར། གཟི་བརྗིད་ཀྱིས་ནི་ཉི་མའི་འོད་ཟེར་སྟོང་མཐོང་ཞིང་། མངོན་དུ་ཕྱོགས་ནས་འོངས་པའི་སྤྲིན་ནི་དྲལ་ནས་སུ། སྐྱེ་བོ་ཕན་ཕྱིར ་ཐུབ་རྣམས་སང་འདིར་གཤེགས་སུ་གསོལ། རྒྱུན་མི་འཆད་པར་ཏིང་འཛིན་དང་། ཀློག་པ་དང་། འཆག་པ་དང་། སྐྱེ་བོ་བླ་མ་ལ་སྟེན་པར་སྔོན་དུ་དགའ་བའི་བློ་གྲོས ་དང་ལྡན་པ། མྱ་ངན་ལས་འདས་པའི་ལམ་གྱི་རྗེས་སུ་འཐུན་པ། ཁ་ན་མ་ཐོ་བ་མེད་པའི་རིག་པ་གསུམ་རབ་ཏུ་བསྒྲུབ་པ། ཉོན་མོངས་པ་ལས་གྲོལ་བར་འདོད་པའི ་དགེ་སློང་གང་དག་འདི་ན་གནས་པ། འདུལ་བའི་ཆོ་ག་ལ་གོམས་པ། ལུས་དང་། ངག་དང་། ཡིད་ཀྱི་འཇུག་པ་བཞི་དང་ལྡན་པ་དེ་དག་ཀྱང་མ་ལུས་པར་ཅི་བ་དེར། ་དེ་མོད་ཀྱི་མཚན་མོ་ཟད་པར་མཛོད་ལ། འདི་ཉིད་དུ་གནས་མཛོད་ཅིག། ཐུབ་པའི་སྲས་མོ་ཤེས་རབ་ཞི་དང་དུལ་བས་བརྒྱན་པའི་དགེ་སློང་མ། ཐ་དད་གླིང་དང་ཀྲུང ་དང་ནགས་དང་རི་རྣམས་སྤྲོས་པའི་བསམ་བྲལ་ཞིང་། འདོད་ཆགས་ཞེ་སྡང་གཏི་མུག་དྲི་བྲལ་ཞིང་འོས་འགྲོ་བའི་མ་ལྟ་བུ། དེ་དག་དགྱེས་པར་མཛོད་ལ་སྦྱིན་བདག་ཕན ་པར་བཞེད་པས་སང་འདིར་སྤྱོན། ཕྱག་ན་རྡོ་རྗེ་ལ་སོགས་ས་ལ་གནོད་སྦྱིན་ཙོ་བོ་དང་། གྲུབ་པ་རྣམས་དང་གང་དག་ལྷ་མ་ཡིན་དང་། ཀླུ་རྣམས་དང་། ་སངས་རྒྱས་ལ་ནི་རབ་ཏུ་དད་པའི་ལྷ་མཆོག་གང་ཡིན་པ། དེ་དག་རྣམས་དང་སྦྱིན་བདག་འདི་ལ་ཕན་ཕྱིར་སང་སྤྱོན་ཅིག། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ་རིགས་སྔགས་འཆང་དང་། གྲུབ་པ་དང་། མི་འམ་ཅི་དང་ནམ་མཁའ་ལྡིང་ལ་སོགས་པ་འབྱུང་པོ་ཆེན་པོ་རྣམས་དང་། སྟོབས་བཅུ་མངའ་བའི་ཡོན་ཏན་སྒྲུབ་པ ་དང་ལྡན་པ་རྣམས་ཀྱིས་ཀྱང་དམ་པའི་ཆོས་གནས་པར་བྱ་བ་དང་། སྦྱིན་བདག་ཆེན་པོ་བདག་ཉིད་ཆེ་བ་འདི་སྣོད་བཟང་པོ་ལ་སྦྱར་བ་དང་། སྦྱིན་བདག་ཆེན ་པོ་འདི་ལ་གྲོགས་བགྱི་བས། ཉིད་ཀྱིས་དགེ་བའི་ཡོན་ཏན་བསྐྱེད་པ་ལ་ནན་ཏན་མཛོད་ཅིག། རྒྱུན་མི་འཆད་པར་བསྲུང་བ་དང་། སྐྱབས་པ་དང་བསྐྱད་པ ་ལ་བརྩོན་པར་མཛོད་ཅིག། ཡང་དུལ་བ་དང་། ཚུལ་ཁྲིམས་དང་། ཐོས་པས་ཤིན་ཏུ་ཆེ་བའི་འཕགས་པའི་དགེ་སློང་གི་དགེ་འདུན་འདུས་པ་ལ་གསོལ་བ ་འཚལ་ལོ།། ལྷུན་པོ་ལས་བྱུང་སྦྲུལ་མགོ་ལྔ་འདྲ་རྡོ་རྗེ་ཀ་ན་ཀེ། ཉ་དང་གདུགས་དང་འཁོར་ལོ་དག་དང་ལྕགས་ཀྱུའི་མཚན་མངའ་བ། པད་མ ་གསེར་གྱི་དཔལ་ལྡན་ཕྱག་སོར་དྲ་བ་སྲང་མོས་འབྲེལ། སེན་མོའི་འོད་ཀྱིས་ཁྱབ་པ་རྒྱལ་བའི་ཕྱག་གིས་བསྒྲུབ་པར་ཤོག། སྲེད་པའི ་འདོད་ཆགས་ཉོན་མོངས་ཞགས་པ་བསལ་ཅིང་སྲེད་མེད་ལ། ཆུའི་ཆུ་སྟེང་ལྟ་བུར་ཡོན་ཏན་རྣམས་ཀྱི་གནས་ཅིག་པོ།། ཐུབ་པ་སྲས ་མཆོག་དགེ་འདུན་བདག་གྱིས་གུས་པར་སྤྱན་དྲངས་པ། དི་རིང ་དགེ་བ་གང་བསགས་དེས་ནི་བྱང་ཆུབ་ཐོབ་གྱུར་ཅིག། ཇི་སྲིད་མཁའ་ལ་འོད་དྲོ་འོད་ཀྱིས་གསལ་བ ་པ་རྣམ་པར་སྣང་བྱེད་ཅིང་། རི་དགས་རྟགས་ཅན་འོད་ཀྱིས་རལ་བའི་དཀྱིལ་འཁོར་ལྡན་པ་འཆར་བ་དང་། ་རྒྱ་མཚོ་རྒྱས་པར་གནས་པ། དེ་སྲེད་ལྷ་དང་ལྷ་མིན་ཕྱག་བྱས་པའི། བདེ་བར་གཤེགས་པའི་བསྟན ་བ་ཐོགས་པ་མེད་པར་གནས་པར་ཤོག།། གནས་བརྟན་སྤྱན་དྲང་པ།། རྫོགས་སྷོ།། ་སརྦ་པདྨ་ལཾ།། བཀྲ་ཤིས། དག་གོ།། ཞུ་དག་གོ།།་