| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨརྱ་སུ་ར་ཏ་པ་རི་པྲིད་ཙ་ན་མ་མ་ཧའ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས། ་ལེའུ་སྟོང་ཕྲག་བརྒྱ་པ་ལས། ངེས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་མཚོ་ལ་མགོན་མེད་ཟས་སྦྱིན་གྱི་ཀུན་དག ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དག་དང་ཐབས་གཅིག་ཏུ་བཞུགས ་ཏེ། འཁོར་བཞི་དང་། རྒྱལ་པོ་དང་། བློན་པོ་དང་། གྲོང་རྡལ་གྱི་མི་དང་། ལྗོངས་ཀྱི་མི་རྣམས་ཀྱི་བཀུར་སྟི་བྱས། བླ་མར་བྱས་པ་རིམ་གྲོར་བྱས། མཆོད ་པ་བྱས་སོ།། དེའི་ཚེ་ཉན་ཐོས་ཀྱི་གྲོང་ཁྱེར་ན། གྲོང་ཁྱེར་གྱི་དབུལ་པོ་ངེས་པ་ཞེས་བྱ་བ། སངས་རྒྱས་དད་པ་མི་ཕྱེ་བ་དང་ལྡན་པ། ཆོས་ལ་དད་པ་མི་བྱེད། ་པ་དང་ལྡན་པ། དགེ་འདུན་པ་དད་པ་མི་བྱེད་པ་དང་ལྡན་པ། བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་བྱམ་པ ་གནས་ཏེ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། སྙིང་རྗེ་ལ་གནས་ཏེ། ཡིད་ཡོད་ད་སུ་སྐྱོ་བ་མེད་པ། དགའ་བ་ལ་གནས་ཏེ། ་ཆོས་ཀྱི་ཀན་དགའ་ལ་དགའ་ཞིང་མོས་པ། བཏང་སྙོམས་ལ་གནས་ཏེ། བདེ་བ་དང་སྡུག་བསྔལ་གྱིས་མི་སྐྱོད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ལ་ཡང་དག་པར་ཞུགས་པ། སྔོན་གྱི་ཚུལ། ཕུན་སུམ་ཚོགས་པ། ཐབས་ལ་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་། དབུལ་པོར ་མིང་དུ་ཆགས་པ་ཞིག་གནས་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་མིག་རྣམ་པར་དག་པ། མི་ལས་འདས་པས་གྲོངས་ཁྱེར་གྱི་དབུལ་པོ་དེས་པ་ཤིན་ཏུ་འདོད ་པ་ཆུང་བ། ཆོག་ཤེས་པ། ཚུལ་ཁྲིམས་བརྟུལ་ཞུགས་དང་ལྡན་པ། ཡིད་འཁྲུགས་པ་མེད་པ། རྟག་ཏུ་བཞིན་འཛུམ་པ། གཞན་གྱི་འཁྲུལ་པ་དག་ལ་སྐྱོན ་དུ་མི་ལྟ་བ། སེམས་ཅན་ཐམས་ཅད་ཀྱི་སེམས་བསྲུང་བ་བསྒོམ་པ་མེད་པ། ཤེས་བཞིན་དུ་སྤྱོད་པ། ཚིག་ཤེས་ཤིང་དགང་སླ་ལ་གསེ་སླ་པ། བསམ་པ ་ཕུན་སུམ་ཚོགས་པ། གཡོ་མེད་པ། ང་རྒྱལ་མེད་པ། བཀའ་བློ་བདེ་བ། འཐུན་པར་འཛིན་པ། རྟག་ཏུ་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ། ལག་ན ་ལོའི་སྣོད་ཐོགས་པ། རྩཝ་བཏིང་བ་ལ་ཉལ་བགོས་ངན་པ་གྱོན་པ། རྙེད་ཀྱང་མི་ལེན་པ། བཟངས་ཡང་རུང་ངན་ཀྱང་རུང་བགོ་བ་ཤལ་བྱས་ནས་ཟ་བ།། ་དུས་གསུམ་དུ་དེ་བཞིན་གཤེགས་པ་ལ་ལྟ་བ་ཆོས་ཉན་པར་འདོད་པ། གཏམ་སྣ་ཚོགས་བྱུང་བ་ལ་སྤོབས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱིས་མངོན ་ན་དགའ་བ་དེ་མཐོང་ངོ་།། མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། དེ་ཅི་གྲོང་ཁྱེར་གྱི་དབུལ་པོ་འདི་ཡིད་དམ་ལ་བསྟན་ནམ་མི་བསྟན་བདག་གིས་བརྟག་གོ།། ་སྙམ་མོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་མང་པོ་མངོན་པར་སྤྲུལ་ནས། གྲོང་ཁྱེར་གྱི་དབུལ་པོ་ངེས་པ་ལ་ཚིག་ངན་པདག་གིས་གཤེ་ཞིང་སྦྱོར་བར ་བྱེད་དོ།། བོང་བ་དང་། དབྱུགས་པ་དང་། མཚོན་ཅ་དག་ཀྱང་བསྟན། ན། ངེས་པ་དེ་བཟོད་པའི་སྟོབས་ཀྱིས་དང་དུ་ལེན་པར་བྱེད། དེ་མི་འཁྲུགས་ཅིང་གནོད ་སེམས་མི་སྐྱེད་དོ།། དེ་ནས་ལྷའི་དབང་པོ་ངརྒྱ་བྱིན་གྱི་མིན་གཞན་དག་ཅིག་ཏུ་སྤྲུལ་ནས། ངེས་པ་དེའི་མདུན་དུ་བཞག་སྟེ། ངེས་པ་དེ་ལ་དགའ་བའི་ཚིག་གི ་ཁོ་བོ་ཅག་ནི་ཁྱོད་ཀྱིས་དོན་བྱེད་པར་འདོད་པ་ཡིན་གྱིས། ཅི་སྟེ་ཁྱོད་འདོད་པ་ལྟ་ནི་ཁྱོད་ལ་སྡིག་པའི་དགྲ་གང་ཡིན་པ་དེ་དག་ཁོ་བོ་ཅག་གིས་ཆར་གཅད་པར ་བྱའོ།། ཞེས་སྨྲས་སོ།། དེས་པས་སྨྲས་པ། གྲོགས་པོ་དག་ཐོང་དེ་སྐད་མ་ཟེར་ཅིག། གལ་ཏེ་མི་འདི་དག་གིས་ཁོ་བོའི་ལུས་དུམ་བུ་བརྒྱར་དུམ་བུ་དུས་དུ། ་གཏུབས་སུ་ཟིན་ཀྱང་། ཁོ་བོ་རི་མི་དག་ལ་སྡིག་པའི་སེམས་མི་སྐྱེད་དོ།། གྲོགས་པོ་དག་འཇིག་རྟེན་དག་ནི་དགེ་བ་དང་། མི་དགེ་བོའི་ཕྱོགས་གཉིས་ལ་གན། ་དེའི་འགྲོ་བ་ནི་གཉིས་ཁོ་ན་སྟེ། དགེ་བའི་ཕྱོགས་ཀྱི་ནི་བདེ་འགྲོའོ།། མི་དགེ་བའི་ཕྱོགས་ཀྱི་ནི་ངན་འགྲོའོ།། དེ་བས་ན་ཁོ་བོ་ནི་སེམས ་ཅན་ཕ་རོལ་ཚིག་བཟ་བར་བྱེད་པར་ཡང་མི་འདོད་ན། གཙེ་བ་ལྟ་ཅི་སྨོས། དེ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། ས་བོན་ཚ་བ་རྣམས་ཀྱི་ནི། འབྲས ་བུ་ཚ་བ་སྐྱེ་བར་འགྱུར།། ས་བོན་དང་ར་བ་རྣམས་ཀྱི་ནི། འབྲས་བུ་དང་ར་བ་སྐྱེ་བར་འགྱུར། དཔེ་ཟླར་བྱ་བ་འདི་ཡིས་ན།། སྡིག་པའི་རྣམས་སྨིན་ཚ་བ་དང་།། དཀར ་པོའི་འབྲས་བུ་དང་ར་དྭ་ཡང་།། མཁས་པའི་མིས་ནི་ཤེས་པར་འགྱུར། རྟག་ཏུ་ལུས་དང་ངག་དང་ཡིད་ཀྱི། སྡིག་པའི་རྣམས་གསུམ་མི་བྱ་ཞིང་།། གཞན་དག་བྱེད ་ཀྱང་མཁས་པ་ཡིས། རྗེས་སུ་དགའ་བར་མི་བྱའོ།། ལུས་དང་ངག་དང་ཡིད་རྣམས་ཀྱི། དཀར་པོ་རྣམས་གསུམ་ཏུ་བྱ།། གང་དག་དགེ་བ་སྤྱོད་བྱེད་པ། གཞན ་དག་ལ་ཡང་ཡིརང་བྱ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུས་གཞན་ཞིག་ན། ངེས་པ་ལ་དབྱིག་དང་། གསེར་མང་པོ་བསྟན་ནས་འདི་སྐད་ཅེས་སྨྲས་སོ།། ་ངེས་པ་འོན་འདི་ལས་ཁྱེར་ལ་སྦྱིན་པ་དག་བྱིན་ཅིག། བསོད་ནམས་ངག་གྱིས་ཤིག། གོས་དང་རྒྱན་དག་ཀྱང་ཐོགས་ཤིག། ཁྱོད་ངན་ཅིང་དབུལ་བས་ཅི་ཞིག། ་བྱ། དེས་པས་སྨྲས་པ། གྲོགས་པོ་སྔོན་སེམས་ཅན་རྣམས་ལ་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པས་འདིར་དབུལ ་བོ་ཞེས་བྱ་བར་གྱུར་ཏོ།། དེ་བས་ན་ཁོ་བོ་ནི་མ་བྱིན་པར་ལེན་པ་བྱེད་པར་མི་འདོད། བརྒྱ་བྱིན་གྱིས་སྨྲས་པ། ངེས་པ་ཁྱོད་ད་ལྟར་བདེ་བར་འཚོ་བར་གྱིས་ཤིག། འཇིག་རྟེན་པ ་རོལ་བསམ་པས་ཁྱོད་ལ་ཅི་ཞིག་བྱ། ངེས་པས་སྨྲས་པ། གྲོགས་པོ་གང་ཚེ་འདི་ཆེད་ཆེར་འཛིན་པ་འདི་ནི་བྱིས་པའི་ཡིན་གྱི། མཁས་པ་རྣམས་ནི་ཚེ་ཕྱི་མཆེད་ཚེར་འཛིན ་ཏོ།། འདོད་པས་ཟིལ་ཀྱིས་ནོན་པ་དང་། ཞེ་སྡང་གིས་ཟིལ་ཀྱི་ནོན་པ་དང་།། གཏི་མུག་གིས་ཟིལ་གྱིས་ནོན་པ་དང་། འདོད་ཆགས་ཀྱིས་ཟིལ་ཀྱིས་ནོན་པ་དག་ནི་མ་བྱིན ་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་བརྐམ་པ་མ་ཡིན་ནོ།། སྒྱོགས་འཇོགས་ཆེད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་སྔོགས ་འཇོགས་མི་བྱེད་དོ།། བདག་གིར་འཛིན་པ་དང་། བཅས་ཤིང་ཡོང་སུ་འཛིན་པ་དང་། བཅས་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་བདག་ཏུ ་མི་འཛིན་ཅིང་ཡོངསུ་འཛིན་པར་མི་བྱེད་དོ།། ལུས་དང་སྲོག་ལ་ལྟ་བ་དག་ནི། མ་བྱིན་ལེན་པར་བྱེད་ཀྱི་མཁས་པ་དག་ནི་ལུས་དང་སྲོག་ལ་མི་ལྟའོ།། ངོམས ་མི་ཤེས་ཤིང་ཚོགས་མི་ཤེས་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་ངོམས་ཤེས་ཤིང་ཆོག་ཤེས་པ་ཡིན་ནོ།། མཚོ་བ་ཡོངསུ་མ་དག ་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་མཚོ་བ་ཡོང་སུ་དག་པ་ཡིན་ནོ།། ལས་མ་མཐོང་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས ་བདག་ནི་འཚལ་ཡོངས་སུ་དག་པ་ཡིན་ནོ།། ལས་མ་མཐོང་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་བདག་ནི་ལས་མཐོང་བ ་ཡིན་ནོ།། རྣམ་པར་འཚེ་བ་ཆེད་ཆེར་འཛིན་པ་དག་ནི་མ་བྱིན་པར་ཀྱི། མཁས་པ་དག་ནི་རྣམ་པར་མི་འཚེ་བ་ཆེད་ཆེར་འཛིན་ཏོ།། བྱམས་པའི་སེམས་མེད་པ་དག་ནི ་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་བྱམས་པའི་སེམས་དང་ལྡན་ནོ།། ཕྱིན་ཅི་ལོག་བཞིས་སེམས་བསླད་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས ་པ་དག་ནི་སེམས་ཕྱིན་ཅི་མ་ལོག་པ་ཡིན་ནོ།། གཞན་ཡང་སེམས་ཅན་དབུལ་པོ་གང་ཡིན་པ་དེ་དག་ཁོ་བོས་ཚིགས་སུ་བཅད་པ་དག་གིས་བཤད་ཀྱིས་ཉོན ་ཅིག། བྱེ་བ་ཕྲག་སྟོང་གཏེར་ཡོད་ཀྱང་།། གང་དག་ལ་ནི་གཏོད་མེད་པ། དེ་དག་འཇིག་རྟེན་འདིར་བུལ་ཞེས། ཐོས་མང་རྣམས་ཀྱིས་དེ་སྐད་བཤད། གང་ལ ་ཟིན་ཅིག་མེད་བཞིན་དུ། དེ་ནི་གཏོང་ལ་རབ་གནས་ན། དེ་ནི་འཇིག་རྟེན་ནོར་ཆེ་ཞེས། ཡང་དག་གཟིགས་པ་རྣམས་ཀྱིས་བཤད། གང་ལ་སྡིག་མེད་འཕགས ་པ་ནི། རྣམ་པ་ཀུན་གྱི་མཛེས་པ་ཡིན། བྱིས་པ་སྡིག་པ་བྱེད་པ་ནི། ཤིན་ཏུ་བརྒྱན་ཀྱང་མཛེས་མ་ཡིན། མཁས་པ་དག་གིས་སྤྱོད་བླའི། བྱིས་པས་བསྔབ ་པ་དེ་ལྟ་མིན། བྱིས་པ་སྡིག་པ་བསྔགས་པར་བྱེད། མཁས་པ་དག་ནི་སྡིག་ལ་སྨོད། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དུས་གཞན་ཞིག་ན་མི་གན ་ཞིག་སྤྲུལ་ཏོ།། དེ་ནས་མི་དེས་གསེར་མང་པོ་ཁྱེར་ཏེ། ངེས་པ་ལས་འདི་སྐད་ཅེས་སྨྲས་སོ།། ཀྱེ་ངེས་པ་གསེར་ཁྱེར་ལ་ཁོ་བོ་མི་གཞན་ཞིག་དང་རྩོད་པ་དེ་ལ ་ཁྱོད་གཅིག་པུས་ཆེ་བཞི་བྱ་བར་ཁོ་བོས་བྱས་ཀྱི་དེར་ཁོ་བོའི་ཆེ་བཞི་གྱིས་ཤིས་ཤིག། དེས་པས་སྨྲས་པ། གྲོགས་པོ་ཐོང་ཁྱོད་དེ་སྐད་མ་ཟེར་ཅིག། ཁོ་བོ་ན ་རྫུན་ཟེར་དུ་མི་འདོད་དོ།། ཀྱེ་གྲོགས་པོ་རྫུན་དུ་སྨྲ་བ་ནི་བདག་ལ་ཡང་སླུ་ཞིང་། ཕ་རོལ་ལ་ཡང་སླུ་ལ། འཕགས་པ་ལ་ཡང་སླུ་བ་ཡིན་ཏེ། གྲོགས་པོ་དམས ་པར་བྱེད་པ་དང་། ཡིད་ནི་སོ་པ་དང་། ཡིད་དུ་མི་འདྲེས་པར་བྱེད་པ་དང་། བསྐུས་པར་བྱེད་པ་དང་། སེམས་ཡོངས་སུ་གདུང་བར་བྱེད་པ་ཡིན་ནོ།། ཀྱེ་གྲོགས ་པོ་རྫན་དུ་སླ་བ་ནི་ཁ་མནམ་པར་བྱེད་པ་དང་། ལྷའི་ཡིད་དུ་མི་འོང་བར་བྱེད་པ་ཡིན་ནོ།། ཀྱེ་གྲོགས་པོ་རྫུན་དུ་སྨྲ་བ་ནི་དགེ་བའི་རྩ་བ་རྣམས་ལ་ཀུ་བ་དང་། དྲན ་པ་རྨུགས་པར་བྱེད་པ་དང་། མཐོ་རིས་ཀྱི་ལམ་ལ་སྒྲིབ་པ་ཡིན་ནོ།། ཀྱེ་གྲོགས་པོ་རྫུན་དུ་སྨྲ་བ་ནི་འཕགས་པ་རྣམས་ཀྱིས་བརྩན་པར་མི་བྱ་བ་དང་། ་ཡང་དག་པར་སྨྲ་བ་རྣམས་ཀྱི་ནང་དུ་ཚིག་མི་མཛེས་པ་དང་། མཁས་པ་རྣམས་སྨད་པོ་དང་། སྡིག་པ་ཐམས་ཅད་ཀྱི་རྩ་བ་དང་། བརྟུལ་ཞུགས་ཡོངསུ ་སྐོང་བྱའི་གཅོད་པ་དང་། ངན་འགྲོ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་ནོ།། དེ་ནས་དེའི་ཚེ་གྲོང་ཁྱེར་གྱི་དབུལ་པོ་ངེས་པས་ཚིགས་སུ་བཅད་པ་འདི་དག་སྨྲས།། ་རྫུན་དུ་སྨྲ་བའི་ཁ་ནས་ནི།། རྡུལ་པའི་དྲི་ཡང་མནམ་པར་འགྱུར། དགོན་པར་ཅི་ལྟར་བཅོམ་པ་བཞིན། སྔོན་གྱི་དཀར་རྣམས་སྤོངས་པར ་བྱེད། རྨོངས་པས་བདག་དང་ལྷ་རྣམས་དང་།། འཕགས་རྣམས་ཡིད་ཀྱང་འབྱུང་བར་བྱེད།། མི་ནི་གང་ཞིག་རྫུན་ཟེར་བ།། དེ་ནི་རྟག་ཏུ་དོགས་པར་འགྱུར།། རྫུན ་དུ་སླུ་བར་བྱེད་པ་དེ།། སྡིག་པ་ཀུན་གྱི་རྩ་བ་དང་།། དཀའ་ཐུབ་ཅན་གྱི་རྩ་གཅོད་དང་།། ངན་འགྲོ་འགྲོ་བ་ཞེས་ཀྱང་བྱ། གལ་ཏེ་འཛམ་གླིང་གང་བའི།། གསེར ་དགེ་ཁྱོད་ཀྱིས་བྱིན་ན་ཡང་།། ཁོ་བོ་ཆོས་ནི་བསྲུང་བའི་ཕྱིར། རྟག་ཏུ་རྫུན་ན་ནི་སྨྲ་མི་བྱེད། དེ་ནས་བརྒྱ་བྱིན་གྱིས་སྤྲུལ་པའི་མིས། ངེས་པ་རྫུན་ཟེར་དུ་གཞག ་མ་ནུས་ས་སོང་ངོ་།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་མོ་བདེ་སྒྲོགས་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེད་གཉིས་སོང་བ་ལ་བརྟུལ་ཞུགས་དང་དཀའ ་ཐུབ་བྱེད་པ་འདི་ཅི། འདོད་པ་ལ་ལོངས་སྤྱོད་པ་ཞིག་གམ། འོན་ཏེ་འདོད་པ་དོན་ཏུ་མི་གཉེར་བ་ཞིག་ཡིན་པ་རྟོགས་ཤིག། དེ་ནས་ལྷ་མ་ཡིན་གྱི་བུ་མོ།། ་བདེ་སྩོགས་དང་། ལྷའི་བུ་མོ་གཉིས་འད་ནམ་ནངས་ནས། ཕྱོགས་གང་ན་ངེས་པའི་འདུག་པའི་ཕྱོགས་དེར་སློང་ནས། ངེས་པ་ལ་ཚིག་སྙན་པར་སྨྲས་ཏེ། དེས ་པ་བཞེངས་བདག་ཅག་གཉིས་ནི་ཁྱོད་ཀྱི་བསྙེར་བཀུར་བགྱིད་པ་ལག་སོ།། ངེས་པ་བདག་ཅག་གཉིས་ཀྱི་གཟུགས་ཕུན་སུམ་ཚོགས་པ་ལ་གཟིགས། ་ཉིད་འོད་དང་། ལྷ་མ་ཡིན་གྱི་བུ་མོ ་ཤ་ཚུགས་དང་། ཁ་དོག་དང་དབྱིབས་དང་། ལུས་བྱུག་པ་དང་། རྒྱན་དང་ཆས་དང་། ལྷབ་ལྷུབ་བདག་ལ་གཟིགས། ན་ཚོད་དང་པོའི་ལང་ཚོ་ལ་བབ་པ་ལ། ་གཟིགས། དེས་པ་ཁྱོད་ཀྱི་བསྙེན་བཀུར་བགྱིད་པ་འདི་དྲ་བ་བདག་ཉིད་ཀྱི་བསོད་ནམས་ཕུན་སུམ་ཚོགས་པ་ལ་གཟིགས། ངེས་པས་བལྟས་ནས་སྨྲས་པ། ཁྱེད ་གཉིས་ནི་སེམས་ཅན་ཐམས་དམྱལ་བ་དང་། བདུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ཞུགས་པ་རྣམས་ཀྱི་སྙེན་བཀུར་བྱེད་པ་ཡིན་གྱི། ལྷ་དང ་མིར་ཞུགས་པ་དག་གི་ནི་མ་ཡིན་ནོ།། ཁྱེད་གཉིས་ཀྱི་ལུས་ནི་སྒྱུ་མ་དང་། རྨི་ལམ་གྱི་རང་བཞིན་ལྟ་བུར་ཁོ་བོས་མཐོང་ངོ་།། ཁྱེད་གཉིས་གཟུགས་ནི་དབུག་པ་དང་།། ་ཆུ་བུར་དང་། སྨིག་རྒྱུ་ལྟ་བུར་ཁོ་བོས་མཐོང་ངོ་།། ཁྱེད་ཙན་དན་གྱི་འདེ་གུས་བྱུགས་པ་ནི་པགས་པ་རློན་བ་ཤས་ཡོག་པ་ལྟ་བུར་མཐོང་ངོ་།། ཁྱེད་ཀྱི་རྒྱན་དང ་ལྦ་བ་ལྦུ་བ་ནི་མིག་སླུ་བའི་སྒྱུ་མ་བྱས་པ་ལྟ་བུར་མཐོང་ངོ་།། ཁྱེད་ཀྱི་ལང་མཚོ་ནི་མི་རྟག་པ་དང་འགྱུར་བའི་ཆོས་ཅན་དུ་མཐོང་ངོ་།། བསོད་ནམས་མ་ཡིན་པར ་མཐོང་དེའི་ཕྱིར་ཁྱེད་གཉིས་ལ་ཁོ་བོ་མ་ཆགས་སོ།། ཁྱེད་གཉིས་ནི་སྤྲེའུ་དང་བུད་མེད་ཀྱི་སེམས་ལྟ་བུར་གྱུར་པ་རྣམས་ཀྱི་བསྙེན་བཀུར་བྱེད་པ་ཡིན་གྱི། སེམ ་དྲན་པས་ཀུན་ནས་བསྲུངས་པ་དག་གི་ནི་མ་ཡིན།། ཆེ་གེ་དག་འདོད་པ་ལ་སྟེན་ནི་སྡུར་པའོ།། འདོད་པ་ལ་སྟོན་པ་ནི་དྲི་ང་བའོ།། འདོད་པ་ལ་སྦྱིན་པ་ནི་རུལ་བའོ།། ་འདོད་པ་ལ་སྟེན་པ་ནི་ཤིན་ཏུ་སྡུག་བསྔལ་བའོ།། འདོད་པ་ལ་སྟེན་པ་ནི་བདེ་བ་ཐམས་ཅད་ཡོང་སུ་འགྲི་བར་བྱེད་པའོ།། འདོད་པ་ལ་སྟེན་པ་ནི ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་རྟེན་པའོ།། འདོད་པ་ལ་སྟེན་པ་ནི་ངན་འགྲོ་ན་གནས་པའོ།། འདོད་པ་ལ་སྟེན་པ་ནི་འས ་པ་དང་། རྩོད་པ་དང་། འགྱེད་པ་དག་ལ་སྟོན་པའོ།། འདོད་པ་ལ་སྟེན་པ་ནི་འཐུན་པ་དང་། གོ་ར་གནས་པའོ།། འདོད་པ་ལ་སྟེན་པ་ནི་ཕྱིན་ཅི་ལོག་སྐྱེད་པའོ།། འདོད་པ ་ལ་སྟེན་པ་ནི་སྲེད་པའི་བག་ལ་ཉལ་གནས་པའོ།། འདོད་པ་ལ་སྟེན་པ་ནི་རྣམ་པར་རྨོངས་ཤིང་ཤིན་ཏུ་རྨོངས་ལ་ཀུན་ཏུ་མོངས་པའོ།། འདོད་པ་ལ་སྟེན་པ་ནི་ཉེ་བར ་གཟེར་ཅིང་རྣམ་པར་འཇིག་ལ་ཀུན་ཏུ་གཟིར་བའོ།། འདོད་པ་ལ་སྦྱིན་པ་ནི་ཀུན་ཏུ་གདུག་ཤིང་རྣམ་པར་གདུངས་ལ་ཡོངས་སུ་གདུངས་པའོ།། འདོད་པ་ལ་སྟེན་པ ་ནི་མི་དགེ་བའི་རྗེས་སུ་འཇུག་ཅིང་དགེ་བ་ཡོང་སུ་ཉམས་པར་བྱེད་པའི།། འདོད་པ་ལ་སྦྱིན་པ་ནི་མི་དགེ་བའི་རྩ་བ་སྐྱེད་པའོ།། འདོད་པ་ལ་སྟེན་པ་ནི་མི་དགེ་བའི་སྤྲིན ་གྱི་དྲ་བས་ཀུན་ནས་ཁེབས་པའོ།། འདོད་པ་ལ་སྟེན་པ་ནི་སྲིན་མོ་དང་འདྲིས་པར་བྱེད་པ་དང་། གཟུགས་མི་སྡིག་པ་དང་འདྲིས་པར་བྱེད་པ་དང་།། ཤ་ཟ་མོ་དང ་འདྲིས་པར་བྱེད་པའོ།། འདོད་པ་ལ་སྟེན་པ་ནི་བ་ལང་དང་། བོང་བུ་དང་། ཁྱི་དང་། འཕགས་དང་། རྔ་མོ་དང་། གླང་པོ་ཆེ་དང་། རྟ་དང་། ལུག་དང་། ཝ་ལ་སྟེན་པག། ་འདོད་པ་ལ་སྟེན་པ་ནི་སྐྱེས་བུ་དམ་པ་མ་ཡིན་པ་ལ་སྟེན་པའོ།། འདོད་པ་ལ་སྟེན་པ་ནི་ཚུལ་ཁྲིམས་དང་ཐོས་པ་དང་། གཏོང་བ་ཡོངས་སུ་འདོར་བ་ལ་སྟེན་པའོ།། ། ་འདོད་པ་ལ་སྟེན་པ་ནི་རྟུལ་ཞུགས་དང་དཀའ་ཐུབ་འདོར་བའོ།། འདོད་པ་ལ་སྟེན་པ་ནི་ཤིན་ཏུ་བག་མེད་པའོ།། འདོད་པ་ལ་སྟེན་པ་ནི་ཤིན་ཏུ་བག་མེད་པའོ།། འདོད ་པ་ལ་སྟེན་པ་ནི་ཤིན་ཏུ་བཾ་ག་མེད་པའོ།། འདོད་པ་ལ་སྟེན་པ་ནི་ཉོན་མོངས་པ་ཤིན་ཏུ་འཕེལ་བར་བྱེད་པའོ།། འདོད་པ་ལ་སྟེན་པ་ནི་ཤིན་ཏུ་རབ་ཏུ་གཅོད་པར ་བྱེད་པའོ། དེ་ནས་དེའི་ཚེ་གྲོང་ཁྱེར་དབུལ་པོ་ངེས་པས་ཚིག་སུ་བཅད་པ་འདི་དག་སྨོས་སོ།། འདོད་པ་མི་རྟག་རྟག་ཏུ་སྨོད་པ་སྟེ། ཤིན་ཏུ་སྡུག་བསྔལ་བདེ ་བ་འཇིག་པར་བྱེད། རྟག་ཏུ་ངན་སོང་ས་རྣམས་ཁྱིམ་དུ་གྱུར། སེམས་རྨོངས་གྱུར་པ་དག་གིས་རྟག་ཏུ་བསྟེན།། འཐབ་རྩོད་ཅན་མི་བདེན་ཚངས་དུ་གྱུརཀ། རྟག ་ཏུ་འགྱེད་ཅིང་མི་འཐུན་གོ་རར་གནས།། འདི་དག་ནཱི་ལོག་བཞི་བསྐྱེད་ཞི་ཡིན། འདོད་སྟེན་སྲེད་པ་འཕེལ་བྱེད་བདེ་བ་མེད། རྣམ་རྨོངས་རབ་རྨོ་ངེས་དེ་བཞིན ་ཀུན་ཏུ་རྨོངས།། འདོད་རྟེན་རྟག་ཏུ་གཟིར་ཅིང་གནོད་པ་སྟེ།། འདི་ནི་ཀུན་གདུངས་རྣམ་གདུངས་ཡོངས་སུ་གདུངས།། སྡིག་པར་སྦྱོར་ཞིང་དགེ་བ་ནུང་ཟོན། ་པཾ། འདི་ནི་མི་དགེ་ཀུན་གྱི་རྩ་བ་སྟེ། འདོད་སྟེན་དཔེར་ན་སྤྲིན་གྱི་དྲ་བཻ་འདྲ། འདོད་སྟེན་ཤ་ཟ་སོ་དང་སྲིན་མོ་དང་།། བུད་མེད་གཟུགས་མི་སྡུག་བཻ་དང ་། འདྲིས་བྱེད་བཞིན། འདི་ནི་བ་ལང་བུང་བུ་རྟ་དག་དང་། ཕག་དང་ཁྱི་དང་ཝ་དང་རྔ་མོ་དང་།། གླང་ཆེན་ལུག་རྣམས་ཀྱིས་ཀྱང་སྟེན་པ་སྟེ། ་འདོད་པ་སྐྱེས་བུ་དམ་པ་རྣམས་ཀྱིས་སྤངས། འདོད་སྟེན་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། དཀའ་ཐུབ་རྟུལ་ཞུགས་རྣམས་ནི་འཇོམས་པ་སྟེ།། འདི་ལ་རྟག་ཏུ ་བག་མེད་ཉེས་པ་འཕེལ།། དེ་ཕྱིར་ཐར་འདོད་རྟག་ཏུ་བུ་མེད་སྤོངས། གལ་ཏེ་འཇིག་རྟེན་འདི་དག་ཁྱེད་འདྲའ་བའི། མདངས་ལྡན་གཟུགས་ཅན་དག་གིས་གང ་གྱུར་ཀྱང་། ཡོན་ཏན་གནས་ཁོ་བོའི་སེམས་གཅིག་ཀྱང་།། འདོད་ཆགས་ལ་ནི་ནམས་ཀྱང་རྟོག་མི་འགྱུར།། དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སྩོགས་པ་དང་།། ་ལྷའི་བུ་མོ་གཉིས་འོད་སོང་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་ཚིགས་སུ་བཅད་དེ་སྨྲས་པ། དེས་ནི་འདི་ན་བུད་མེད་རྣམས་ཀྱི་སྐྱོན་ཡང་དག། གང་ལགས་པ་དག་ཤིན ་ཏུ་མཐོང་བར་དོགས་མ་མཆིས།། ཇི་ལྟར་དེའི་སེམས་ནི་ཡུལ་ལས་ལོག་གྱུར་པ།། དེ་ལྟར་འདོད་པ་རྣམས་ལ་སེམས་ནི་ཆགས་མ་མཆིས། དེ་ནས་ལྷའི ་དབང་པོ་བརྒྱ་བྱིན་གྲོང་ཁྱེར་གྱི་དབུལ་པོ་ངེས་པའི་ཐད་དུ་སོང་ནས་ཚིགསུ་བཅད་དེ་སྨྲས་པ། ཅི་ཞིག་དོན་གཉེར་ངེས་པ་ཆོས་སྤྱོད་པ།། བརྟུལ་ཞུགས་དེ། ་ནི་སྤྱོད་པ་རྣམ་དག་སྨོས། འདི་ཡིད་གཉི་ཟླ་འམ་ཡང་ན་དབང་པོ་ལམ། ཚངས་པ་འམ་ལྔ་རྒྱལ་ཅི་ཞིག་ཁྱོད་སློང་བྱེད། ངེས་པས་སྨྲས་པ། ཉི་མ་ཟླ་བ་དེ ་བཞིན་དུ་བརྒྱ་བྱིན་དང་། ཚངས་པ་འམ་རྒྱལ་པོ་འམ་འདི་ན་གཞན་ཀྱང་། འགྲོ་བ་རྒྱ་ཆེན་གང་ཡོད་དེ་དག་ཀུན་གར་བྱེད་ལྟ་བཞིན་མི་རྟག་མི་རྟག་མི་བརྟན་ན། མཁས་པ ་སུ་ཞིག་དེ་ལ་དགའ་བར་བྱེད། གང་ལ་སྐྱེ་མེད་རྒ་མེད་འཆི་བ་མེད། སྡུག་དང་མི་སྡུག་རྣམས་དང་ཕྲད་པ་འང་མེད། འགྲོ་བ་གྲོལ་མཛད་སངས་རྒྱས་འགྱུར་བྱ་ཞེས།། དེ་ཐོས ་བྱ་ཕྱིར་སེམས་ཀྱི་སྤྱོད་པ་དེས།། བརྒྱ་བྱིན་གྱིས་སྨྲས་པ། ཕན་བྱེད་ཁྱོད་ཀྱི་ཚིག་ལ་རྗེས་སུ་ཡིད་རངས་སྟེ། ཁྱོད་ཀྱིས་སྨོན་ལམ་བཏབ་པ་ལེགས་པར་གྲུབ་གྱུར་ཅིག། ་བདུད་རྣམས་སྡེར་བཅས་མྱུར་དུ་ངེས་པར་བཅོམ་ནས་ནི།། ཤག་ཀྱ་སེང་གེ་རྒྱལ་ལྟར་བྱང་ཆུབ་འཐོབ་གྱུར་ཅིག། དེ་ནས་གྲོང་ཁྱེར་གྱི་དབུལ་པོས་ངེས་པས་དེས་གཞན ་ཞིག་ན། ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞིག་རྙེས་ནས། དེ་འདི་སྙམ་དུ་སེམས་ཏེ།། ནོར་བུ་རིན་པོ་ཆེ་འཛམ་བུ་གླིང་ན་མཆོག་ཏུ་གྱུར་པ་འདི་བདག་གིས་མཉན་ཡོད ་འདི་ན་ཐམས་ཅད་ཀྱི་ནང་ན། དབུལ་པོ་གང་ཡིན་པ་དེ་སྦྱིན་གོ་མ་ཆགས་གོ།། སྙམ་ནས། དེ་གྲོང་བར་དུ་སོང་སྟེ། ཐམས་ཅད་ཀྱི་ནང་ན་དབུལ་པོ་སུ་ཡིན་པ་དེ་ལ་རིན ་པོ་ཆེ་འདི་སྦྱིན་ནོ།། ཞེས་སྒྲ་བསྒྲགས་པ་དང་། དབུལ་པོ་མགོན་མེད་པ་ཕལ་པོ་ཆེ་དེར་འདུས་ཏེ། བདག་ཅག་དབུལ་པོ་ཡིན་གྱིས་བདག་ལ། བྱིན་ཅིག་ཅེས་འཛེ ་ཏོ།། ངེས་པས་སྨྲས་པ། ཁྱེད་ནི་དབུལ་པོ་མ་ཡིན་གྱི་མཉན་ཡོད་འདི་ན་ཆེས་དབུལ་པོ་གཞན་ཞིག་ཡོད་གྱིས་དེ་ལ་སྦྱིན་ནོ།། དེ་དག་གི་སྨྲས་པ་གང་ཡིན། དེས ་བས་སྨྲས་པ། རྒྱལ་པོ་གསལ་རྒྱལ་འདི་ཡིན་ནོ།། དེ་དག་གིས་སྨྲས་པ། ཁྱོད་དེ་སྐད་ས་ཟེར་ཅིག། རྒྱལ་པོ་གསལ་རྒྱལ་ནི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད ་ཆེ་བ་ཡིན་གྱི། བདག་ཅག་ནི་དབུལ་ཞིང་མགོན་མེད་པ་ཡིན་ནོ།། ངེས་པས་སྨྲས་པ། ནོར་མང་གིས་ནི་ཅི་ཞིག་བྱ། རྒྱ་མཚོ་ལ་ནི་ཀླུ་རྣམས་བཞིན། ་གང་དག་ལ་ནི་མཆོག་མེད་པ། མ་བསྡམས་དེ་དག་དབུལ་པོ་ཡིན། གང་དག་འདོད་པ་རབ་འཕེལ་ཞིང་། ཡང་ཡིད་ནི་སྐྱེ་བར་འགྱུར་བ། མོངས་པ་དེ་དག་ཚེ་འདི་དང་།། ཕ་རོལ ་ཏུ་ཡང་དབུལ་པོར་འགྱུར་བ།། དེ་ནས་གྲོང་ཁྱེར་གྱི་དབུལ་པོ་ངེས་པ་སྐྱེ་བོ་ཕལ་པོ་ཆེ་དག་གིས་ཡོངས་སུ་བསྐོར་ཅིང་ནོར་བུ་རིན་པོ་ཆེན་དེ་ཁྱེར་ནས་རྒྱལ་པོ་དེ་ཁྱེར་ནས། ་རྒྱལ་པོ་གསལ་རྒྱལ་གྱི་དོན་བྱ་བའི་ས་ག་ལ་བ་དེར་སོང་ངོ་།། དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ཆོད་དཔོན་དང་། ཁྱིམ་བདག་རིགས་དང་ལྡན་པའི་མཆོག་ལྔ་བརྒྱ་ཙམ ་ཞིག་གཡོན་ཆུང་ངུའི་ཕྱིར་བདོག་པ་ཐམས་ཅད་ཕྲོགས་སོ།། གྲོང་ཁྱེར་གྱི་དབུལ་པོ་ངེས་པས་ནོར་བུ་རིན་པོ་ཆེ་དེ་རྒྱལ་པོ་ལ་ཕུལ་ཏེ། རྒྱལ་པོ་ཆེན་པོ་ནོར་བུ་རིན་པོ ་ཚེ་རིང་ཐད་མ་མཆིས་པ་འཛམ་བུ་གླིང་ཐམས་ཅད་རི་བ་བདག་གིས་རྙེད་པ་འདི་ལ། བདག་གིས་འདི་སྙམ་དུ་བསམས་ཏེ། མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན ་དབུལ་པོ་གང་ལགས་པ་དེ་ལ་སྤྲུལ་ཏོ་སྙམ་མོ།། དེ་ལ་བདག་གིས་འདི་སྙམ་ད་བསམས་ཏེ། ཁྱོད་ནི་འང་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་ལགས་སོ།། སྙམ་བསམ ་ཏེ། ཁྱོད་ནི་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་ལགས་སོ།། སྙམ་བགྱིད་ཀྱིས། ཀྱེ་ནོར་བུ་རིན་པོ་ཆེ་འདི་བཞེས་སུ་གསོལ།། དེ་ནས་རྒྱལ་པོ་གསལ་རྒྱལ་ཡུལ ་ཡུལ་པོར་གྱུར་ཅིང་། ངོ་ཚ་བར་གྱུར་ནས། གྲོང་ཁྱེར་གྱི་དབུལ་པོ་དེ་མས་པ་ལ་འདི་སྐད་ཅེས་སྨྲས་སོ།། དེས་པ་ཅིང་ཁྱོད་པས་ཀྱང་ཆེས་དབུལ་འམ། དེས ་པས་སྨྲས་པ། ལྷ་དེ་ལྟ་ལགས་ཏེ། བདག་པས་ཁྱོད་ཆེས་དབུལ་བ་ལགས་སོ།། རྒྱལ་པོས་སྨྲས་པ། རྣམ་གྲངས་གང་གིས་དབུལ།། ངེས་པས་ཚིགས་སུ ་བཅད་དེ། སྨྲས་པ།། གང་གིས་འདོད་པ་རབ་མང་རྣམ་པར་འཕེལ་ཞིང་ལོང་སྤྱོད་དག་གིས་ཆོག་མ་འཚལ། གནོད་པ་བགྱིད་པའི་སླད་དུ་རྒྱལ་སྲིད་འཁྲུག་ཅིང ་བདག་ཉིད་ཀྱང་ནི་འདོར་བགྱིད་པ།། དེ་ནི་འདི་ན་འཇིག་རྟེན་མི་སྲུན་ཡོན་ཏན་ཆུང་ངུ་དག་ལ་མཆོག་ཏུ་འཛིན།། དེ་ཕྱིར་འདི་ན་དེ་ལ་རྟག་ཏུ་ཆོས་འདོད་རྣམས་ནི ་དབུལ་པོ་ལགས་པར་རྣམས་ནི་དབུལ་པོ་ལགས་པར་སེམས་གང་ཞིག་བྱམས་པ་རབ་ཏུ་སྒོམས་ཏེ་སེམས་ཅན་རྣམས་ལ་ཐབ་མ་མཆིས་ཤིང་། རྟག ་པར་རྒྱུན་ཏུ་ངན་དོན་ཙམ་གྱིས་ཆོག་པར་འཛིན་ཅིང་འདོད་པ་མཆིས་ལ། ཉམ་ཐག་མཐོང་ནི་རྟག་ཏུ་སྙིང་རྗེ་བགྱིད་ཅིང་ཤར་གཉེར་བགྱིད་པ་མ་མཆིས། དེ་ནི་ཕྱུག ་ཅིང་ནོར་བཟངས་ཤིན་ཏུ་ནོར་ཆེ་དད་པ་ལ་སྒྲོགས་ལོངས་སྤྱོད་གནས། གང་ཞིག་འགྲོ་བ་འདི་ནི་དབདེ་ཕྱུག་རྒྱ་ཆེན་ལྡན་ལ་ཆོས་སྲུང་མི་བགྱིད་དང་། གང ་ཞིག་འདི་ན་སྐྱེ་བོ་དམན་ཞིང་སྡུག་བསྔལ་གཟིར་བ་བཟུང་ནས་ཆད་པས་གཅོད། གང་ཞིག་ཆུང་མ་དག་གིས་མདུན་བལྟས་དགའ་ཞིང་འཇིག་རྟེན་ཕ་རོལ་མི་ལྟ ་དེ་ནི་ཆོས་སྲུང་མའི་བགྱིད་ཤིན་ཏུ་དབུལ་ཞིང་དམན་པའི་མི་ཞེས་རིགས་པར་བགྱི།། དད་པས་བསམ་པ་དྲི་མ་མེད་ཅིང་རབ་བརྟན་ཚུལ་ཁྲིམས ་དག་ལ་ཡང་དག་གནས། རྟག་ཏུ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ཐོས་པ་འཛིན་ཏེ། གཏོང་ལ་དགའ་བ་དང་། ཤེས་རབ་མཐར་ཕྱིན་བློ་གྲོས་ལྡན་ཞིང་འཇིག་རྟེན་ཀུན་ལ་ལྟ ་བགྱིད་པ། དེ་དག་རྟག་ཏུ་མི་དབུལ་ཐོབ་ཅིང་ཆོས་འདོད་རྣམས་ཀྱིས་མཆོད་པར་འོས་པ་ལགས།། གང་དག་ལོངས་སྤྱོད་རྣམས་ལ་རབ་ཆགས་བདེ་ལ་དགའ་ཞིང ་གཏོང་བ་མ་མཆིས་ལ། ལུས་དང་སྲོག་ལ་སྙིང་པོར་འཛིན་ཅིང་རྟག་པར་སྙིང་པོར་དོན་དུ་མི་གཉེར་དང་། གང་དག་གླང་ཆེན་མྱོས་པ་ལྟ་བུར་རྟག་ཏུ་ཡིད་མྱོས་རྣམ་པར ་རྒྱུ་བ་དང་། ལྷན་ཅིག་གང་དག་དྲན་པ་མ་མཆིས་དེ་དག་དབུལ་བ་ཉིད་ནི་ཐོབ་པ་ལགས། གང་དག་དཀོན་མཆོག་གསུམ་པོ་དྲི་མ་མེད་ལ་གུས་པ་ཤིན་ཏུ་ཆེ་བ་དང་།། ་ལུས་དང་སྲོག་དང་ནོར་རྣམས་ལས་ནི་རྟག་ཏུ་སྙིང་པོ་སྒྲུབ་པའི་མཁས་པ་དག། རྟག་ཏུ་མི་བརྐམ་སྡང་བར་མི་བགྱིད་གླེན་པ་མ་ལགས་རབ་ཏུ་རྒྱགས་མ་མཆིས། ་ལྷ་ཅིག་གང་དག་ཆོས་ཀྱིས་བརྒྱན་པ་དེ་དག་ནོར་ཆེ་སྐྱེས་བུ་དམ་པ་ལགས།། ལྷ་ཅིག་མོ་ནཱི་རྟག་ཏུ་ནགས་ཀྱི་སྨན་སྔུན་སྐམ་པ་བསྲེགས་པས་ཆོག་མ་ཙལ། ལྷན ་ཅིག་འདི་ན་རྒྱ་མཚོ་ཆུ་རླུང་རྣམས་ཀྱི་ཆུ་འཛིན་པས་ཀྱང་ཆོག་མ་ཚལ།། འདི་ནི་ཉི་མ་ཟླ་བ་འདི་དག་མཁས་ལ་མཐར་ཀྱིས་རྒྱུ་བས་མཆོག་མ་ཚལ། རྒྱལ་པོ་བརྐམ ་ཕྱིར་རྟག་ཏུ་ལོངས་སྤྱོད་དག་གིས་ཆོག་མི་མཁྱེན་པས་བརླག་པར་འགྱུར།། ཞུགས་ནི་གུམ་པར་གྱུར་པས་རྩཝ་མང་དག་གིས་སླར་ཡང་འབར་བར་ཡོངས་སུ་མི་བགྱི། དེ་བཞིན ་མཁས་པ་ཤེས་རབ་ཆོག་པར་མི་འཛིན་ཉོན་མོངས་རྣམས་ཀྱི་བུར་མི་བགྱིད་། ཆུའི་ཐིགས་པ་བཞིན་དུ་རྒྱལ་སྲིད་དག་ཀྱང་མི་བརྟན་འཇིག་པར་རབ་ཕྱོགས་ན། གནོད་པའི ་རྩ་བར་གྱུར་ཅིང་དགེ་བ་འཇོམས་པའི་རྒྱལ་སྲིད་དེ་ནི་སུ་ཞིག་འཚལ་དེ་ནས་རྒྱལ་པོ་གསལ་རྒྱལ་སེམས་འཁྲུགས་ནས་གྲོང་ཁྱེར་གྱིས་དབུལ་པོ་ངེས་པ་ལ་འདི་སྐད་ཅེས་སྨྲས། ་ངེས་པས་དེ་ལྟར་ང་ནི་དབུལ་ལ་ཁྱོད་ནི་ཕྱག་པར་ཁྱོད་ལ་དབང་དུ་ཡོད།། ངེས་པས་སྨྲས་པ། ལྷ་དེ་བཞིན་གཤེགས་པ་བགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་མཉན་ཡོད་འདི་ཉིད་ན། བཞུགས་པ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ་ངས་མཐོང་ཡང་མཐོང་ངོ་།། ངེས་པས་སྨྲས་པ། ལྷ་དེ་ནི་ལྷ་དང་བཅས་པའི་འཇིག ་རྟེན་གྱི་མིག་ཏུ་གྱུར་ཅིང་ཚད་མར་གྱུར་པ་སྟེ། དེ་ནི་བདག་གི་དབང་ལགས་སོ།། རྒྱལ་པོས་སྨྲས་པ། སོང་ལ་དེ་བཞིན་གཤེགས་པ་དེ་སྤྱན་དྲོངས་ཤིག་དང་། དེ་སྐད་དུ ་ལུང་བསྟན་པ་དེ་བཞིན་དུ་ངས་གཟུང་བར་བྱའོ།། ངེས་པས་སྨྲས་པ། སྟོན་པ་དེ་ལ་ངན་བུ་འམ། ཕོ་ཉ་གཞན་གཏང་འོས་མ་ལགས་འདིར་ནི་བདག་གིས་བསམ་བགྱིས ་ན། དེ་མཁྱེན་ནས་ནི་གཤེགས་པར་འགྱུར།། འཇིག་རྟེན་འདི་འམ་ཕ་རོལ་ལ། དེ་ནི་མི་མཁྱེན་འདི་འམ་ཕ་རོལ་ལ། དེ་ནི་མི་མཁྱེན་ཅང་མི་མངའ། ཐུགས་ཀྱིས་བསམ ་བ་མཁྱེན་ནས་ཀྱང་།། འདྲེན་པ་དེ་ནི་གཤེགས་པར་འགྱུར།། སེམས་ཅན་རྣམས་ལ་ཐུགས་རྩེ་བས། དེ་ལ་ང་རྒྱལ་སྐྱོན་མི་མངའ། སེམས་ཅན ་རྣམས་ལ་ལེགས་དགོངས་པས།། ཤིན་ཏུ་རབ་ཏུ་འང་གཤེགས་འགྱུར་གྱིས། རྒྱལ་ཆེན་བདག་གིས་གསོལ་བ་ལ། དེ་ནི་ལེགས་པར་ཐུགས་ཆེས་མཛོད། གང་གིས་སྟོན ་པ་འདིར་གཤེགས་པའི། བདེན་པའི་བྱིན་བརླབས་བགྱི་བར་འཚལ། མེ་ཏོག་སྤོས་དང་མེ་ཏོག་འཕྲེང་། རྒྱལ་མཚན་གདུགས་དང་བྱུགས་པ་དང་། སིལ་སྙན་སྟ་གོན ་མཛོད་ཅིག་དང་། འདྲེན་པ་དེ་ནི་གཤེགས་པར་འགྱུར། ངེས་པས་ཐལ་མོ་སྦྱར་ནས་ཀྱང་། ཕྲག་པ་གཅིག་ཏུ་གོས་གཟར་ནས་པ།། པུས་ཆོ་ས་ལ་བཙུགས་བྱས་ནས།། ་འདི་སྐད་དུ་ནི་ཚིག་ཀྱང་སྨྲས། ཀུན་མཁྱེན་བདེན་པ་གང་གིས།། བདག་གིས་པ་མཁྱེན་ཅེ་ན།། བདེན་པའི་ཚིག་ནི་འདི་ཉིད་ཀྱིས།། ཐུབ་པ་བདག་གིས་མདུན་དུ་བཞུགས།། ། ་དེ་ནས་ཚིག་འདི་སྨྲས་ནས་ཀྱང་། ས་ནི་རབ་ཏུ་གཡོས་པར་གྱུར།། ས་གཞི་རྣམ་པར་བརྟོལ་ནས་ནི།། དེ་བཞིན་གཤེགས་པ་བྱུང་བར་གྱུར།། རྫུ་འཕྲུལ་དག་དང་ལྡན་པའི།། ་ཉན་ཐོས་ལྔ་བརྒྱས་ཡོངས་སུ་བསྐོར།། བརྒྱ་ཕྲག་བཅུ་གཉིས་སྙེད་དག་གི།། བྱང་ཆུབ་སེམས་དཔའ་རྣམས་དང་ནི། སྐྱེད་པ་དང་ནི་ལྷ་དང་ཀླུ།། བརྒྱ་བྱིན་ཚངས་པས ་མདུན་གྱིས་བལྟས། དེ་འདྲའི་རྫུ་འཕྲུལ་མཐོང་ནས་ནི།། དེ་ཚེ་འཇིག་རྟེན་ངོ་མཚར་འཛིན། རྒྱལ་པོ་དཔུང་བཅས་བློན་པོར་བཅས།། སྟོན་པའི་ཞབས་ལ་འདུད་པར་བྱེད ་དེར་ནི་སྲོག་ཆགས་སྟོང་དག་གིས།། སྟོན་པ་ལ་ནི་མཆོད་པ་བྱས།། རྫོགས་པའི་སངས་རྒྱས་མཆོད་བྱས་ནས།། བྱང་ཆུབ་དོན་དུ་ཡིད་བཏད་དོ།། དེ་ནས་གྲོང་ཁྱེར་གྱི་དབུས ་པོ་དེས་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ན། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་བདག་ཉན་ཡོད་ན་འཁྱམ་ཞིང་མཆིས། མཆིས་པ་ལས། ནོར་བུ་རིན་པོ་ཆེ་རིན་ཐང་མ་མཆིས་པ་ཞིག་རྙེད་ནས། དེ་བདག་འདི་སྙམ་དུ་གྱིད་དོ།། མཉན ་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ལགས་པ་དེ་ལ་སྩལ་ཏོ།། སྙམ་ནས་དེ་དག་ལ་འདི་སྙམ་བགྱིད་དེ། རྒྱལ་པོ་གསལ་རྒྱལ་འདི་ནི་ཐམས་ཅད་ཀྱི་ནང ་ན་ཆེས་དབུལ་བ་སྟེ། འདི་ནི་ཕ་རོལ་གྱི་ནོར་འཕྲོག་པར་བགྱིད་པས་ན། ངོམས་མ་འཚལ་པ་ལགས་སོ།། སླར་ཞིང་དོར་དུ་གཉེར་བར་བགྱིད་པས་ན་ཆོ་ག་མ་ཚལ་བ། ་ལགས་སོ།། གཞན་གྱི་ལོངས་སྤྱོད་དག་གིས་ངོམས་མཚལ་པ་ལགས་སོ།། སྡུག་བསྔལ་བ་རྣམས་ལ་རྣམ་པར་འཐོ་འཚམས་པ་ལགས་སོ།། སྐྱིད་པ་རྣམས ་བལ་མར་འབྱིན་པ་ལགསོ།། དབུལ་པོ་རྣམས་རབ་ཏུ་ཕུང་བར་བགྱིད་པ་ལགས་སོ།། ཕྱུག་པོ་རྣམས་ཚར་གཅོད་པ་ལག་སོ།། ཤིན་ཏུ་རབ་ཏུ་མྱོས་པ་ལགས། ་རྒྱལ་པོའི་ལོངས་སྤྱོད་རྣམས་དང་། སྲེད་པས་རྣམ་པར་བཅིངས་པ་ལགས་སོ།། སྙམ་ནས། དེ་ལ་བདག་གིས་སྩལ་ན་ལེན་པར་མི་འགྱིད་པར་འདི་སྐད་དུ་དེ ་ཙྱ་དྱ།། ལྟར་ང་ནི་དབུལ་ལ་ཁྱོད་ནི་འབྱོར་ཁྱོད་ལ་དཔང་དུ་སུ་ཡོད་ཅེས་ཀྱང་མཆིའོ།། དེའི་སླད་དུ་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས ་སྙོམས་པ། ངོ་ཟློག་མི་སྤྲོད་པ་མི་མངའ་བ་ཕབ་དང་། དྲི་མ་དང་ཁོང་ཁྲོ་བ་མི་མངའ་བ། བཅོམ་ལྡན་འདས་ཀྱིས་དོན་འདི་ལེགས་པར་ལུང་བསྟན་པར་གསོལ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ནི་ཚེ་འདིའི་རྒྱལ་སྲིད་ཀྱི་དབང་ཕྱུག་གི་ལོངས་སྤྱོད་གསེར་དང་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང ་མན་ཤེལ་དང་། བྱི་རུ་དང་། ས་ལེ་སྨམ་དང་། དངུལ་དང་། རྟ་དང་གླང་པོ་ཆེ་དང་། ཤིང་རྟ་དང་དཔུང་བུ་ཆུང་དང་། གཞོན་པ་དང་། མཛོད་དང་བང་མཛོད་ཐོབ་པ་གང་ཡིན ་བ་འདི་དག་གིས་བདག་ཕྱག་གོ་སྙམ་དུ་སེམས་སོ།། རྒྱལ་པོ་ཆེན་པོ་དེས་པ་ནི་སྨིན་པ་དང་། དལ་བ་དང་། ལེགས་པར་སྡོམས་པ་དང་། བཟོད་པ་དང་། ངེས་པ་དང་། ་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། བག་ཡོད་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་གནས་པ་དང་། བྱམས་པ་དང་སྙིང་རྗེ ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དང་བ་དང་། ཚུལ་ཁྲིམས་དང་། ཐོབ་དང་། གཏོང་བ་དང་། ་ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྱེལ་ཡོད་པ་དང་། བརྟན་པ་དང་། སྡོམ་པ་གང་ཡིན་པ་འདི་དག་གིས་བདག་ཕྱུག་གོ་སྙམ་དུ་སེམས་སོ།། རྒྱལ་པོ་ཆེན ་པོ་ཁྱོད་ཀྱི་འོག་ཏུ་གཏོགས་པའི་སེམས་ཅན་ཅི་སྙེད་པ་དེ་དག་འདི་ལྟར་ཁྱོད་དང་འདྲ་བར་ནོར་དང་ལྡན་པར་གྱུར་ཀྱང་། དེ་དག་ནི་ངེས་པས་གོམ་པ་བདུན་བོར་བའི་བར ་གྱི་ཚུལ་ཁྲིམས་དང་། ཐོས་པ་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། བག་ཡོད་པོའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས་པེའི་བར་ད། ་ཡང་མི་བཟོད་དོ།། གསལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གི་ཡུལ་ན་སེམས་ཅན་ཡོན་ཏན་གྱི་ཆེ་བ་ཉིད་འདི་ལྟ་བུ་དང་ལྡན་པ་དག་གནས་པ་ནི། ་བདག་གི་རྙེད་པ་ལེགས་པར་རྙེད་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡུལ་ན་སེམས་ཅན་ཡོན་ཏན་གྱི་ཆེ་བ་ཉིད་ལྟ་བུ ་ལྡན་པ་དག་མང་དུ་གནས་སོ།། དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ངེས་པ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱིས་གླེངས་པས་ཁོ་བོའི་ང་རྒྱལ་ངེས་བཅོམ ་ཕྱིར།། ངེས་པ་ཁྱེད་ནི་ཁོ་བོའི་སྟོན་པ་གཉིས་པ་སྟེ། རྒྱལ་སྲིད་འདི་ཀུན་ཁྱོད་སྦྱིན་ཁོ་བོ་དཔུང་དང་བཅས། ཁྱོད་ཀྱི་སློབ་མ་ཡིན་གྱིས་ཁྱོད་ཀྱིས་བདག་སློབས ་ཤིག། ཁོ་བོ་ཡུན་རང་དག་ཏུ་ང་རྒྱལ་གྱིས་ཀྱང་བསླུས། སྡིག་པའི་གྲོགས་པོ་དག་གིས་བསྐྱོར་ཅིང་བཟུང་བ་ལས། ངེས་པ་ཁྱོད་ཉིད་ལས་ནི་ཆོས་འདི ་བས་ན། རབ་ཏུ་བསྡམས་ཏེ་ཁོ་བོས་ཆོས་བཞིན་སྤྱད་པར་བྱ། ཁྱིམ་ན་གནས་པས་བརྒྱ་ཕྲག་ལྔ་པོ་འདི་དག་ནི།། ནོར་གྱི་ཆེང་དུ་ཁོ་བོས་གོརར་བཅུག་པ ་ཁོ་བོས་ཐམས་ཅད་གཏང་གིས་བདེ་བར་འཁོད་པར་གྱིས། ཕྱིན་ཅད་འདི་འདྲ་བ་དག་ཁོ་བོ་ཡོད་མི་བྱེད། ལྔ་བརྒྱ་བཏང་བར་གྱུར་པ་གང་ཡིན ་དེ་དག་ཀྱང་། ངེས་པ་ལ་ནི་ཞེས་ལེགས་པར་བསྐྱེད་ནས་ཀྱང་།། སེམས་ནི་སྐྱོ་བར་གྱུར་ཅིང་ཅི་ལ་འང་མི་ལྟ་བར། བདེ་བ་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ལམ་བཏབ ་ང་ནི་དབུལ་པོ་ཞེས། དེས་པ་ཁྱོད་ཀྱི་ཚིག་འདི་ལེགས་པར་སྨྲས་པ་སྟེ། ངེས་པ་ལ་ནི་གང་ཞིག་དབུལ་པོ་ཞེས་བརྗོད་པ།། མི་དེ་རྒྱལ་པོའི་ཁྲིམས་དང་འགལ་བར ་བྱེད་པ་ཡིན།། དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་ངེས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྐྱེ་བོའོ་ཚོགས་ཆེན་པོ་འདས་པ་འདི་ནི་བཅོམ་ལྡན ་འདས་ལ་ལྟ་བས་ཆོག་མ་འཚར་བ་ལགས་ན། བཅོམ་ལྡན་འདས་དེའི་སླད་ད་ཅི་ནས་འདི་དག་གིས་དེ་བཞིན་གཤེགས་པ་མཐོང་བ་དོན་མཆིས་པར་འགྱུར་པ། ་དེ་དེ་ལྟ་དེ་ལྟར་འདི་དག་ལ་ལེགས་པར་ཆོས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངེས་པ་རིགས་ཀྱི་བུ་ཆོས་བཞི་དང་ལྡན་ན། དེ་བཞིན། ་གཤེགས་པ་ལ་ལེགས་པར་མཐོང་བ་ཡིན་ནོ།། བཞི་གང་ཞེ་ན། ཡིད་ཆེས་པ་དང་། དད་པ་དང་། ཕངས་པར་འཛིན་པ་དང་། གུས་པ་སྟེ་ཆོས་བཞི་པོ་དེ་དང ་ལྡན་ན། དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།། གཞན་ཡང་བཞི་སྟེ་དེ་བཞིན་གཤིན་གཤེགས་པའི་གཟུགས་ཀྱི་སྐུ་མཐོང་ན་བདག་ཀྱང ་འདི་འདྲ་བར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ནི་སླུ་བར་མི་མཛད་པའི་ཕྱིར་ལྷག་པའི ་བསམ་པ་ཡོངས་སུ་དག་པར་སེམས་སྐྱེད་པ་དང་། སེམས་ཅན་ཐམས་ཅད་རྟོན་ཅིང་ཆེར་ནི་རབ་ཏུ་དགྲོལ་བའི་ཕྱིར་ཡང་སེམས་དེ་སྐྱེད་པ་དང་། དཀོན་མཆོག་གསུམ ་གྱི་གདུང་མི་འཆད་པར་བྱ་བའི་ཕྱིར་དམ་པའི་ཆོས་ཡོངས་སུ་གཟུགས་པར་ཡང་སེམས་དེ་སྐྱེད་པ་སྟེ།། བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ ་ལེགས་པར་མཐོང་བ་ཡིན་ནོ།། གཞན་ཡང་བཞི་སྟེ།། གཟུགས་དབེན་པར་མཐོང་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དབེས ་དབེན་པར་མཐོང་བ་དང་། ཁམས་བཞི་ན་མཁའ་དང་འདྲ་བར་མཐོང་བ་དང་། སྐྱེ་མཆེད་གྲོང་སྟོང་པ་ལྟ་བུར་མཐོང་པ་སྟེ། བཞི་པོ་དེ་དང་ལྡན་ན་དེ་བཞིན་གཤྱེ ་བ་ལེགས་པར་མཐོང་བ་ཡིན་ནོ།། གཞན་ཡང་བཞི་སྟེ། བདག་མེད་པའི་ཕྱིར་བདག་རྣམ་པར་དག་པ་དང་། སེམས་ཅན་མེད་པའི་ཕྱིར་སེམས་ཅན་རྣམ ་པར་དག་པ་དང་། སྲོག་མེད་པའི་ཕྱིར་སྲོག་རྣམ་པར་དག་པ་དང་། གང་ཟག་མེད་པའི་ཕྱིར། གང་ཟག་རྣམ་པར་དག་སྟེ། བཞི་པོ་དེ་དག་ལྡན་ན་དེ་བཞིན་ག ་ལེགས་པར་མཐོང་བ་ཡིན་ནོ།། གཞན་ཡང་བཞི་སྟེ། ལྷའི་རིག་མངོན་པར་འདུ་བྱེད་པ་མེད་པ་དང་། ཤེས་རབ་ཀྱི་མི་ག་ཀུན་སྤྲོབ་པ་དང་། ཆོས་ཀྱི་མིག ་། གིས་སོ་སོར་རྟོག་པ་དང་། སངས་རྒྱས་ཀྱི་སྤྱན་རྗེསུ་རྟོགས་པར་བྱེད་པ་སྟེ། བཞི་དེ་དག་དང་ལྡན་ན། དེ་བཞིན་གཤེགས་པར་ལེགས་པར་མཐོ ་བ་ཡིན་ནོ།། གཞན་ཡང་བཞི་སྟེ་མིག་མིགས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དགུ་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་གྱི་ཕུང་པོ ་ཡོངས་སུ་དག་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཕྱིར་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པ་དང་། དེའི་རྣམ་པར་གྲོལ་བ་མཐོང་བའི་ཕྱིར་རྣམ ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་དག་པ་སྟེ། ངེས་པ་རིགས་ཀྱི་ཆོས་བཞི་པོ་དེ་དག་དང་ལྡན་ན། དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་མཛད་ནས། ངང་པའི་རྒྱལ་པོ་ལྟར་འཁོར་དང་བཅས་ཏེ། བར ་སྣང་ལ་གཤེགས་སོ།། དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། རིགས་ཀྱི་བུ་ངེས་པ་ལ་འདི་སྐད་ཅེས་སྨྲས་སོ།། ངེས་པ་ཁྱོད་ནམ་དེ་བཞིན་གཤེགས་པ་ལ ་ལྟར་འགྲོ་བ་དེའི་ཚེ་ཁོ་བོ་ལ་ཡང་སྦྲོན་ཅིག་དང་། ཁོ་བོ་ཡང་དེ་བཞིན་གཤེགས་པ་ལ་ཝཱར་འགྲོའོ།། ངེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟར་བགྱིའོ།། བདག་ནི་ཁྱོད། ་བུད་མེད་དང་གཞོན་ནུ་དང་། བློན་པོ་ལ་སོགས་པའི་འཁོར་དང་བཅས་ཏེ། དེ་བཞིན་གཤེགས་པ་ལ་གཟིགསུ་གཤེགས་པར་འཚལ་ལོ།། རྒྱལ་པོ་བྱང་ཆུབ་སེམས ་བྱང་ཆུབ་སེམས་དཔའི ་དཔའ་རྣམས་ནི་བདག་གཅིག་ཕུལ་བར་བྱ་བའི་ཕྱིར་ཞུགས་པ་མ་ལགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་བལ་པོ་ཆེམ་ས་མཛེས་སོ།། རྒྱལ་པོས་སྨྲས་པ། དེས ་པས་སྨྲས་པ། རྒྱལ་པོ་ཆེན་པོ་ཡོངས་སུ་སྨིན་པདེ་བགྱི་བ་དང་། འདུལ་བའི་སླད་དུ་སེམས་ཅན་ཐམས་ཅད་དེ་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན ་སེམས་ཅན་གཡོན་ཅན་འདུ་བར་འགྱུར་བའི་ལྷག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་ཕྱིར་མི་ཟློགས་པར་འགྱུར་བའི་འདུན་པ་དྲམ ་བོ་ནི། བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སེམས་ཅན་སེར་སྣ་ཅན་ཡོངས་སུ་སྨིན་པར་འགྱུར་བའི་སྦྱིན་པ་ནི་བྱང་ཆུབ་སེམས་དཔེའི་འཁོ ་ལག་སོ།། རྒྱལ་པོ་ཆེན་པོ་སེམས་ཅན་ཚུལ་ཁྲིམས་འཆལ་པ་ཡོངསུ་སྨིན་པར་འགྱུར་བའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལེགས་སོ།། རྒྱལ་པོ ་ཆེན་པོ་སེམས་ཅན་གནོད་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བཟོད་པ་ནི་བྱང་ཆུབ་སོས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སེམས་ཅན ་ལེ་ལོ་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའི་འཁོར་ལེགས་སོ།། རྒྱལ་ཆེན་པོ་སེམས་ཅན་སེམས་རྣམ་པར་གཡེང་བ ་ཡོངས་སུ་སྨིན་པར་འགྱུར་བའི་བསམ་གཏན་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སེམས་ཅན་འཆལ་ཤེས་རབ་ཅན་ཡོངསུ་སྨིན་པར་འགྱུར ་རྒྱམ་པོ་ཆེན་པོ་གཞན་ཡང་ཐེག་པ་གཞན་ལ་འཛང་བ་ས་མཆིས་པའི་སྲད་དུ། གཞན་དག་ཀྱང་བྱང་ཆུབ་སེམས་དཔའ་ཡང་དག་པར་འཛིན་ཏུ་འཇུག་པའི་བྱང་ཆུབ་སེམས་དཔའི་འཁོར་ལ ་པའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བྱམས་པ་ཆེན་པོ་ནི་བྱང ་ཆུབ་སེམས་པའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་འཁོར་བ་ལ་ཡོངསུ་མི་སྐྱོ་བའི་སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་ཆོས་ཀྱི་ཀུན ་དགའ་ལ་དགའ་ཞིང་མོས་པའི་དགའ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བའི་བཏང་སྙོམས་ནི་བྱང་ཆུབ་སེམས་དཔའི ་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བསྡུ་བའི་དངོས་པོ་བཞི་པོ་དག་ནི་བྱང་ཆུབ་སེམས་དཔའི་འཁོར་ལགསསོ།། ་རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པར་འགྱུར་བའི་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་སྒྲོགས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ ་པོ་ཆེན་པོ་བདད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བའི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ནི་བྱང་ཆུབ་སེམས་པའི་འཁོར ་ལགས་སོ།། རྒྱལ་པོ་ཆེན་པོ་ཚིགས་བཙུན་པར་འགྱུར་བའི་བདེན་པ་དང་། མི་རྩུབ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སྤོབས་པ་ཕུན་སུན། ་ཚོགས་པར་འགྱུར་བའི་མི་འཕྱ་བ་དང་། ཟིང་སླང་མི་བགྱིད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་བརྗེད་ངས་པར་མི་འགྱུར་བའི་ཐོས ་པའི་ཡོ་བྱད་སྩོགས་པའི་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་ཐོས་པ་འཛིན་པར་འགྱུར་བའི་སླད་དུ་སློབ་དཔོན་དང་མཁན་པོ་ལ་གུས་པ་ནི་བྱང་ཆུབ ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བའི་ཐོས་པ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱུ ་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་པར་འགྱུར་བའི་དམ་པའི་ཆོས་ཡོངསུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། ། ་རྒྱལ་པོ་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་ཡོངསུ་རྫོགས་པར་འགྱུར་བའི་དགོན་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སེམས་ཅན ་མ་དད་པ་དད་པར་འགྱུར་བའི་འཚོ་བ་ཡོངསུ་དག་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྒྲུབ་པར་འགྱུར་བའི་བཀ། ་ཡོད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། དེ་ནས་རྒྱལ་པོ་ཆེན་པོ་གསལ་རྒྱལ་དགའ་ཞིང་མག་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ་ཡིད་བདེ་བ་སྐྱེས་ནས། རྒྱལ་པོ་ལ་འོས་པའི་རས་བཅོས་བུ་ཟུང་སྟོང་ཆོས་ལ་དགའ་བའི་ཕྱིར་ངེས་པ་ལ་བྱིན་ནོ།། ངེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ལ། ་བཀུར་སྟི་དང་མཆོད་པ་མཛད་པས་འཚལ་ལོ།། གང་གིས་བདག་ལ་འཚལ་བར་གྱུར་པ་གོས་རས་རུལ་པའི་དུས་བུ་རྒྱ་མཚོ་བཅོས་པ་བདག་ལ་མཆིས་ཀྱིས། ་བདག་ནི་བདག་གིར་འཛིན་པ་དང་བཅས་ཤིང་ཡོངས་སུ་འཛིན་པ་དང་བཅས་པའི་གོས་རྣམས་མི་འཚལ་ལོ།། རྒྱལ་པོ་ཆེན་པོ་དཔྱིད་ཀྱི་དུས་ན ་རས་རུས་པའི་དུས་བུའི་གོས་འདི་ཤིང་གིས་ཡལ་ག་ལ་བསྐལ་ཏེ། དགུང་ཅིག་གམ། དགུང་གཉིས་སམ། དགུང་བཅུའམ། དགྲང་བརྒྱར་མཆིས་ཀྱང་དེ་ལ་སུ་ཡང་ལེན་པ ་མ་མཆིས་ཤིང་། དེ་ལ་སུ་ཡང་ཆགས་པའི་སེམས་སྐྱེད་པ་མ་མཆིས་ཏེ།། བདག་ཀྱང་དེ་བོར་ནས་མི་ལྟ་བར་འཆི་བའི་དུས་ཏེ་མཆིས་སོ།། རྒྱལ་པོ་ཆེན་པོ་དག་ནི་བདས ་གིར་འཛིན་འཛིན་པ་དང་། ཡོངསུ་འཛིན་པ་དང་བཅས་པའི་གོས་རྣམས་མི་འཚལ་ལོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ནི་གང་ལག་བདག་ཉིད་འདོད་པ་སྤོང ་བར་འགྱུར་ཞིང་། གཞན་ཡང་འདོད་པའི་སེམས་སྐྱེད་པར་མི་འགྱུར་བ་དེ་ལྟ་བུའི་གོས་བཅད་པར་བགྱིའོ།། རྒྱལ་པོས་སྨྲས་པ། ངེས་པ་གལ་ཏེ་དེ་ལྟར་རས་བཅོས་བུ་ཟུང ་འདི་དག་ཁྱོད་མི་ལེན་ན། ཁོ་བོ་ལ་སྙིད་བཙེ་བའི་ཕྱིར་རྐང་པས་རྫིས་ཤིག། ངེས་པས་ལྷ་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས། རས་བཅོས་བུ་ཟུང་དེ་དག་ལ་རྐང ་བས་བརྫིས་ཏེ་སོང་ངོ་།། རྒྱས་པོས་སྨྲས་པ། ངེས་པ་རས་བཅོས་དུ་ཟུང་ཁྱོད་ཀྱི་རྐང་པའི་སྨན་མར་གྱུར་པ་འདི་རྣམས་ཅི་ལྟར་བྱ། ངེས་པས་སྨྲས་པ། རྒྱལ་པོ་ཆེན ་བོ་སེམས་ཅན་དབུལ་པོ་གཅེར་གློས་མཆིས་པ་གང་ལགས་པ་དེ་དག་ལ་སྩོལ་ཅིག། རྒྱལ་པོ་ཆེན་པོ་ངེས་པ་ལ་དེ་ལྟར་བྱའོ་ཞེས་སྨྲས་ནས། རྒྱལ་པོའི་མི ་རྣམས་ལ་བསྒོ་སྟེ། དེ་དག་གིས་ཀྱང་ཇི་སྐད་བསྒོ་བ་བཞིན་དུ་བྱས་སོ།། རས་བཅོས་བུ་བཟུང་དེ་དག་དབུལ་པོ་དེ་དག་གིས་བགོས་མ་ཐག་ཏུ་འདི་སྙམ་དུ་སེམས ་བསྐྱེད་དེ་དག་ཅག་གིས་ངེས་པ་ལ་ཅི་ལྟར་ལན་གླན་པར་བྱ་སྙམ་པ་ལས། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། ངེས་པའི་སྨོན་ལམ་གྱི་སྟོབས་ཀྱིས། དེ་དག་གིས་བར ་སྣང་ལས་ཚིགས་བཅད་པ་འདི་དག་ཐོས་སོ།། འདོད་པ་བཞིན་ལྡན་ནི་ཟླ་བྱ་བ།། མེ་ཏོག་དང་ནི་སྤོས་དང་བྱ་དང་།། ཟས་སྐོམ་ནོར་རྣམས་ཀྱིས་ཀྱང་མི་ནུས་ཏེ། ་བྱང་ཆུབ་སེམས་ཀྱིས་ངེས་པ་དགའ་བར་འགྱུར།། ངེས་པ་ཟས་དང་གོས་འདོད་མ་ཡིན་ཏེ། རྙེད་དང་བསྐུར་སྟི་གྲགས་པ་འདོད་མ་ཡིན།། དེས་པ་བྱང་ཆུབ་སེམས ་ལས་ཆོས་འདོད་དེ།། བྱང་སེམས་ཀྱིས་ངེས་པ་དགའ་བསྐྱེད།། དེ་ནས་དུས་གཞན་ཞིག་ན་རིགས་རིགས་ཀྱི་བུ་ངེས་པ་དང་། རྒྱལ་པོ་གསལ་རྒྱལ་བརྟུན་མོའི་འཁོ ་དང་བཅས། བློན་པོ་དང་བཅས། འཁོར་དང་བཅས་པ་དང་། མཉན་ཡོད་ཀྱི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། སྲོག་ཆགས་རྒྱ་ཕྲག་མང ་པོ་དག། བཅོམ་ལྡན་འདས་བལྟ་བའི་ཕྱིར་དོང་ངོ་།། དེ་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་དུ་ལྷའི་དབང་པོ་རྒྱ་བྱིན་གྱིས་འཁོར་གྱིས་ཁྱམས་ཆེས ་པོ་བགྲང་བ། བལྟ་ན་སྡུག་པ། ཡངས་ཤིང་མཐོ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདི་ལྟ་སྟེ། དཔེར་ན་གསུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཁང ་རྣམ་པར་རྒྱལ་བ་ལྟ་བུ་ཞིག་སྤྲུལ་ཏེ། དབུས་སུ་ཤིང་ཡོངས་པ་འདུས་བརྟོལ་སྤྲུལ་ཏོ།། ཡོངས་དུས་བརྟོལ་གྱི་དྲུང་དུ་ཡང་བཅོམ ་ལྡན་འདས་ཀྱི་གདན་སེང་གེའི་ཁྲི་བཀྲ་བ་བལྟ་ན་སྡུག་ཅིང་ཞེངས་གབ་པ་ལ། ལྷའི་རས་བཅོས་བུ་བརྒྱ་སྟོང་དུ་མ་བཏིང་བ་མངོན་པར་སྤྲུལ། བྱང་ཆུབ་སེམས་དཔའ་རྣམས ་ཀྱི་སྟན་དྲུག་ཁྲི་དག་ཀྱང་མངོན་པར་སྤྲུལ་ཏོ།། ལཱ་མ་ཡིན་གྱི་བུ་མོ་བདེ་སྒྲོགས་ལ་སྩོགས་པ་ལྷའི་བུ་མོ་ཁྲི་ཉིས་སྟོང་ཡང་མེ་ཏོག་དང་། བདུག་པ་སྤོས་དང་། མེ་ཏོག་དང ་འཕྲེང་བ་དང་། བྱུག་པ་དང་། ལྷའི་ཙན་དན་གྱི་ཕྱེ་མ་དག་ཁྱེར་ནས། སིལ་སྙན་དང་ཕེག་རྡོབ་པ་དག་བྱེད་ཅིང་། ངེས་པའི་གཡོག་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སེང ་གེའི་ཁྲི་བརྒྱན་པར་བྱེད་དོ།། དེ་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚེགས་ཆེན་དེ་དག་འོང་བར་ཐུགསུ་ཆུད་ནས་གཙུག་ལག་ཁང་ནས་བྱུང་སྟེ། བྱང་ཆུབ་སེམས་དཔའ་དང་། ་ཉན་ཐོས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་གདན་བཤམས་པ་ལ་ཞུགས་སོ།། དེ་ནས་དྲི་ཟའི་བུ་གཙུག་ཕུང་ལྔ་པས་ལྷའི་བུ་གཉི་འོད་ལ་སྨྲས་པ་བཟང་མོ་ཚུར་ཤོག། ་ངེས་པའི་གཡོག་བྱ་བའི་ཕྱིར་རྒྱུད་ཀྱི་སྒྲ་དང་གླུའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱའོ།། དེ་ནས་ལྷའི་བུ་མོ་གཉི་འོད་ཀྱིས་ལྷའི་བུ་མོ་ལྔ་བརྒྱ་ཅས་དང་། 5 ་གཅིག་ཏུ་རྒྱུད་ཀྱི་སྒྲར་སྦྱར་བའི་ཚིགས་སུ་བཅད་པ་དག་གིས་བསྟོན་པ།། ཁྱོད་ཀྱིས་བསྐལ་པ་བརྒྱར་ནི་སྔན་ཆད་ཆད་དཀའ་ཐུབ་སྤྱད། ཁྱོད་ནི་བསྡུ་བ་དག་དང་སྤྲིན་ལ་དགེས ་ཁྱོད་ཀྱིས་སྐུ་གསུངས་ཐུགས་རྣམས་ཡོངས་སུ་དག་པ་སྟེ།། སྲིད་གསུམ་འཇིག་རྟེན་བླ་མ་ལ་ནི་བདག་ཕྱག་འཚལ། ཁྱོད་ནི་ཐབ་མི་མངའ་བཟོད་དང་བྱམས་ལ་དགྱེས།། ་ཁྱོད་ནི་བརྩོན་འགྲུས་བརྟན་དང་སྟོབས་ཀྱི་ཕོལ་གཤེགས། ཁྱོད་ནི་བསམ་གཏན་བློ་དང་ཚུལ་རྣམས་སྣང་ལ་དགྱེས། དྲི་མ་གསུམ་གྱི་ཉེས་པ་སེལ་ལ་བདག་ཕྱག་འཚལ། ་ཁྱོད་ནི་འདོད་ཆགས་ཞེ་སྡང་གཏིག་མུག་སེལ་ལ་དགྱེས། ཁྱོད་ཀྱི་ཐུགས་ནི་ཞི་ཞིང་སྙོམས་ལ་ཐུགས་རྗེར་ལྡན། ཁྱོད་ནི་ཡང་དག་གསུང་ཞིང་དམ་པའི་དོན་ཡང་མཁྱེན ་སྲིད་པ་གསུམ་པོ་ཐར་པར་མཛད་ལ་བདག་ཕྱག་འཚལ་ལ། ཁྱོད་ནི་མཐོང་བ་རྣམས་ཀྱི་ཐེ་ཙོམ་སེལ་བར་མཛད། ཁྱོད་ནི་མཐོང་བ་རྣམས་ཀྱི་སྐྱོན་རྣམས་མཐའ་དག་སེལ ་ཁྱོད་ནི་མཐོང་བ་རྣམས་ལ་མཆོག་ཏུ་དགའ་བར་མཛད། བདག་ནི་རྒྱལ་ལ་སྲོག་གིས་སྐབས་སུ་མཆི་བར་བགྱི། ལྷའི་བུ་མོ་མཆོག་ནི་འདོད་ཆགས་ཆགས་གྱུར་པ། གཱང ་གིས་མཐོང་བ་དེ་ཡང་ཆོས་ལ་དགའ་བར་འགྱུར། དགའ་བས་དྲན་པ་ཤིན་ཏུ་རྒྱ་ཆེན་ཐོབ་འགྱུར་ཏེ།། དགའ་བས་སྔག་ལ་འདོད་པའི་དགའ་དང་བྲལ་བར་འགྱུར། ་མཚན་མཆོག་སུམ་ཅུ་རྩ་གཉིས་དག་གི་རྒྱན་རྣམས་ཀྱིས་ལེགས་པར་བརྒྱད་པ་གསལ་བའི་ཡོན་ཏན་མཆོག་མངརའ་པོ། གསུང་མཆོག་མིའི་དམ་པ་གསུང་ནི་རྣམ་པར ་དག། མཚུངས་པ་མེད་པའི་འོད་མངའ་ཁྱོད་ལ་བདག་ཕྱག་འཚལ། འཕགས་པ་འཛམ་བུ་ནུ་བོའི་གསེར་མདོག་ཕྱག་མཐལ་སྡུག། ཐུབ་པའི་སྐ་སྟོང་སེར ་གེའི་འདྲ་ཞིང་གླང་ཆེན་སྟོབས།། སྨིན་ཚུགས་ལེགས་ཤིང་ཤངས་ལེགས་ཚེམས་སྙོམས་མཛེས།། དཔལ་གྱི་སྙིང་པོ་ཤཱག་ཀྱ་ཐུབ་མཆོག ་ཁྱོད་ལ་འདུད། རྒྱལ་བ་ཡོན་ཏན་བརྒྱ་ཕྲག་དག་གིས་རྒྱས་གྱུར་པ།། བདེ་གཤེགས་ཤིན་ཏུ་དགའ་བ་སྐྱེད་མཛད་སྟོན་པའི།། བསོད་ནམས་ཡོན་ཏན་མཐའ་ཡས ་བསྒྲུབས་པ་གང་ལགས་པ། དེའི་ས་འདིར་ནི་འཇིག་རྟེན་སྔས་རྒྱས་མཉམ་གྱུར་ཅིག། དེ་ནས་རིགས་ཀྱི་བུ་དེས་པ་སྐྱེ་བོའི་རྣོན་པོ་དེ་དག་གིས་ཡོངསུ་བསྐོར་ནས ་བཅོམ་ལྡན་འདས་གཱ་ལ་བ་དེར་སོང་སྟེ་ལྷག་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོག་གཅིག་ཏུ་འདུག་གོ།། དེ་ནས་རྒྱལ ་པོ་གསལ་རྒྱལ་གྱི་རིགས་ཀྱི་བུ་ངེས་པ་ལ་ཁྲིའུ་བསྟན་བཟང་པོ་དག་ཉིད་ཀྱིས་བྱིན་ཏེ། འདི་ལ་འདུག་ཤིག་ཅེས་བྱས་ནས། རིགས་ཀྱི་བུ་ངེས་པ་ཁྲིའུ་སྟན ་བཟང་པོ་དེ་ལ་འདུག་གོ།། རྒྱལ་གསལ་རྒྱལ་འཁོར་དང་བཅས་པ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། རང་རང་གི་བསྟན་ལ་འཁོད། ་དེ་ནས་རིགས་ཀྱི་བུ་གང་དག་གིས་ངེས་པ་སྔོན་མ་མཐོང་བ་དེ་དག་འདི་སྐད་དུ་དངུལ་པོ་གོས་ངན་པ་གྱོན་པ་འདི་དག་ལ་འདི་ལྟ་བུར་མཆོད་པ་བྱེད་དོ།། ཞེས ་འཛེར་ཏོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་དེ་དག་པ་འདི་སྐད་ཅེས་སྨྲ་སོ།། གྲོགས་པོ་དག་འདི་ལ་བསྙས་པས་མ་བྱེད་ཅིག། རིགས་ཀྱི་བུ་འདི ་ཡོན་ཏན་གྱི་ཆེ་བ་ཉིད་ཅི་སྟེང་དང་ལྡན་པ་དེ་ནི་ཁོ་བོ་མངོན་སུམ་དུ་གྱུར་ཅིག། གྲོགས་པོ་དག་ཁྱེད་རེ་ཤིག་སྡོད་ཅིག། རིགས་ཀྱི་བུ་འདིའི་ཡོན་ཏན་གྱི་བཀོད་པ ་མཐོང་བར་འགྱུར་རོ།། དེ་ནས་རིགས་ཀྱི་བུ་ངེས་པས་ལྷའི་བུ་དེ་དག་གི་བསམ་པ་རྟོགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བྱང་ཆུབ ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཡོངསུ་སྨིན་པར་བགྱི་བའི་བཀོད་པའི་ཐམས་དང་། ཡེ་ཤེས་ཀྱི་བཀོད་པའི་ཐབས་བཅོམ་ལྡན་འདས་ཀྱིས་བཤད་དུ ་གསོལ།། དེ་ནས་བཅོམ་ལྡན་འདས་སྐུ་ལས་འོད་ཕྱུང་སྟེ། འོད་དེས་དེས་པའི་ལུས་ལ་རེག་ནས། ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་ཀྱི་ལུས་ཡོངས་སུ་འགྲུབ ་པ་ཅི་འདྲ་དེ་ལས་འབུམ་གྱུར་པས་ཀྱང་ཆེས་ལྷག་པར་གྱུར་ཏོ།། དེ་ནས་ལྷའི་བུ་དེ་དག་ཡན་མཚན་དུ་འཛིན་པར་གྱུར་ཏེ། དེས་པ་ལ་མེ་ཏོག་གིས་གཏོར་ཏེ། ་དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ངེས་པ་ལ་བཀའ་སྩལ་པ། ངེས་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་མཐུ་ལ་གནས་པའི ་ཚེ་ཡང་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར། དབེན་པ་སྟོན་ཅིང་དམམ་པའི་མཐུ་ལ་གནས་ཀྱང་། སེམས་ཅན་ཡོང་སུ་སྨིན་པར་བྱ་བའི་ཕྱིར་མཆོག་ཏུ་སྟོན ་པར་བྱེད་པ་འདི་ནི་དེའི་བཀོད་པ་ཡིན་ནོ།། ཡེ་ཤེས་ལ་གནས་ཀྱང་མི་ཤེས་པར་སྟོན་ཅིང་ཤེས་པར་སྣང་བའི་ད་ནི་དེའི་བཀོད་པ་ཡིན་ནོ།། ཤེས་མ་ཐོབ་པ ་རྣམས་ལ་ཡང་སས་ཀྱི་སྤྱོད་པ་དང་། སྣོད་ལས་གྱིས་དང་པ་བསྐྱེད་པར་བྱེད་ཅིང་། སེགས་ཅ་པ་རྣམས་ལ་ཡང་སྤྱོད་པ་ཐམས་ཅདས་། ་བར་སྟོན་པས། རྫུ་འཕྲུལ་སྙན་པར་བྱེད་པ་འདི་ན་དེའི་བཀོད་པ་ཡིན་ནོ།། རྟག་ཏུ་སེམས་ལ་དབང་བྱེད་པས་ངན་ཅིང་དབུལ་པར་སྟོན་ཀྱང་རྐངས་པས་ཀྱང་མ ་དང་། མཆོག་གི་བཀོད་པ་ལ་གནས་ཀྱང་ཀྱེ་བོ་ཕལ་གྱིས་ཀྱང་མཆོད་པ་འདི་ནི་དེའི་བཀོད་པ་ཡིན་ནོ།། སེམས་ཅན་བསྡུ་བའི་ཕྱིད་ངན་ཅིང་དབུལ་བར་ཡང་ཉེ་བར་སྟོན་པ། ་སེམས་ཅན་རྣམས་ལ་མངོན་པར་འབྱུང་བྱ་བསྐྱེད་པའི་ཕྱིར་ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་ཡང་མངོན་པར་འབྱུང་བ་སྟོན་པ་འདི་ནི་དེའི་བཀོད་པ་ཡིན་ནོ།། དེ་ནས་བཅོམ ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་དེས་པས་ཅི་སྲིད་ཅིག་ནས་བྱང་ཆུབ་ཀྱི་ཕྱིར་སྤྱད་པར་བགྱིས ་པ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀུན་དགའ་བོ་རིགས་ཀྱི་བུ་ངེས་པ་ནི་སངས་རྒྱས་བྱེ་བ་མང་པོ་ལ་བསྙེན་བཀུར་བྱས་པ་སྔོན་གྱི་ཚུལ་ཕུན་སུམ ་ཚོགས་པ། བཟོད་པ་གསུམ་ཐོབ་པ། བ་ཐོབ་པ། མངོན་པར་ཤེས་པས་རྣམ་པར་རྩེ་བྱས་པ།། སེམས་ཅན་ཡོངསུ་སྨིན་པར་བྱ་བ་ལ་མཁས་པ་སྟེ། ང ་དབུལ་བས་སེམས་ཅན་རྣམས་འདུལ་བར་བྱེད་དོ།། གསོལ་པ་བཅོམ་ལྡན་འདས་འདིས་ངན་ཅིང་དབུལ་བ་འདིས་སེམས་ཅན་ཅི་སྙེད་ཅིག་བརྟུལ་ལགས།། ་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀུན་དགའ་བོ་ལྷའི་བུ་འབུམ་ཕྲག་མང་པོ་དག་ཐ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཏེ། ་མི་རྣམས་ཀྱང་དེ་དང་འདྲའོ།། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཅི་སྲིད་ཅིག་ནས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོ ་པར་འཚང་རྒྱ་བར་འགྱུར།། འདིའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་རྣམས་ནི་ཅི་འདྲ་བ་ཞིག་ཏུ་འགྱུར། མིང་ནི་ཇི་སྐད་ཅེས་བགྱི་བ་ཞིག་ཏུ་འགྱུར། མིང་ནི་ཇི་སྐད་ཅེས ་བགྱི་བ་ཞིག་ཏུ་འགྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགསུ་བཅད་དེ་བཀའ་སྩལ་པ།། སེམས་ཅན་དོན་ལ་བརྩོན་དང་བརྟུལ ་ཞུགས་བརྟན་པ་དང་། གྲགས་པ་རྒྱ་ཆེན་དག་གིས་བསམ་པ་ཁྱབ་བྱས་དང་། བྱང་ཆུབ་ཡོན་ཏན་གནས་པའི་སྤྱོད་པ་ཅི་འདྲ་བ།། ངས་ནི་ཁྱོད་ལ་བཤད་ཀྱིས་ཀུན ་དགའ་ཁྱོད་ཉོན་ཅིག། འདི་ན་རྒྱལ་ལཆོད་མཆོག་ཕྱིར་ནི་གུས་བྱེད་ཅིང་།། དམ་པའི་ཆོས་ནི་བསྲུང་ཕྱིར་རབ་ཏུ་བརྩོན་བྱེད་པ། ངེས་པ་ཡིད་ནི་སྤྱོད་པའི་རྣམ་པ ་གང་ཡིན་པ།། དེ་དག་འདིར་ནི་བགྲངས་པར་ནུས་པར་མི་འགྱུར་རོ།། ཕ་རོལ་བྱིན་འདི་དག་ལ་ནི་ལེགས་པར་བསླབས།། མངོན་པར་ཤེས་པ་དག་གིས་སྔན ་རྩེ་བ་བྱས། ཚངས་པའི་གནས་རྣམས་ཀྱིས་ནི་མཐའ་མར་ཕྱིན་པར་སོང་ངོ་།། ཐབས་ལ་མཁས་པའི་སྤྱོད་པ་དག་ལ་ལེགས་པར་བསླབས། འདིར་ནི་དེའི་ས་འདུས ་\ུ0f7f། བྱས་སྐྱོན་རྣམས་ལེགས་པར་མཐོང་། སངས་རྒྱས་བྱང་ཆུབ་ཀྱང་ནི་མངོན་གསུམ་གྱུར་པར་བྱས། འདི་ནི་སེམས་ཅན་ཅི་ལྟར་ཐར་གྱུར། ་བའི།། རྣམ་པར་སྨིན་པའི་མཚན་ཉིད་ལ། ཡང་ལེགས་པར་བསླབས། འཇིགས་པ་མེད་སིང་བློ་དང་ལྡན། སྤོབས་པ་དང་ནི་གཟུགས་རྣམས་དང་ཡང་ལྡན་པ་སྟེ།། བདུད ་ཀྱི་ལྕགས་ཉོན་མོངས་རྫས་ལས་ངེས་བྱུང་ཞིང་། སངས་རྒྱས་སྤྱོད་ཡུལ་དོན་ཆེན་ལ་ནི་རབ་ཏུ་གནས།། འཇིག་རྟེན་ཆོས་རྣམས་མང་པོ་དག་གིས་མགོས་ལ། ཆགས། ་བ་ལ་སོགས་རྣམས་ཀྱིས་བྲག་ལྟར་མི་གཡོས།། སའི་དྲུང་དུ་མི་འགྲོ་རིང་བར་བྱེད་པའང་མིན། ནམཁའ་ལྟ་བུར་བཅིངས་གྲོལ་བ་མེད་པ་ཡིན། སྙིང་རྗེར་གནས་ཤིང ་སེམས་ཀྱང་ཡོངས་སུ་སྐྱོ་བ་མེད།། ཤིན་ཏུ་བསྡམས་ཤིང་ནེམ་ནུར་ཅན་ལ་བྱུགས་སེམས་ལྡན། སེམས་ཅན་ཀུན་ལ་བདག་དང་འདྲ་བར་སྡུག་པར་ལྟ། སྐྱོན ་ལ་མི་ལྟ་འཕྲུལ་པ་དག་དང་ལྡན་མ་ཡིན། ཇི་ལྟར་བསྟན་པ་བཞིན་དུ་བསྒྲུབ་པ་རྣམས་པ་གནས། འདི་ཇི་སྐད་སྨྲས་པ་བཞིན་དུ་སྤྱོད་པར་བྱེད། ཆོས་ཉིད་ལ་ནི་ཆོས ་ཀྱི་ཚུལ་གྱིས་ལེགས་པར་བསླབས། སྟོང་པ་ཉིད་ལ་མོས་ཤིང་གཉིས་ལས་རྣམ་པར་གྲོལ་བྱེད། སངས་རྒྱས་ཀྱི་ནི་སྲེས་འདིར་གང་དུ་གནས་པ་དེར། དེ་བཞིན་གཤེགས ་བས་ཡུལ་ནི་སྟོང་པ་མ་ཡིན་ཏེ།། དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་མ་ལུས་པས། ཅི་ལྟར་སངས་རྒྱས་བཞིན་དུ་འདི་ལ་གུས་པར་གྱིས།། ང་ནི་མྱ་ངན་ལས་འདས ་ནས་ཉམས་བྱུ་ཚེ།། ངེས་པ་འདི་ནི་སངས་རྒྱས་སྤྱོད་པ་སྤྱད་ནས་ཀྱང་། སྔོན་ཆད་གནས་པ་མངོན་པར་དགའ་བའི་འཇིག་རྟེན་ཁམས། མིའི་འཁྲུགས་འཇིག ་རྟེན་ཉིད་དུ་ཕྱིར་ཡང་འགྲོ་བར་འགྱུར།། བརྟན་པོ་སྲོག་ཆགས་རྣམས་ལ་ཕན་པར་བྱ་བ་དང་།། ཞིང་གི་འབྱོར་པ་དག་ནི་ཡོངས་སུ་བཙལ་བ་དང་། བྱང་ཆུབ་ཏུ་ནི ་སེམས་ཅན་ཡོངས་སུ་སྨིན་བྱ་ཕྱིར། བསྐལ་པ་གྲངས་མེད་གསུམ་རྔ་སྤྱད་པ་སྤྱོད་པར་བྱེད།། དེའི་འོག་ཏུ་དེ་ནི་སྐྱོབ་པ་རྒྱལ་བར་འགྱུར།། མིང་ནི་འཇིག་རྟེན་རྒྱལ་དབང་ཕྱུག ་ཅེས་ཀྱང་བྱ།། དེ་བཞིན་གཤེགས་པ་མི་འཁྲུག་པ་ཞེས་བྱ་བའི།། ཞིང་དང་དེའི་འཇིག་རྟེན་དུ་ནི་མཚུངས་མ་ཡིན། འཇིག་རྟེན་ཁམས་དེ་ལེགས་པར་སྤྲུལ་པ་ཞེས ་བྱ་སྟེ། ཡོན་ཏན་ཐམས་ཅད་དང་ནི་ལྡན་པར་འགྱུར་བ་ཡིན། དེའི་ཚེའི་ཚད་ནི་ལོ་ཁྲི་ཐུབ་པར་འགྱུར།། དེའི་དགེ་འདུན་ཤིན་ཏུ་མང་སྟེ་བགྲང་ལས་འདས་ཉན་ཐོས ་ཐེག་པ་ཅན་གྱི་དགེ་འདུན་ཉུང་བར་འགྱུར། ཕལ་ཆེ་བྱང་ཆུབ་དོན་དུ་བརྩོན་པ་བྱས་ནས་སུ། དེ་དག་ཐམས་ཅད་ཡེ་ཤེས་སྟོབ་དང་རྫུ་འཕྲུལ་ལྡན། རྣམ་པར་ཐར་པ ་རྣམས་དང་ལྡན་ཞིང་འཇིག་རྟེན་པ་མེད་གཅིག་ཏུ་ངེས་པར་ཆོས་ནི་ལེགས་པར་བཤད་རྣམས་ཀྱིས། འཇིག་རྟེན་ཁམས་རྗེ་རྟག་ཏུ་བསྒྲ་ཆེན་བསྒྲགས་པར་འགྱུར། ་དེ་ན་བདུད་རྣམས་མེད་ཅིང་སྲིད་པར་ཆགས་པ་མེད། དེ་དག་ཐམས་ཅད་ཡང་དག་པ་རིག་ཅིང་རྣམ་པར་དག། བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་འདས ་གྱུར་ནས། ལོ་ནི་བཅུ་དག་ལས་བཞི་ལྷག་རྣམས་སུ་ཡང་། དེའི་དམ་པའི་ཆོས་ནི་རབ་ཏུ་སྦྱད་པར་འགྱུར། དེའི་ཚེ་དེའི་ཆོས་ཀྱི་ཚུལ་ནི་འཁྲུག་པ་མེད། དེས ་དེའི་ས་གང་དག་ཡོངས་སུ་སྨིན་བྱས་པ། དེ་དག་བྱང་ཆུབ་བླ་ན་མེད་པའི་དུ་སྤོང་། ཞིང་དེར་སེམས་ཅན་གང་དག་འབྱུང་བར་འགྱུར་བ་རྣམས། ་དེ་དག་ཐམས་ཅད་སྐྱོན་རྣམས་དང་ནི་བྲལ་བ་ཡིན། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པའི་ལུང་བསྟན་པ་བཤད་མ་ཐག་ཏུ། དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་མེ་ཏོག་དང་། ཕྱེ་མ་དང་། གོས་དང་། རྒྱན་ཀྱི་ཆར་ཡང་མངོན་པར་བབ་པོ།། ཐམས་ཅད་དང་ལྡན་པའི ་འཁོར་གྱིས་ཀྱང་། རང་རང་གི་གོས་རྣམས་རིགས་ཀྱི་བུ་ངེས་པ་ལ་བཀག་གོ།། ཚོད་དཔོན་དང་ཁྱིམ་བདག་དང་། བྲམ་ཟེ་བརྒྱ་ཕྲག་མང་པོ་དག་ཀྱང་རབ་ཏུ་བྱུང་ངོ།། ་དེ་ནས་བཅོམ་ལྡན་འདས་ལ་ངེས་པས་འདི་སྐད་ཅེས་གསོལ་ཏོ།། བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་གསོལ།། དེ་ནས་བཅོམ ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པའི་མགོ་བོ་ལ་ཕྱག་གིས་བྱུགས་སོ།། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ངེས་པའི་མགོ་བོ་ལའི་ག་མ་ཐག་ཏུ་གོས ་དུར་སྨྲིག་བགོས་ཤིང་དགེ་སློང་དུ་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀན་དགའ་བོ་སྙིག ་མ་ལྔ་པོ་དུས་ཀྱི་སྙིགས་མ་དང་།། སེམས་ཅན་གྱི་སྙིགས་མ་དང་། ཞིང་གི་སྙིགས་མ་དང་། ཚེའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མའི་དུས་སུ་དེ་བྱང་ཆུབ་མངོན་པ ་རྫོགས་པར་སངས་རྒྱས་ནས། དེར་ངེས་པས་ཅི་ལྟར་འདུལ་བ་ལས་རྣམ་པ་གཞན་གྱིས་འདྲ་བར་མི་བྱའོ།། ཀུན་དགའ་བོ་ང་ནི་འཇིག་རྟེན་གྱི་ཁམས་མི་མཆེད་དུ་སངས་རྒྱས ་ཀྱི་འདུལ་བས་སེམས་ཅན་སེམས་འདུལ་བར་མི་བྱེད་ཀྱི། ཀུན་དགའ་བོ་ང་ནི་ངན་ཅིང་དབུལ་བ་དང་། ངན་འགྲོའི་འཇིགས་པས་སྡིགས་པས་སེམས་ཅན་རྣམས་འདུལ ་བར་བྱེད་དོ།། ཀུན་དགའ་བོ་གལ་ཏེ་འཇིག་རྟེན་གྱི་ཁམས་འདིར་ངས་སངས་རྒྱས་ཀྱི་ཡུལ་གྱིས་ཆོས་བསྟན་ཅིང་སངས་རྒྱས་ཀྱི་ཡུལ་ཉེ་བར་བསྟན་ཏུ་ཟིན་ན། སེམས་ཅན ་གཅིག་ཀྱང་འདུ་བར་མི་འགྱུར། ལ། ཆོས་ཀྱང་རྟོགས་པར་མི་འགྱུར་རོ།། ཀུན་དགའ་བོ་དེ་ལྟར་བས་ན། ང་དང་ངེས་པ་ཇི་ལྟར་འདུ་བར་བྱེད་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་སེམས ་ཅན་གདུལ་བར་གྱིས་ཤིག། ཀུན་དགའ་བོ་སེམས་ཅན་དད་པ་ཅན་དང་། རྟོག་པ་མེད་པ་དག་འབྱུང་བར་འགྱུར་ཏེ། དེ་དག་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་དད་པ་རྙེད་དེ ་བཞིན་ཉིད་དུ་སྒྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་ངེས་པ་དང་། བྱང་ཆུབ ་སེམས་དཔའི་དེ་དག་དང་། དགེ་སློང་དེ་དག་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་གས་ལ་རྒྱལ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟས་བཅས་པའི་འཇིག ་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ། ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ངེས་པས་ཞུས་པའི་ལེའུ་ཞེས་བྱ་སྟེ། འདུས་པ་ཉི་ཤུ་རྩ་བདུན་པ་རྫོགས་སྷོ།། ་