| Wylie | e-texts produced with BDRC’s OCR application |
རྫོགས་སོ།། ། རྒྱ་གར་སྐད་དུ། པྲ་ཏྱཾ་གི་ར་ན་མ་དྷ་ར་ནི། བོད་སྐད་དུ། ཕྱིར་ལྡོག་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་བྱ་བ་ཕྲག་དུ་མས་བསྐོར་ནས་བཞུགས་སོ།། དེའི་ཚེ་ཡངས་པ་ཅན ་གྱི་གྲོང་ཁྱེར་དུ། དགེ་སློང་ལེགས་པའི་བློ་གྲོས་ཤེས་བྱ་བ་ཞིག་མུ་སྟེགས་ཅན་དང་རྩོད་པ་བྱས་པ་ལས། དགེ་སློང་དེ་རྩོད་པ་རྒྱལ་བར་གྱུར་པ་དང་། མུ་སྟེགས ་ཀྱི་སྟོན་པ་རྒྱལ་བྱེད་ཅེས་བྱ་བ་ཆེར་འཁྲུག་པར་གྱུར་ནས། དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་དགེ་སློང ་ཁྱོད་ནི་ཀོའུ་ཏ་མས་གཡོ་དང་སྒྲ་ལ་གོམས་པར་བྱེད་དུ་བཙུགས་པས། ཁྱོད་ནི་བདག་གིས་སྟོན་པས་ལེགས་པར་གསུང་བའི་རིག་བྱེད་རྣམས་སུན་བྱིན་པར་བྱེད ་བས་ནི་བདག་གིས་རབ་ཏུ་བམ་པར་བྱའོ།། ད་སྟེ་ཞག་གསུམ་མམ་བདུན་ནས་ཁ་ནས་ཁྭ་དྲོན་མོ་སྐྱུག་ཅིང་ཚེའི་དུས་བྱེད་པར་བྱའོ།། ཞེས་སྨྲས་པ་དང་། དགེ་སློང ་དེ་སྤུ་ཟིང་བྱེད་པ་ཙམ་དུ་སྐྲག་པར་གྱུར་ཏེ། མུ་སྟེགས་ཀྱི་སྟོན་པ་རྒྱལ་བྱེད་ལ་འདི་སྐད་ཅེས་སྨྲས་སོ།། དེ་ལྟ་བུའི་ལས་བརླང་པོ་དག་མ་བྱེད་ཅིག། དེ་ལྟར་ཁྱོད་ཀྱི ་ཅི་དགོས་པ་ཁས་བླང་ངོ་།། རྒྱལ་བྱེད་ཀྱིས་སྨྲས་པ། འོ་ན་རྫུན་མ་བྱེད་པར་བདག་གི་ལྷ་དབང་ཕྱུག་ཆེན་པོ་ལ་སྐྱབས་སུ་དོང་ཅིག། བདག་གིས་ཁྱོད་ལ་ཕྱག ་གནས་སུ་བྱའོ།། དེ་ནས་དགེ་སློང་གི་ཚིགསུ་བཅད་དེ་སྨྲས་པ། ཚེ་འདི་མི་རྟག་གཡོ་བའི་རང་བཞིན་ཅན།། སྐད་ཅིག་ཙམ་ཡང་རང་གྱུར་པ་མེད།། ཁྱོད་ཀྱི ་རེག་སྔགས་བརླང་བས་མ་བསྐུལ་ཀྱང་།། འཇིག་རྟེན་འདི་ན་རྟག་པ་གང་ཡང་མེད།། སྐྱེ་བའི་ཆུ་བོ་རབ་མེད་སྒྲོན་མཛད་ཅིང་། ལས་ཀྱི་རླུང་དམར་དྲག་པོ ་ཞི་མཛད་པ། སྐྱབས་སུ་འཇིག་རྟེན་ཀུན་ན་ལས་ཁྱད་འཕགས་པ། གྱི་ནི་ཙམ་ལ་སྤོང་བར་ཅེ་སྟེ་བྱེད། ཞེས་སྨྲས་ནས། རིངས་པར་བཅོམ་ལྡན ་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་བདག་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་བསོད་སྙོམས་ཀྱི་སླད་དུ་མཆིས་པ་དང་། མུ་སྟེགས་བྱེད་དྲག་པ་ཅན་འགའ་ཞིག་དང་འཇལ་ཏེ། དེ་དག ་བདག་ལ་བརྩོད་པར་གྱུར་ནས། བདག་གི་བཙོད་པ་ཕམ་པར་བགྱིས་པས། དེ་རྣམས་ཀྱི་ནང་ནས་རིག་སྔགས་གྲུབ་པའི་མུ་སྟེགས་རྒྱལ་བྱེད་ཅེས་བྱ་བ་ཆེར་འཁྲུགས ་བདག་ལ་འདི་སྐད་དུ། ཁྱོད་ད་སྟེ་ཞག་གསུམ་ན་ཁ་ནས་ཁྲག་དྲོན་མོ་སྐྱུགས་ཅིང་ཚེའི་དུས་བྱའོ་མཆི་ན། བཅོམ་ལྡན་འདས་ཇི་ལྟར་བདག་འཇིགས་པ་ལས་ཐར ་བའི་ཐབས་གནང་བར་མཛད་དུ་གསོལ། སྟོན་པ་ཐམས་ཅད་མཁྱེན་པ་ཐུགས་རྗེ་ཆེན་པོས་བདག་གིས་སྲོག་བསྟན་པར་མཛད་དུ་གསོལ་ཞེས་ཞུས་སོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དགེ་སློང་ཁྱོད་ཡིད་རབ་ཏུ་གཡོ་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། ང་ལ་གཟུངས ་སྔགས་གཟི་བརྗིད་ཚད་མེད་པའི། འོད་ཟེར་རྣམ་པར་རྒྱལ་བའི་ཤུགས་ཞེས་བྱ་བ་ཡོད་དེ། དེ་ནི་འཇིག་རྟེན་བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ ་བཞི་དང་། ཕྱོགས་སྐྱོང་བ་ཅུ་དང་། བདུད་དང་། རོ་ལངས་དང་། བརྗེད་བྱེད་དང་། འཁའ་འགྲོ་མ་དང་། སྲིན་པོ་དང་། ས་བདག་དང་། བྱེད་སྡེམ་དང་། ་དྲི་ཟ་དང་། གྲལ་བུམ་དང་། ན་མཁའ་ལྡིང་ལ་སོགས་པ་གང་གིས་ཀྱང་འདའ་བར་མི་ནུས་སོ།། སྔགས་ནི ་འདི་ལྟ་སྟེ། ན་མ་སརྦ་ཏ་ཐཱ་ག་ཏ། ཨ་བ་ལོ་ཀི་ཏེ། ཨོཾ་ས~ཾ་བྷ་ར་སཾ་བྷ་ར་ཧཱུཾ། ཅེས་སོ་དེ་ལ་ཆོ་ག་ནི་འདི་ཡིན་ཏེ། གནས་ཡིད་དུ་འོང་བར་ཕྱག་དར་བྱས་ལ། ་དར་གྱི་བླ་རེ་དང་། འཕན་དང་ལྷབ་ལྷུབ་ལ་སོགས་པར་བརྒྱན་པར་བྱས་ལ། སྣོད་སྣ་ཚོགས་ཀྱིས་ཆུས་ས་ཕྱོགས་ཐམས་ཅད་ལེགས་པར་གཏོར་ལ་རྡུལ་མེད་པར ་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་བཞི་སྐུ་གཟུགས་རི་མོར་བྱས་པ་འམ། ཡང་ན་རིན་པོ་ཆེ་འམ། འཇིམ་པ་ལས་བྱས་པ་ཅིག་གཞུགས་སུ་གསོལ། ་གཞན་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྐུ་གཟུགས་དང་པེ་ཏི་ལ་སོགས་པ་མཆོད་པའི་གནས་སུ་དེ་བགྲམ་པར་བྱའོ།། དེ་ནས་པའི་ལྗི་བས་ལ་མ་ལྷུང ་བ་དང་། ཛ་ཏོ་དང་གུར་གུམ་ལ་སོགས་པས་མཎྜལ་ལེགས་པར་བྱུགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མནྟ་ལ་ན་མ་ན་ས་ཀཾ་ཞེས་བརྗོད་པས། དེས་ལག་པ་མ ་བསྲེགས་པ་འགོད་ཀྱིས་བུ་ག་བནག་པར་བྱག།། དེ་བཞིན་དུ། ཨོཾ་ས་རྦ་བ་དྷཱ་ས་ག། མནན་ན། མཎྜལ་ནས་གམས་བརྗོད་པས། གཡན་གྲགས་ནས ་བརྩམས་ཏེ་མེ་ཏོག་གི་ཆོམ་བུ་དྲུག་དགོད་པར་བྱའོ།། དེ་དག་ཀྱང་རིམ་པ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་དང་། ཕྱག་ན་རྡོ་རྗེ་དང་། སྤྱན་རས ་གཟིགས་ཀྱི་དབང་པོ་དང་། འཇམ་དཔལ་དང་། ན་མཁའི་སྙིང་པོ་དང་། སའི་སྙིང་པོ་དང་། སྒྲིབ་པ་རྣམ་པར་སེལ་བ་ཞེས་བྱ་བར་མོས་པར་བྱའོ།། ཨོཾ་སརྦ ་མ་ཧཱ་ཤྲ་བ་ཀ་མ་མནྟ་ལ་ན་མ་ཀཾ། ཞེས་བརྗོད་ནས་མེ་ཏོག་གི་ཚེམ་བུ་བརྒྱད་དགོད་པར་བྱའོ།། དེ་དག་ཀྱང་རིམ་པ་བཞིན་དུ། འཕགས་པ་རབ་འབྱོར་དང་། ཀུན་ཤེས ་ཀོའུ་དི་རྱ་དང་། འོད་སྲུངས་དང་། ཤ་ར་ད་ཏིའི་བུ་དང་། མེའུ་འགལ་གྱི་བུ་དང་། མ་འགགས་པ་དང་། ཀུན་དགའ་བོ་དང་། ཉེ་བ་འཁོར་རྣམས་སུ་མོས་པར ་བྱའོ།། འདི་དག་ཐམས་ཅད་ཀྱང་གུས་པའི་ཚུལ་གྱི་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་མངོན་པར་ཕྱོགས་པས་འདུག་པའོ།། དེའི་ཕྱི་རོལ་དུ་ཉན་ཐོས་ཆེན་པོ ་གཞན་དག་དང་། བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་ཞིང་མདུན་གྱིས་ལྟས་པས་ཀུན་ནས་བསྐོར་བར་དམིགས་པར་བྱའོ།། དེ་ནས་དེ་དག་ལ་མཆོད ་པའི་ཕྱིར། མེ་ཏོག་ཚེམ་བུ་གཞན་ཡང་ཚུལ་བཞིན་དུ་བཀོད་ལ། མཆོད་པའི་བྱེ་བྲག་ཐམས་ཅད་ཀྱིས་མཆོད་པར་བྱའོ།། དེ་ནས་བདེན་པའི་ཚིག་འདི་དག་བརྗོད ་པར་བྱའོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་རང་རྒྱལ་རྣམས། ་སེམས་ཅན་རྣམས་ནི་སྒྲུབ་པ་དང་། བདག་གི་བསམ་པ་རྫོགས་སླད་དུ། གནས་འདིར་མྱུར་དུ་གཤེགས་སུ་གསོལ། ཚངས་པ་དང་ནི་བརྒྱ་བྱིན་དང་། ་ཤར་ཕྱོགས་ནས་ནི་ཡུལ་འཁོར་བསྲུངས། ལྷོ་ཕྱོགས་ནས་ནི་འཕགས་སྐྱེས་པོ།། ནུབ་ཕྱོགས་ནས་ནི ་སྤྱད་མི་བཟང་། བྱང་ཕྱོགས་ནས་ནི་རྣམ་ཐོས་བུ། དེ་བཞིན་འཇིག་རྟེན་སྐྱོང་བ་བཅུ། མཐུ་ཆེན་སྟོབས་དང་ལྡན་པ་པོ།། འཇིག་རྟེན་ཁམས་ལ་དབང་བྱེད་པ། ་མཆོད་སྦྱིན་གནས་འདིར་མྱུར་དུ་ཤོག། ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། ལྷ་མི་ན་མཁའ་ལྡིང་འདབས་བཟངས་དང་། རླུང་གི་ལྷ་དང་ལུས་བསྲུལ་པོ།། གཤིན ་རྗེ་དང་ནི་སྲུལ་པོ་དང་། མཁའ་གྲོ་དང་རོ་ལངས་ལྷོ་འཕྱེ་ཆེ་དང་གྲུལ་བུམ་དང་། གཟའ་དང་སྐར་མཁའ་རླུང་དང་། གདོན་རིགས་སྟོང་ཕྲག་བརྒྱ་བཅུ་རྣམས། ་བདེ་བར་གཤེགས་པའི་བཀའ་ཉོན་ལ། མཆོད་སྦྱིན་གནས་འདིར་མྱུར་དུ་ཤོག། བདག་གིས་དགའ་སྟོན་ཆེ་བགྱིད་ཀྱི། ཞི་བའི་ཡིད་ཀྱི་འཁོད་པར་བྱོས།། ་ཅེས་སོ།། དེ་ནས་སྤོས་སྣ་ཚོགས་བསྲེག། ན་ལང་ལ་སོགས་རོལ་མོའི་བྱེ་བྲག་ཐམས་ཅད་ཀྱི། བསྤུ་ལྡང་བ་འམ། མཆི་མ་འབྱུང་བ་ཙམ་དུ་སེམས་རབ་ཏུ ་དང་བ་བསྐྱེད་ནས། བདག་ཉིད་ཀྱི་ལུས་ཀྱང་རྡུལ་གཅིག་གིས་སྟེང་གི་རྡུལ་རྙེད་དུ་དམིགས་ལ། སང་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད ་ཀྱི་ཞབས་ལ་སྤྱི་བོས་བཏུགས་པ་ཕྱག་འཚལ་ཏེ། ཅི་འབྱོར་པའི་མཆོད་པས་ཡང་དག་པར་མཆོད་ལ། དེ་དག་མདུན་དུ་སྡིག་པ་བཤུགས་པ་དང་། ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། རྗེས་སུ་ཡིད་རང་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར ་གསོལ་བ་གདབ་པ་དང་། དེ་དག་གི་དགེ་བའི་རྩ་བ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ།། དེ་ནས ་གཏོར་པས་འཇུག་པར་བྱ་ཏེ། ཤ་ཆང་སྒོག་རྩོད་ལ་སོགས་པ་སྤངས་ལ། ཟས་དཀར་གསུམ་ཅུང་ཟད་བཟའ་ཞིང་གོས་གཙང་མ་བགོ་ལག་པ་སྤོས་ཀྱི ་བྱུགས་ལ། འབྲུ་སྣ་ཚོགས་དང་། སྨན་བཟང་པོ་ཐམས་ཅད་དང་། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་དང་། བུ་རམ་ལ་སོགས་པ་མངར་གསུམ་གཡས། ་ཀྱེ་ཆར་བཞག། ཞོ་དང་འོ་མ་དང་། སྲོགས་ཆགས་མེད་པའི་ཆུ་ལ་སོགས་པ་གཡོན་གྱི་ཆར་བཞག་གོ།། དེ་ནས་ཁ་ཤར་དུ་ཕྱོགས་པས་སྟན་བདེ ་བ་ལ་འདུག་ལ། མདུན་དུ་མཎྜ་ལ་ལེགས་པར་བྱི་དོར་བྱས་ལ། མེ་ཏོག་སྣ་ཚོགས་པ་བཀྲམ་པའི་སྟེང་དུ། རིན་པོ་ཆེའི་ཁྲིའུ་ཅིག་བཞུགས་སོ།། ་དེའི་སྟེང་དུ་གཏོར་མའི་སྡོད་ལེགས་པར་བཞག་སྟེ། ཡོ་བྱད་ཐམས་ཅད་ནས་ཅུང་ཟད་རེ་བླག་པར་བྱའོ།། དེ་ནས་བདག་ཉིད་ཀྱི་ལག་པ་གཡས་པས ་གཏོར་སྣོད་ལ་རག་པར་བྱ་སྟེ། སྔགས་འདི་ལན་ཉི་ཤུ་རྩ་གཅིག་བརྗོད་པར་བྱའོ།། ཨོཾ་ན་མཿས་ནམ་ཏ་བུད་དྷ་ནཾ། ན་མ་སརྦ་ཏ་ཐཱ་ག་ཏ། ཨ་ཝ ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་བརྗོད་ནས་སེ་གོལ་གྱི་སྒྲ་ལན་བདུན་བྱས་ན། དེ་བཞིན་གཤེག ་པ་བཞིའི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བའི་བྱིན་བརླབས་ཀྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ། མཆོད་པའི་སྤྲིན་ཆེན་པོ ་འབྱུང་བར་འགྱུར་རོ།། དེ་ལྟར་ལན་བདུན་ནམ་ཉི་ཤུ་རྩ་གཅིག་ལ་སོགས་པས་དེ་ཉིད་དུ་དབུལ་བར་བྱ་དེ་ནས་ཡི་དག་ལ་སོགས་པ་ལ་ནི་སྔགས་ལན་བདུན་སྦྱར་བར ་བྱའོ།། སྔགས་དང་དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་པ་དེ་ཉིད་ཀྱིས་སོ།། གཏོར་མ་ཡང་དག་པར་བྱིན་གྱིས་བརློབས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ། ་གཟུངས་སྔགས་འདི་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཡིན་པའི་ཕྱིར།། ལེགས་པའི་བློ་གྲོས་ཁྱོད་ཀྱིས། མུ ་སྟེགས་རྒྱལ་བྱེད་མ་རུངས་པ་དེའི་གནས་ཁང་དུ་གཏོར་མ་བསྐྱལ་བར་བྱའོ།། ཡང་ན་ལམ་གྱི་གཞི་མདོར་གཏོར་མ་དེའི་སྟེང་དུ་བླུག་པར་བྱའོ།། དེ་ལྟར་བྱས་ན ་གནོད་པའི་ནུས་པ་ཇི་ནད་པ་དེ་སྙེད་ཁོ་རང་ལ་ཡོངསུ་སྨིན་ཅིང་ལྡོག་པར་འགྱུར་རོ།། དེ་ནས་བདེན་པའི་རྟོགས་པ་བརྗོད་པར་བྱའོ།། འདི་ལྟར་སངས་རྒྱས་བཅོམ ་ལྡན་འདས་རྣམས་ནི་རང་བཞིན་གཉིས་སུ་མེད་ཅིང་ཐ་མི་དད་པ་དང་། རྣམ་པ་ཐམས་ཅད་མཁྱེན་ཅིང་གཟིགས་པ་དང་། ཉེས་པ་དང་། སྒྲིབ་པ་ཐམས་ཅད ་བྲལ་ཞིང་། བདུད་དང་། བས་ཀྱི་རྒོལ་བ་ཐམས་ཅད་རབ་ཏུ་ཕམ་པར་བྱས་ཏེ། སེམས་ཅན་འཁོར་བའི་གྲུ་གཟིངས་ལྟ་བུར་གྱུར་པའི་བདེན་པ་དང་། བཅོམ ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་གསུང་ཆོས་ནི། ཐོག་མ་དང་བར་དང་ཐ་མར་དགེ་ཞིང་ཉོན་མོངས་པ་ཐམས་ཅད་རབ་ཏུ་འཇོམས་པ་ལ་སོགས་པའི་བདེན ་པ་དང་། གཞན་ཡང་གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། ཕྱག་རྒྱ་དང་། སྙིང་པོ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། མཐུ ་སྟོབས་དང་། བྱིན་བརླབས་དང་། ཕ་རོལ་གྱི་དཔུང་རབ་ཏུ་འཇོམས་པ་ཕྱག་ན་རྡོ་རྗེ་དང་། སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་ལྡན་པ། སྤྱན་རས་གཟིགས ་ཀྱི་དབང་པོ་དང་། མ་རིག་པའི་ལིང་ཏོག་སེལ་བ་འཇམ་དཔལ་དང་། དངོས་པོར་འཛིན་པ་ཐམས་ཅད་གཅོད་པ་ན་མཁའི་སྙིང་པོ་དང་། འགྲོ་བ་ཐམས་ཅད་ཀྱི་རབ ་རིབ་སེལ་བར་བྱེད་པའི་བདེན་པ་དང་། དྲི་བ་དང་ལན་སྔོན་པའི་མཆོག་རབ་འབྱོར་དང་། ཚངས་པར་སྤོད་པ་ཤིན་ཏུ་རྣམ་པར་དག་པ་རྣམས་ཀྱི་མཆོག་ཀུན་ཤེས ་ཀོའུ་དིརྱ་དང་། སྦྱངས་པའི་ཡོན་ཏན་དང་མཆོག་ཤེས་པ་རྣམས་ཀྱི་མཆོག་འོད་སྲུང་ཆེན་པོ་དང་། ཤེས་རབ་ཆེ་བ་རྣམས་ཀྱི་མཆོག་ཤཱ་རིའི་བུ་དང་། མཐུ ་དང་རྫུ་འཕྲུལ་ཆེ་བ་རྣམས་ཀྱི་མཆོག་མེའུ་འགལ་གྱི་བུ་ཆེན་པོ་དང་། ལྷའི་མིག་དང་ལྡན་པ་རྣམས་ཀྱི་མཆོག་མ་འགགས་པ་དང་། མང་དུ་ཐོས་པ་རྣམས ་ཀྱི་མཆོག་ཀུན་དགའ་བོ་དང་། འདུལ་བ་འཛིན་པ་རྣམས་ཀྱིས་མཆོག་ཉེ་བ་འཁོར་གྱི་བདེན་པ་དང་། ་བདག་མིང་འདི་ཞེས་བྱ་བའི་ལྷག་པའི་བསམ་པ་རྣམ་པར་དག་པས། ཁྱེད་རྣམས་ཀྱི་གནོད་པ་ལ་སོགས་པ་ཅི་ཡང་མ་བྱེད་ཅིག། གལ་ཏེ་འདས་པར་གྱུར་ན་བདེ ་བར་གཤེགས་པའི་བཀའ་ལས་འདས་པས་ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ།། དེ་ནས་ཚིགས་སུ་བཅད་པས་བྱེད་དམ་ལ་སོགས་པ་ཐམས་ཅད་བསྐྲད་པར་བྱས ་སྟེ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས།། དེ་རིང་བདག་གིས་ཁྱེད་མཆོད་ཀྱི།། སོང་ཤིག་བགེག་ཆེན་འགྲོ་བར་གྱིས། ཕྱིན་ཆད་དེ་ལྟར་མ་བྱེད་ཅིག། ་ཁྱེད་ཀྱི་སྟོབས་དང་རྩལ་མཐོང་ན།། ཁྱོད་ནི་བགེགས་ཀྱང་བྱེད་པར་ནུས།། ཁྱོད་ནི་ལྷའི་སྤྲུལ་པ་སྟེ། ཁྱེད་ནི་བགེགས་བྱེད་མི་ནུས་མིན།། སྔོན་ཆད་མཆེད ་སྦྱིན་མ་ཐོབ་པས།། དེ་རིང་བདག་གིས་ཁྱོད་མཆོད་ཀྱི།། མེ་ཏོག་འཕྲེང་བ་སྤོས་དང་དྲི།། མར་མེ་ཞལ་ཟས་འདི་ཁྱེད་ལ།། བགེགས་ཀྱི་རྒྱལ་པོ་འགྲོ་བར ་གྱིས།། སྔོན་གྱི་ལན་ཆགས་ཡོད་ན་ཡང་།། མཆོད་སྦྱིན་འདི་ཡི་བྲལ་བར་གྱིས།། དཀོན་མཆོག་གསུམ་གྱི་བཀའ་དག་དང་།། དམ་ཚིག་ཉམས་པའི ་ཉེས་པ་ཡིས།། གནོད་པར་གྱུར་ན་མ་ལེགས་ཀྱི།། བགེགས་ཆེན་ཁྱེད་ནི་ད་སོང་ཅིག། ལེགས་པར་གསུངས་པ་འདི་ཐོས་ནས།། གལ་ཏེ་འགྲོ་བར་མི ་བྱེད་ན།། ཐམས་ཅད་འབར་བར་འགྱུར་བ་ནི།། མར་དང་ཉུངས་ཀར་མེར་བླུགས་བཞིན།། གནོད་སྦྱིན་ཆད་པས་བསྡིགས་ནས་སུ།། དེ་དག་བདེ་བ་མི་རྙེད་དོ།། ་དེའི་རྩིབས་ལོགས་གཡས་པར་ནི།། འབྲས་ཆེན་དག་ཀྱང་འབྱུང་བར་འགྱུར།། གནོད་སྦྱིན་ནད་ཀྱི་བཏབ་ནས་ཀྱང་།། ཤ་བཀྲའི་ནད་ཀྱི་བཏབ་པར་འགྱུར། ལྕང་ལོ ་ཅན་གྱི་ཕོ་བྲང་དུ།། གཞར་ཡང་འགྲོ་བར་མི་འགྱུར་རོ།། ལུས་ངན་དྲག་དང་ལྡན་པ་ཡི། ཁྱིམ་ཡང་མཐོང་བར་མི་འགྱུར་རོ།། འབྱུང་པོའི་མང་པོ་ཚོགས་ནཱ།། ་སྙན་པ་ཐོབ་མི་འགྱུར་རོ།། གནོད་སྦྱིན་དག་གི་དཀྱིལ་འཁོར་དུ།། ཟས་སྐོམ་དང་ཡང་བྲལ་བར་འགྱུར།། བདེན་པའི་སྟོབས་ནི་འདི་མཐོང་ནས།། འབྱུང་པོ་གང ་དག་མི་འགྲོ་ན།། དེ་རྡོ་རྗེ་འཆང་ཁྲོས་ནས།། སྤྱི་བོ་དག་ནི་འགེམས་པར་འགྱུར།། སྤུ་དྲིའི་སོ་ནི་རྩུབ་མོ་ཡིས།། དེའི་ལྕེ་ནི་གཅོད་པར་འགྱུར།། མཚོན་ཆ་ཤིན་ཏུ ་རྣོན་པོ་ཡིས།། དེ་ཡི་སྣ་དང་རྣ་བ་གཅོད།། འཁོར་ལོ་སྤུ་དྲིའི་སོ་འདྲ་བས།། ཀླད་པ་རབ་ཏུ་གཞོག་པར་བྱེད།། ཐོབ་ལྕགས་ཀྱི་བཀྲིས་པ་ཡི།། དེའི་སྙིང ་ལ་རབ་ཏུ་འཇོམས།། རྣག་དང་ཁྲག་ནི་དྲོན་མོ་དག། དེའི་ཁ་ནས་འབབ་པར་འགྱུར།། ཨོཾ་པདྨ་ཏ་ཏྲིད་ཧ་ཡང་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། བདག་ལ་སྡང་བ་ཐམས ་ཅད་ད་ཧ་ད་ཧ། པ་ཙ་པ་ཙ་ཀུ་རུ་སྭཱ་ཧཱ།། ཞེས་བྱ་བའི་སྔགས་ཀྱི་བགེགས་བསྐྲད་པར་བྱའོ།། ལེགས་པའི་བློ་གྲོས་ཆུ་བོ་ནི་གྱེན་ལ་ལྡོག་ཀྱང་སྲིད། ་ཉི་ཟླ་ནི་ས་ལ་ལྷུང་ཡང་སྲེད། བདེ་བར་གཤེགས་པའི་བཀའ་ནི་ནམ་ཡང་ཆུས་ཟ་བར་མི་འགྱུར་རོ།། ལེགས་པ ་བློ་གྲོས་ཁྱོད་ཀྱིས་གཟི་བརྗིད་ཚད་མེད་པའི་ཤུགས་དང་ལྡན་པ་ཞེས་བྱ་བའི་གཟུངས་འདི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཟུངས་ཤིག། ཅེསོ།། ་དེ་ནས་དགེ་སློང་ལེགས་པའི་བློ་གྲོས་ཀྱིས། དུས་དེ་ཉིད་ཡངས་པ་ཅན་དུ་ཞུགས་ནས། ཁྱིམ་བདག་དང་བྲམ་ཟེ་དེ་དག་ལས་མཆོད་པའི་ཡོ་བྱད་བླངས་ནས། ་མཆོད་སྦྱིན་གྱི་བྱ་བ་ཚུལ་བཞིན་དུ་བྱས་ཏེ། མཆོད་སྦྱིན་ཐམས་ཅད་མུ་སྟེག་རྒྱལ་བྱེད་ཀྱི་ཚལ་དུ་བསྐྱལ་ལོ།། དེ་ནས་རིང་པོ་མ་ལོན་པར་མུ་སྟེགས་རྒྱལ་བྱེད ་ཀྱི་ཚལ་རྩི་བས་ལོགས་གཡས་པར་འབྲས་ཕོལ་མོག་དུ་བྱུང་ནས། ཆེའི་དུས་བྱེད་དུ་ཉེ་བ་དང་། བཅོམ་ལྡན་འདས་ཀྱིས་ཐུགས་ཁ་ནས་འོད་ཟེར་རབ་ཏུ་བཀྱེ ་བར་མཛད་ནས། མུ་སྟེགས་དེའི་ལུས་ལ་རེག་པ་ཙམ་གྱིས་ནད་མེད་པར་གྱུར་ཏོ།། དེ་ནས་མུ་སྟེགས་རྒྱལ་བྱེད་བཅོམ་ལྡན་འདས་ལ་རབ་ཏུ་དང་པར་གྱུར་ནས། ་དེ་ཉིད་དུ་རབ་ཏུ་བྱུང་སྟེ་མང་ཡང་དགེ་སློང་གཙུག་གི་རྒྱལ་མཚན་ཞེས་བྱ་བར་བཏགས་སོ།། དེ་ནས་ལེགས་པའི་བློ་གྲོས་ལ་སོགས་པའི་འཁོར་རྣམས་ཡོད ་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཕྱིར་ལྡོག་པའི་གཟུངས། གཟི་བརྗོད་ཚད་མེད་པའི་ཤུགས་ཞེས་བྱ་བ ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་དོན་ཡོད་རྡོ་རྗེ་དང་། བོད་ཀྱི་ལོཙཱ་བ་བ་རི་བས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ་