| Wylie | e-texts produced with BDRC’s OCR application |
། རྒྱ་གར་སྐད་དུ། དྷུ་ནོད་ཏ་ར་པ་ཏ་ལ། བོད་སྐད་དུ།། བསམ་གཏན་ཕྱི་མ་རིམ་པར་ཕྱེ་བ། དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ།། གསང་སྔགས་རྒྱུད་ཀྱི ་ཕྱོགས་དག་ལ།། གང་གི་བློ་ནི་མ་ཞེན་པ། དེ་དེ་ཡང་ཡང་སྤྲོ་བ་ནི། མ་སྨྲས་ན་ནི་མི་མཚོ་འམ་ཅི། གསང་སྔགས་རྒྱ་མཚོ་ཆེན་པོ་འདི།། དཔེ་དང་ཚད་མ་གཏན་ཚིགས་སམ།། རྗེས ་ལུང་དཔག་བ་ཤེས་རབ་ཀྱིས།། རྟོག་གེ་འདུས་པ་མ་ཡིན་པའི།། ལུང་དང་མན་ངག་ཡང་མེད་པར།། གང་ཞིག་གཞག་ན་འཇུག་པ་དེ། བསྐལ་བ་དག་ནི་རྒྱ་རུ་ཡང་།། སྔགས ་ལས་དངོས་གྲུབ་མི་ཐོབ་པོ།། ལུང་དང་མན་ངག་མ་ལུས་པ། གང་གིས་ཡོངས་སུ་སྤངས་པ་དག། གྲུབ་པ་མེད་པ་ལ་ལ་ཞིག། ཡོད་དམ་དེ་ནི་མེད་པ་མོས།། དེ་བས་བསང ་སྔགས་བདག་ཉིད་ཆེ། དངོས་གྲུབ་བརླབས་ནི་མཁྲིག་པ་ཅན།། བསམ་ཡས་གཏིང་ནི་དཔག་དཀའ་བ།། རྟོགས་པར་ནུས་པ་སྨྲ་བའི་མཆོག། གལ་ཏེ་དེ་ལྟར་མི་ཤེས་ན།། ཚངས ་པ་ཇི་ལྟར་ཤེས་པ་སྤྲོས།། ང་ཡིས་བཤད་པ་ཀྱིས་ང་ལ་ཉོན།། བྱང་ཆུབ་སེམས་དང་དེ་ཉིད་གསུམ།། གལ་ཏེ་ཤེས་ན་དངོས་གྲུབ་སྣོད།། དེ་དག་ལེགས་པར་མི་ཤེས་ན། ཁྱོད་ཀྱི ་བསཾ་གཏན#དངོས་གྲུབ་ཅི་ཡིས་ཐོབ།། རིག་སྔགས་དང་ནི་བསྒྲུབ་པའོ།། གཞན་ནམ་གཞན་མིན་ཅི་ཞིག་ཉེས།། གལ་ཏེ་གཞན་ན་འགྲུབ་མི་འགྱུར།། འོན་ཏེ་གཞན་མི ་འགྲུབ་པ་ཉིད།། གལ་ཏེ་གཞན་མེད་ཁྱོད་གྲུབ་པས།། མཁའ་ལ་སོགས་པ་ལ་སོང་ཤིང་།། དེ་སྟེ་མྱ་ངན་བརྫུན་ཚིག་པས།། བ་གླང་རྫི་བ་ལྡན་ཅིང་སྨྲོས།། མི་འཆིང་ཚོང་ཆེན་ཕ ་མཆོད་ཀྱིས།། ཡོངས་སུ་བསམས་ནས་ཚིག་སྨྲས་པ། མི་བརྗོད་བདག་སྤྲོས་གང་སྨྲས་པ། གཞན་ཡང་བདག་ལ་དངོས་གྲུབ་མེད་རིག་བསྒྲུབ་པ་གཞན་མ་ཡིན་ན། དངོས་གྲུབ ་བདོག་པ་ཡོད་དམ་ཅི།། དེ་ལྟར་གྱུར་ན་ཅི་ཞིག་ངེས།། འོན་ཀྱང་འགལ་བ་ཅི་ཞིག་ཡོད།། ཨེ་མའོ་ཚངས་པ་ཆེན་པོ་ཁྱོད།། ཤིན་ཏུ་དྲི་མ་མེད་པ་དང་། ཤེས་རབ་གང་ལ་ངེས ་བསམས་ན།། ཚིག་ནེ་ལ་ནི་རྙོག་པ་བཞིན།། གཞན་པས་ཁྱོད་ལ་དངོས་གྲུབ་མེད། གཞན་མིན་པ་ཡི་དངོས་གྲུབ་རྒྱུ། གཞན་ཡིན་པ་ལས་དངོས་གྲུབ་འགྱུར། འགྲོ་བའི་བདག་པོ་ཅི ་ལྟར་བསྟན། དངོས་གྲུབ་ཐོབ་པར་ཁས་ཆེ་བ། ཡེ་ཤེས་སྒྲོན་མར་གྱུར་པ་ཁྱོད།། ཅི་ལྟར་ཕན་པར་བཤད་དུ་གསོལ།། བདག་གིས་རྣམ་པར་འབད་ན་ནི།། རིག་ལས་གཞན་པ་འམ་མི ་གཞན་མིནི། གཞན་མིན་མི་གཞན་མ་ཡིན་པས། བདག་ནི་གོམས་ལས་དངོས་གྲུབ་ཐོབ། ཤེས་བྱ་བླ་མེད་གང་ཡིན་པའི། ཡེ་ཤེས་དེ་ལ་གོམས་ཐོབས་ན། ལས་ཀྱི་ཆོ་ག་འདི ་དག་གིས།། དངོས་གྲུབ་ཡོད་པ་ཅི་ཞིག་སྨོས།། བཟླས་བརྗོད་ལྷ་ཡི་དེ་ཉིད་དང་།། བད་གི་དེ་ཉིད་ཅི་ལྟ་བ། གནས་རྡེག་གཞན་ལ་མེད་པ་ནི། མཚུངས་པ་མེད་པར་བདག་གིས་རྟོགས།། ་ཚིག་ལས་ཚིག་ཏུ་འཕྲོགས་པ་ལས།། ཚངས་ཆེན་མི་འཆི་ཞེས་བྱ་བ།། དངོས་གྲུབ་འདོད་པ་སྐལ་ཆེན་པོ།། གཙུག་ཏོར་རྒྱུད་ནི་མཉམ་པར་བྱེད། དེ་ནས་ཚངས་པ་ཆེན་པོ་སྟེ།། ་རྡོ་རྗེ་གཙུག་གཏོར་ཉན་པ་ལ།། ས་ཡི་མེ་དག་འཆབ་མེད་པས། བསམ་གཏན་གྱི་ནི་བརྒྱན་པར་བཤད། དེ་ནས་ཡེ་ཤེས་ཀུན་རྫོགས་པ།། རིག་སྔགས་གསང་སྔགས་ཐམས་ཅད ་དེ།། ཕྲ་བ་དེ་བཞིན་གཤེགས་བསུངས།། བསམ་གྷཏན་གྱིས་ཀྱང་ཤིན་དུ་བརྒྱན།། རྣལ་འབྱོར་ཐ་མ་ཀུན་བསྟན་པ།། སྡུག་བསྔལ་སྡིག་པ་སེལ་བ་སྟེ། ཕྱག་ན་རྡོ་རྗེ་ཞལ་ནས ་གསུངས།། སྐྱེ་དང་འཆི་བ་འཇིག་བྱེད་ལ། ཀུན་ཏུ་ཚུག་བསྟན་པའི་ཚེ། འདི་དང་ཕ་རོལ་བྱེད་པར་གནས། དཀྱིལ་འཁོར་ཆེན་པོ་ལ་སོགས་འབྱུང་།། འདོད་པའི་དོན་ནི་རྗེས ་སུ་བསྒྲུབ།། ཚེ་གང་དང་གང་དག་གིས།། བསམ་གཏན་ལྔ་གནས་པ་ཡི།། དེ་བཞིན་གཤེགས་ལ་ཕྱག་འཚལ་ནས།། དེ་དག་མ་ལུས་བཤད་པར་བྱ།། གསང་སྔགས་བསམ་གཏན ་ཞེས་བྱ་བ། མཆོག་ཏུ་བསང་བ་ཡང་དག་གསུང།། དྲང་སྲོང་དཀའ་འཐུབ་ཆེན་པོ་ཡང་།། དེ་དག་མེད་ན་མི་འགྲུབ་བོ།། གསང་སྔགས་རྣལ་འབྱོར་ཅན་རྣམས་ཀྱིས། གསང ་མསྔགས་བཟླས་བརྗོད་མེ་འབར་བ།། སྐྱེ་དང་འཆི་བ་འཇིག་བྱེད་པ།། རྡོ་རྗེ་ཅན་གྱིས་སྔོན་གསུངས་སོ།། དེ་བས་དེ་འདི་གསང་སྔགས་ཀྱི།། བསམ ་གཏན་ཚིམ་བྱ་མེད་དག་ལ།། དངོས་གྲུབ་འདོད་པ་དག་གིས་ནི།། རྟག་ཏུ་རྒྱུན་དུ་སྦྱར་བར་བྱ།། ལྷ་ཡི་སྐུ་ཡི་གནས་དེ་ལ།། དང་པོ་ཁོ་ནར་མཚེ་ནས་ནི།། རྣལ་འབྱོར་གནས ་བཅས་ཤེས་རབ་ཅན།། བདེ་བཤེགས་མདུན་དུ་བསམས་ནས་ནི། ཕྱི་ནས་ཡན་ལག་རྣམས་གྲོལ་བ།། མི་འཇེད་འབྱེད་པར་རྣམ་པར་སྤང་།། ཕྲ་བ་མི་གཡོ་གསལ་བ་སྟེ།། བློ ་ཡི་སྤྱོད་པ་མདུན་ན་གནས། བདག་ཉིད་འདྲར་བཞག་ནས་ནི།། སྔགས་ཀྱི་རྣམ་པར་ཤེས་པས་བསྒོམ།། རྔམས་ནས་ཏིང་ངེ་འཛིན་ལ་གནས། སྲོག་དང་རྩོལ་བ་རབ་ཏུ་སྔགས།། ་བསྐྲད་དང་སེམས་གླ་ཞི་ལ་གཞོལ།། གསང་སྔགས་མི་འགྱུར་གཞི་ལ་གནས།། ཡན་ལག་མ་ཉམས་གསང་སྔགས་བཟླས། ངལ་ན་བདག་ལ་ངལ་སོས་ཤིག། མི་འགྱུར་བ་དང ་ཡི་གེར་ལྡན།། གཞི་ལས་གཞིར་འགྱུར་དེ་བཞིན་ཏེ།། རང་སྔགས་ཕྱིར་ནི་གང་བརྟགས་པ། ཡིད་ཀྱི་དག་པ་བསམ་པར་བྱ།། སྤྱད་བསྡད་པ་ཡིས་བཀུག་ནས་ནི།། སྲོག་དང་བརྩོལ། ་བ་བསྡམས་པ་ཡི།། གསང་སྔགས་རིག་སྔགས་སྤང་ལ་སྦྱོར། ཡིད་ཀྱི་བཟླས་བརྗོད་བརྩམ་པར་བྱ། འདི་ཉིད་ཀྱི་ནི་ཆོ་ག་ཡིས། ཡང་ན་ཤུ་བུར་བྱ་ཡང་རུང་།། སྔགས་རིགས ་དངོས་གྲུབ་འདོད་པ་ཡིས།། བཟླས་བརྗོད་གཞན་དུ་མི་བྱའོ།། རིགས་སྔགས་དེ་ཉིད་མ་ལུས་དང་།། བདག་གི་དེ་ཉིད་ཆོ་ག་དང་།། བཟླས་བརྗོད་དེ་ཉིད་མཆོག་ཤེས་ན།། མིའི་ནི་དངོས ་གྲུབ་ཐོབ་པར་འགྱུར། དབེན་པའི་སྐྱེད་མོད་ཚལ་དང་དོགས།། ཕུགས་དང་རི་བོ་ནགས་ཚལ་དུ།། བརྟུལ་ཤུགས་གནས་སམ་སྡོམས་པ་ཡིས།། སྔགས་པ་བསམ་གཏན་བྱེད་ཅིང་གནས།། ་གསང་སྔགས་མེ་གནས་དསོས་གྲུབ་སྟེར།། སྒྲ་ནས་རྣལ་འབྱོར་ཤར་བར་དྲན།། སྒྲ་མཐར་ཐར་པ་སྟེར་བ་ཉིད། འདི་དག་དེ་ཉིད་གསུམ་པ་ཡིན།། མ་བྱེད་ལས་བྱུང་དངོས་པོ་རྣམས།། ་བློ་ཅན་གྱིས་ནི་བདག་ལ་བསྔགས། སྔགས་པ་ཡན་ལག་འདས་པ་གནས། ཞེན་པ་མེད་པར་བསམ་གཏན་བྱ།། སྒྲ་ཞེས་བྱ་བ་ཕྲེང་བར་སྦྱོར། ཡི་གེ་བརྐུས་པ་མི་འགྱུར་རྣམས།། ་དྲིལ་བུའི་སྒྲ་བཞིན་མ་ཆད་པར། ཡིད་ལ་ཞེན་པར་སེམས་པ་ནི།། མེའི་གང་གནས་ཞི་བ་སྟེ།། ཚིགས་རྣམས་དག་ཡང་དག་ལྡན།། སྲོག་དང་རྩོལ་བ་བཀག་པའི་བདག། གཉིད་སྤངས ་ནས་ནི་རྣམ་པར་བསམ།། སྙིང་ཁར་གནས་པ་ཕྲ་བ་ནི།། དྲི་མེད་ཟླ་བའི་དཀྱིལ་འཁོར་དེ།། དེ་ནང་རབ་ཏུ་ཞི་བ་ཡི།། མེ་ལྕེ་རབ་ཏུ་འོད་བཟའ་བ།། མི་འགྱུར་བཞི་ནི་དེར་བཞག་ནས།། ། ་བདེ་བར་འདུག་ནས་སྒྲ་བས་མ་འམ། མི་འགྱུར་བ་ལ་ཡི་གེ་བཞག། སྒྲ་ཉིད་འབའ་ཞིག་བསམ་པར་བྱ། སྒྲ་ལ་དམིགས་པའི་བསམ་བཏན་ནི། འབར་ཞིག་བྱས་པ་ཉིད་ཀྱིས ་ཀྱང་།། དངོས་པོ་ཀུན་ཏུ་གནས་པའི་དཔལ། བསྒྲུབ་པའི་སྐྱེས་བུས་འཐོབ་པར་འགྱུར། ལྷར་བཅས་ཡན་ལག་གྱུར་པར་སྣང་།། སྒྲ་ཞེས་བྱ་དང་ཡིད་ཀྱི་དང་།། ཚིག་རྣམས་དག་པ ་རིག་སྔགས་དབང་། ཡན་ལག་སྤངས་བརྒྱལ་བས་མཁྱེན། སྡེར་བསྡུས་དཀའ་ཐུབ་བསམ་གཏན་དང་། བློ་རྩོ་ལ་ཆོ་གའི་བྱ་བ་དང་། རྣམ་པར་ཤེས་པ་སྣ་ཚོགས་པའི། སྔགས ་བསམ@#པ་རེ་ཤིག་ལྷོས་བྱས་པ། དཀའ་ཐུབ་བློ་དང་ལྡན་པར།། ཆོས་སྤྱོད་བརྟུལ་ཤུགས་མཆོག་ལྡན་པ། ལྟོས་བྱས་པ་ནི་ཡུལ་ལས་གྲོལ། ཡན་ལག ་སྣང་བ་ནན་ཏན་བྱ།། དེར་ཡང་བརྟུལ་ཞུག་བྱས་ནས་ནི། དགོས་པ་འཇིག་རྟེན་སྨད་པ་ཡི།། བསམ་གཅིག་པུ་རབ་པད་མ་གནས། བློ་གྲོས་ཞིང་བསྟན་པས་མི་སྤྱད།། ཁུ ་བི་བཤད་ཅིག་དག་དང་ནི། འབགས་དང་ནི་རྒྱུ་བའང་།། དགོས་པ་ཡི་ནི་གཟུགས་ཀྱིས་ཀྱང་།། བདེན་དྲགས་ཅོད་སྤུང་བརྩམ་པར་བྱ། སྲང་དང་ཁྲོན་པ་ལུ་མ་དང་། གྲོང་དང ་གནས་ལྷས་ཐང་ལ་ཡང་།། ལུས་ངག་ཡིད་ཀྱི་ས་སྤངས་པ་ནི།། སེམས་ཅན་གནོད་པ་ཀུན་མི་སྤྱད། བསམ་གཏན་དང་ནི་བཟླས་བརྗོད་དང་།། གསང་སྔགས་བསྒྲུབ་པར་བྱ། ་བ་དང་།། སྦྱིན་བསྲེག་དབང་བསྐུར་ཐམས་ཅད་དང་།། ལུས་ཀྱི་བྱ་བ་རྣམས་ལ་ཡང་།། བརྟུལ་ཤུགས་གསུངས། གང་ཡིན་པ།། དེ་ཡི་གནས་དང་མིག་རྣམས་ཀྱང་།། སྔོན། ་གྱི་བདག་ཉིད་འབའ་ཞིག་ལ། མཐུ་ཆེན་རྡོ་རྗེ་འཛིན་གྱི་ལྷས།། རབ་ཏུ་གསང་བ་སྔགས་པ་ཡིན། ཉིད་འགྱུར་མངོན་དུ་ཕྱོགས་པ་དང་།། གསང་སྔགས་སྟེར་བར་འགྱུར ་བ་དང་།། གཞན་དུ་ཕྱོགས་པ་གང་ཡིན་པ། དེ་ཀུན་ཚངས་པ་ཁྱོད་ལ་བཤད། གསང་སྔགས་ལ་སོགས་དང་ལྡན་པའི། རིག་སུ། ། ཁྲོ་བོ་མང་པོ་ཀུན། རྒྱལ་བའི་སྐུ་ལ་མངོན ་ཕྱོགས་པར། བསམ་གཏན་དོན་ཕྱིར་རྟག་ཏུ་གནས།། དུས་གསུམ་དུ་ནི་ཕྲ་མོ་འདི། གསང་སྔགས་བསྒྲུབ་ལ་བརྟུན་པ་ཡིན། ཚལ་བ་རྟག་ཏུ་རིག་བྱ་བ། ཡན་ལག་བཅུའི། ་ཆོ་གའི་ལས།། མ་དད་པ་དང་སྙོམ་པ་དང་། བཀྲེས་སྐོམ་ཟིལ་ནོན་དེ་བཞིན་ཏེ། སྐོམ་དང་ཡིད་ཀྱི་གདུང་བ་དང་། ལས་ལ་ཐེ་ཚོམ་བྱ་བ་དང་།། བཟླས་བརྗོད་བསམ་གཏན་མི ་ཞེན་དང་།། བསྡམས་པ་དང་ནི་གཤིག་པ་དང་།། ཅལ་ཅོལ་གཏམ་ལ་རབ་ཏུ་དད། མི་བྱ་བ་ལས་འཇུག་པ་དང་།། ལོག་འདྲེན་གྱིས་ནི་རླབས་པ་དང་།། རྨི་ལམ་ངན་པ་རྣམས་ཀྱང ་མཐོང་།། སེམས་ཅན་དག་ལ་གནོད་བྱེད་དང་།། ལྷ་རྣམས་ལ་ནི་སྨོད་བྱེད་དང་།། བསྒྲུབ་པ་པོ་ཡི་ཆོ་ག་ལ།། གང་ཚེ་འདི་དག་བྱེད་པ་ན། རྟག་ཏུ་འཆེ་བ་འབྱུང་བར་འགྱུར།། ་གསང་སྔགས་དེ་ལ་གཞན་དུ་ཕྱོགས།། གང་ཞིག་ཞི་བར་འདུག་པ་དང་།། སྒྲ་ཡི་དོ་བར་བསྒྲུབ་པར་དང་།། དེ་ཚེ་སྔགས་པ་གསང་སྔགས་ལ། ཉེ་བར་གྱུར་ཅིང་མངོན་དུ་ཕྱོགས།། ་ལྷ་དང་ལྷ་མིན་སེམས་ཅན་ནི། དབང་ཕྱུག་ཤེས་པ་འཇུག་པ་རྣམས། མཐོང་ན་ཞི་བ་སྐྱེད་འགྱུར་བ།། དེ་ནི་མངོན་འགྱུར་བ་སྟེ། རྒྱལ་པོ་དང་ནི་ཕྱུག་པོ་དང་།། སྐྱེས་པ་བུད ་མེད་དགེ་བ་རྣམས།། དབང་དུ་འགྱུར་ཞིང་མངོན་དུ་ཕྱོགས།། བུས་མོ་བཙུགས་ཤིང་སྤྱི་བོས་འདུད།། དེ་ལ་ཤེས་པའང་སྐྱེ་བར་འགྱུར། མ་ཐོས་པའང་ཤེས་པའང་ཤེས་པར་འགྱུར།། ་སྐཅིག་དག་ལ་ལུས་ལ་ནི། བར་བར་མེ་བཞིན་འབར་བར་འགྱུར།། གླུ་དང་སིལ་སྙན་སྒྲ་རྣམས་དང་། ལྷ་རྣམས་ཀྱིས་ནི་བསྒྲགས་པ་དང་།། ལྷ་མངོན་ཕྱོགས་པའི་སྔགས་པ་ཡིས།། ་དེ་དག་རྟག་ཏུ་ཐོས་པར་འགྱུར། བསང་སྔགས་ལྷ་རྣམས་མངོན་མཆོགས་པའི།། བསྒྲུབ་པ་ལ་ནི་མཐུན་ཆེན་གྱི།། བློ་ཅན་བཀའ་ཐུབ་འགྲུབ་པ་ཡིས།། ་ཀུན་ཏུ་ཞེན་པར་རྟག་ཏུ་བྱ། མངོན་དུ་ཕྱོགས་པའི་གནས་ཐོབ་ན། ན་མཁར་རྒྱུ་བའི་འགྲོ་བར་གནས།། དབང་ཕྱུག་མང་པོ་རྟག་འགྱུར་ཡང་།། གང་ཞིག་མ་མྱོས་དེས་སྔགས ་རིགས།། གསང་སྔགས་འབྲས་བུ་མ་ལུས་པ། ཡེ་ཤེག་དབང་ཕྱུག་རྒྱན་པ་ཡང་།། དེས་མྱོས་གནས་ནི་ཆོག་ཏུ་འགྲོ།། རང་གི་མཐུ་ཡེ་ཤེས་ལས་གསལ།། རྡོ་རྗེ་ཅན ་གྱི་གསང་བའི་མཆོག། ཚངས་པ་སྐྱོན་མེད་གང་ཡིན་ཏེ། གང་ཞིག་ཐོས་ནས་དཔེར་འགྱུར་བ། ཡོངསུ་རྫོགས་པའི་སངས་རྒྱས་བཞིན། སྤྲོ་ཞིང་སྟོབས་དང་ལྡན་པ་ན།། ་བཟླས་བརྗོད་བཀའ་ཐུབ་གསམ་གཏན་མེད།། གསང་སྔགས་རང་བཞིན་མེ་ཡིས་ནི།། སྡིག་པ་ཐམས་ཅད་བསྲེག་པར་བྱ། གནས་དང་ཟས་དང་གྲངས་པ་དང་། ཆར ་ཆར་དང་རླུང་དང་ཚ་བ་ལ།། ཅི་མི་སྙན་པར་ནམ་གྱུར་ན། དེ་ཚེ་ལས་དང་འབྲས་བུ་དེས།། སྒྲ་འམ་ཡང་ན་གཟུགས་ལ་ཡང་།། གང་བརྩོན་པ་ནི་མི་རྨོངས་པ།། ཉེ་བར་གྱུར ་པར་དེ་ཤེས་བྱ།། བཀའ་ཐུབ་ཅན་གྱི་གནོད་པ་སྤངས།། གང་ཞིག་མཐོང་བ་ཙམ་གྱིས་ནི།། སེམས་ཅན་ཐམས་ཅད་བྱམས་གྱུར་པ།། དེ་ནི་དངོས་གྲུབ་ཉེ་བར་འགྱུར།། བགེགས ་རྣམས་ཐམས་ཅད་རྣམ་པར་སྤངས།། བདེ་བ་དང་ནི་སྡུག་བསྔལ་མཐའ། འདོད་དང་ཁྲོ་དང་འཇིགས་པ་དང་།། ནད་དང་འཆི་དང་གནོད་དག་གི། རྒྱུ་ནི་སྔགས་པ་རྣམས་ལ་ཡོད།། ་ནམ་ཞིག་ཉེ་བར་གྱུར་པ་ན། དུས་དང་ལུས་དང་བྱ་དང་ལས།། ཆོས་དང་ཆོས་མིན་འབྲས་བུ་ལ།། དེ་ཚེ་སྔགས་ལ་མི་ལྟོས་སོ།། རིག་སྔགས་ཉེ་འགྱུར་འདོད་པ་དང་།། གྲུབ་པ། ་དང་ནི་དེ་བཞིན་མཆོག། ཉེས་པ་སྟོང་དག་བྱས་པ་ཡང་།། བཟོད་པར་འགྱུར་བ་དོག་བསལ་མེད།། རིགས་བྱུང་རྫས་བྱུང་དངོས་གྲུབ་དང་།། སྨན་གྱི་ཡང་ནི་ལུས་ཅན་ལ།། ཉེ་བར ་གྱུར་དང་སྔག་གྲུབ་པ།། དབང་དུ་གྱུར་པར་རྟག་པར་རོ།། བསམ་གཏན་ཕྱི་མོའི་རིམ་པ་ཕྱེ་བ་རྫོགས་སྷོ།། ། དགེའོ།། བསམ་གཏན་ཕྱི་མ་འདི་ནི་དེ་ལྟ་བུའི་བསྒྲུབ་པ་བྱེད་པ་ལ་བཟླས ་བརྗོད་དང་བསམ་གཏན་གྱི་རྣལ་འབྱོར་དགོས་པས་བཟླས་བརྗོད་དང་བསམ་གཏན་སྤྱིར་བསྟན་པ་ཡིན།། འདི་བྱ་བའི་རྒྱུད་རྡོ་རྗེ་གཙུག་ཏོར་གྱི་ཕྱོགྲོ་གཅིག་མ་རྒྱུད་ཕྱི་མ་ལྟ་བུར་མངོན།། ཁ་ཅིག་བས ་གཏན་ཕྱི་མ་དང་།། གསང་བ་སྤྱི་རྒྱུད་གཉིས་རྣམ་འབྱོར་རྒྱུད་དུ་འཆད་དོ།། པོ་ཏི་འདི་ལ་གཤིན་རྗེ་བཤེད་ཕྲ་ཁོག་སླང་དང་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་དང་། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་དེའི་སྟོབས་དཔག་ཏུ་མེད་པ་བརྟུལ་ཕོད་པར་འདུལ་བ་ཞེས་བྱ་བའི་རྟོག་པ་དང་། གོས་སྔོན་ཅན་གྱི་རྒྱུད་རྡོ་རྗེ་ས་འོག་དང་།། དཔུང་བཟང ་དང་།། གསང་བ་སྤྱི་རྒྱུད་དང་། ལེགས་པར་གྲུབ་པའི་རྒྱུད་དང་། བསམ་གཏན་ཕྱི་མའི་རྒྱུད་རྣམས་བཞུགས་པ་ཡིན་ནོ།། ལེག་གྲུབ་ཀྱིས་དབང་གིས་རྒྱུད་སྨིན་ནས་བསྒྲུབ་ཐབས། ་འཇུག་པར་བྱེད་པ་བསྒྲུབ་ཐབས་སྤྲིའི་ཆོ་ག་བསྟན། གསང་བ་སྤྲི་རྒྱུད་ཀྱིས་ཁྱད་པར་སྤྱོད་པ་དང་། ་བྱ་རྒྱུད་ཀྱི་དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱའི་སྤྱིའི་དབང་ཆོག་བསྟནོ།། དཔུང་བཟང་གིས་བྱ་རྒྱུད་སྤྱིའི་སྤྱོད་པ ་ཚང་ཞིང་གསལ་ལ་མ་ནོར་བར་བསྟེན་ནོ།། འདིར་བྲིས་པའི་རྡོ་རྗེ་ས་འོག་གི་རྒྱུད་ལ་སྔགས་བཏུ་ལ་སོགས ་པའི་ཐད་ནས་ཐེ་ཚོམ་གྱི་གཞི་བག་རེ་སྣང་བས་དཔྱད་དགོས་པ་ཡོད་དོ།། ཁ་ཅིག་འདིར་བྲིས་པའི་མི་གཡོ་བའི་རྒྱུད་དང་། ་དམ་ཚིག་གསུམ་བཀོད་དང་།། ཕྲ་ཁོག་སླང་རྣམས་བྱ་རྒྱུད་ཡིན་གྱི། སྤྱོད་རྒྱུད་མ་ཡིན་པར་འདོད་པ་ནི་རིག་པ ་མ་ཡིན་ཏེ། དེ་ལྟ་ན་སྤྱོད་པའི་རྒྱུད་མི་སྐྱེད་པར་འགྱུར་བའི་ཕྱིར་དང་།། རྒྱུད་རྣམས་ལས་ཀྱང་སྤྱོད་རྒྱུད་དུ་འཆད ་བའི་རྒྱུ་མཚན་གསལ་བར་མཐོང་བའི་ཕྱིར་རོ།། མཾ་བྷ་ལ་བྷ་ཝནྟ་བྷཱི་དྷོ། ཞུས་དག་གོ།།་