| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ།། ཤེ་ཀོད་དེ་ཤ། བོད་སྐད་དུ།། ་དབང་མདོར་བསྟན་པ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། ཟླ་བ་བཟང་པོས་ཡང ་གསོལ་པ། སྟོན་པ་དབང་ནི་རྣམ་བདུན་དང་།། རྣམ་གསུམ་དེ་བཞིན་བླ་ན་མེད།། འཇིག ་རྟེན་འཇིག་རྟེན་འདས་བསྒྲུབ་ཕྱིར།། མདོར་བསྡུས་པར་ནི་བདག་ལ་གསུངས།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ།། ཉོན་ཅིག་ཟླ་བཟང་དབང་གི་དོན།། རྣམ་བདུན་རྣམ་གསུམ་མཆོག་དང་ནི།། ་རྩ་བའི་ཀུན་སྤྱོད་བརྩོལ་བ་ནི།། མདོར་བསྡུས་ང་ཡིས་ཁྱོད་ལ་བཤད།། ་རྒྱུད་ལ་མདོར་བསྡུས་རྣམ་གསུམ་དང་།། རྒྱས་པར་བཤད་པའང་གསུམ་དུ་འགྱུར།། རབ་དུ་མདོར་བསྟན་མདོར ་སྟན་ཆེ།། རབ་ཏུ་རྒྱས་པར་བཤད་པ་གཞན།། མདོར་བསྟན་འདི་ཉིད་རྒྱས་བཤད་ཏེ།། རྒྱུད་ཀྱི་བསྡུས་པ་བརྗོད ་པ་ཡིན།། རབ་ཏུ་མདོར་སྟན་རྒྱས་བཤད་ནི།། དཀའ་འགྲེལ་ཚིག་ནི་འཇོམས་པའོ།། མདོར་བསྟན་ཆེན་པོའི ་རྒྱས་བཤད་ནི།། འབྲེལ་བཤད་ཐམས་ཅད་བསྡུས་དོན་ཏེ།། དེ་ཡང་མངོན་ཤེས་ཐོབ་རྣམས་ཀྱིས།། བྱ་བ་ཡིན་གྱིས་མཁས ་གཞན་མིན།། དེ་ལྟར་མཐའ་དྲུག་རྣམས་ཀྱིས་དག། རྡོ་རྗེའི་རྣལ་འབྱོར་རྣམ་བཞི་དང་། བྱང་ཆུབ་རྣམ་བཞི་ཕུང་པོ་དང་། ་ཁམས་དང་སྐྱེ་མཆེད་རིགས་དྲུག་རྣམས།། འཇིག་རྟེན་ཁམས་སོགས་བརྗོད་པ་སྟེ།། ལེའུ་ལྔ་ཡིས་དག་པ་ཡིན།། དུས་ཀྱི་འཁོར་ལོ་མངོན ་བརྗོད་དེ།། བདེན་གཉིས་དང་པོའི་སངས་རྒྱས་ཡིན།། གང་ཡང་དང་པོར་དབང་བདུན་ནི།། བྱིས་པ་རྣམས་ནི་བཞུགས་པ་སྟེ། ་འཇིག་རྟེན་ཀུན་རྫོབ་རྣམ་པ་གསུམ།། བཞིན་པ་དག་ནི་དོན་དམ་ཉིད།། ཆོས་རྣམས་བདེན་པ་ཉིད་ཀྱིས་ནི།། རྡོ་རྗེ་འཛིན་པ་ངས ་བསྟན་ཏེ།། འཇིག་རྟེན་ཀུན་རྫོབ་བདེན་པ་དང་།། དོན་དམ་གཉིས་ཀྱི་བདེན་པས་སོ།། ཆུ་དང་ཅོད་པན་དར་སྦྱངས་དང་།། རྡོ་རྗེ། ་དྲིལ་བུ་བརྟུལ་ཤུགས་ཆེ།། མིང་དང་རྗེས་གནང་བཅས་པ་དང་།། རྣམ་བདུན་དབང་པོ་རྒྱལ་པོ་ཀྱེ།། ལུས་ངག་ཡིད་ནི་དག་བྱེད་པ། ་མངོན་པར་དབང་བསྐུར་གཉིས་གཉིས་སྟེ།། རྗེས་གནང་ཡེ་ཤེས་དག་པ་ཡིན།། ཆུའི་ཁམས་སོགས་ཡང་དག་དག། གཅོད་པན ་གྱི་ནི་ཕུང་པོ་དང་།། དར་སྦྱངས་ཕ་རོལ་ཕྱིན་པ་དག། རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ།། སངས་རྒྱས་གསུང་རྒྱུན་མི་འཆད་པ།། ཉི་ཟླ་གཅིག ་དུ་དག་པའོ།། རྡོ་རྗེ་བརྟུལ་ཤུགས་མི་འཕོག་པ།། ཡུལ་དང་དབང་པོ་དག་པ་དེ།། མིང་ནི་བྱམས་པ་ལས ་སོགས་དག། གནང་བ་སངས་རྒྱས་ཉིད་དུ་དག། དབང་བདུན་པོ་ནི་འདི་ཡིན་ཏེ།། དཀྱིལ་འཁོར་བཞེངས་ནས་སྦྱིན་པར་བྱ།། བུམ་པ་དང ་ནི་གསང་བའི་དབང་།། ཤེས་རབ་ཡེ་ཤེས་མངོན་བརྗོད་པ།། སླར་ཡང་ཤེས་རབ་ཆེན་པོ་ནི།། དེ་ཡིས་ཡེ་ཤེས་མངོན་པར་བརྗོད།། འགྱུར ་ཞིང་འགྱུར་ཏེ་དེ་ནས་འཐུན།། དེ་ནས་གཞན་ནི་རྒྱུ་འཐུན་པ།། མངོན་པར་དབང་བསྐུར་རིམ་གསུམ་གྱིས།། ལུས་ངག་ཡིད་ནི་ཡང་དག་དག ་བཞི་པ་ཡེ་ཤེས་དེ་དག་ནི།། ལུས་ངག་ཡིད་ཀྱང་དག་པར་བྱེད།། བྱིས་པ་དར་མ་དེ་ནས་རྒན།། བཞིན་པ་ཡང་ནི་སྐྱེ་རྒུའི་བདག། ཤེས ་རབ་ཉི་མའི་ཡན་ལག་ནི།། རེག་ལས་བྱང་ཆུབ་སེམས་འཕོ་བདེ།། གང་ཕྱིར་བྱིས་པ་བདེ་ཐོབ་པ།། དཀར་འཛིན་གྱིས་ནི་དེ་དབང་བསྐུར།། ་གསང་བ་མཉེས་ལས་ཡུན་རིང་སྐྱེས།། བྱང་ཆུབ་སེམས་འཕོ་བདེ་བ་སྟེ།། གང་ཕྱིར་གསང་ལས་བདེ་ཐོབ་པ།། དར་ལ་བབ་པ་དེ་དབང་བསྐུར།། ་ཡུན་རིངས་གསང་བ་མཉེས་ལས་སྐྱེས།། རྡོ་རྗེ་རྩེ་མོ་བདེ་བ་བཐུན།། གང་ཕྱིར་རྒན་ལས་འཐུན་འགྱུར་བས།། ཤེས་རབ་ཡེ་ཤེས་དེ ་དབང་བསྐུར།། ཕྱག་རྒྱ་ཆེ་ལ་རྗེས་ཆགས་པས།། རྒྱུ་འཐུན་ལས་སྐྱེས་བདེ་བ་གང་།། གང་ཕྱིར་རྒྱུ་འཐུན་ཉིད་དུ་འགྱུར།། ཕྱག་རྒྱ་ཆེན ་པོས་དེ་དབང་བསྐུར།། སྐྱོབ་པ་སྐྱེས་རྒུའི་བདག་པོ་དེ།། ཐམས་ཅད་བསྐྱེད་མཛད་མར་ཤེས་བྱ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། ་མི་འགྱུར་གཉིས་མེད་བྱང་ཆུབ་སེམས།། དམ་ཚིག་སེམས་དཔའ་འདི་ཡིན་ཞིང་།། རྡོ་རྗེ་རྣལ་འབྱོར་རྣམ་པ་བཞི།། དུས་ཀྱི་འཁོར་ལོ་འདི་རུ ་བརྗོད།། རྣལ་འབྱོར་རྣམས་ཐར་སྟེར་བ།། འདི་ཉིད་བསྒྲུབ་པར་བྱ་བ་ནི།། མ་བསམ་པའི་སྣང་བ་དང་།། དུ་བ་ལ་སོགས་མཚན་མ་དེ།། ་ཤེས་རབ་གཟུགས་ནི་མཁའ་མཉམ་དང་།། ཡོད་དང་མེད་ལས་རྣམ་པར་འདས།། སེམས་ཀྱི་རྐྱེན་གྱི་དོན་རྣམས་དང་།། རྡུལ་ཕྲན ་ལས་སྐྱེས་ཚོགས་པ་རྣམས།། ཀུན་ཏུ་ཡོངས་སུ་སྤངས་པས་སོ།། དུ་མ་མིག་རྒྱུ་མེ་ཁྱེར་དང་།། མར་མེ་འབར་དང་ཉི་ཟླ་དང་། མུན་ཅན ་ཆ་ཤེས་ཐིག་ལེ་ཆེ།། ། སྣ་ཚོགས་གཟུགས་ནི་རབ་ཏུ་གསལ།། མིག་གཉིས་མ་ཕྱེ་མ་འཛུམ་པ། ་གང་ཞིག་སྟོང་པར་མ་བརྟག་པ།། རྨི་ལམ་བཞིན་དུ་གཟུགས་མཐོང་བ།། གཟུགས་དེ་རྟག་ཏུ་བསྒོམ་པར་བྱ།། མེད་པའི་གཟུགས་ལ ་བསྒོམ་པ་ནི་།། རྣལ་འབྱོར་རྣམས་ཀྱིས་དེ་བསྒོམ་མིན།། སྟོང་པར་མ་བརྟགས་མཐོང་ཕྱིར།། སེམས་ལ་དངོས་དང་དངོས་པོ ་མེདད། ཇི་ལྟར་མེ་ལོང་པྲ་ལ་ནི།། དངོས་མེད་ལས་སྐྱེས་བུ་མོས་མཐོང་།། མཁའ་ལ་དེ་ཉིད་རྣལ་འབྱོར་པས།། འདས་དང་མ་འོང ་ཆོས་དེ་བཞིན།། འདི་མིན་པས་ན་དངོས་པོ་མིན།། དངོས་པོ་སྟོང་པའི་དོན་མཐོང་ཕྱིར།། དངོས་པོ་མེད་པའི་དོན་ཡོད་པ།། རྨི་ལམ་སྒྱུ་མ་མིག་འཕྲུལ ་མཚུངས།། ཆོས་ཅན་མེད་པ་ལས་ནི་ཆོས།། སྐྱེ་བ་འདི་ནི་མཐོང་བས་ན།། ཡིད་བཞིན་ནོར་བུ་ལྟར་མཐའ་ཡས་པའི། རེ་བ་ཐམས་ཅད་རྫོགས་པར ་མཛད།། གཞོན་ནུ་མའི་བྲལ་ནི།། མ་མཐོང་བའི་རྐུན་པོ་མཐོང་།། ཉི་ཙེ་བའི་མིག་གཉིས་ཀྱིས།། བསྐྱོད་དེ་བསྒྲུབ་པ་པོ་ཡིས་གཟིགས།། ་གལ་ཏེ་ཡོད་པའི་གཟུགས་མཐོང་ན། བདག་གིས་གདོང་བཅིས་མི་འཐོང་།། གལ་ཏེ་མེད་པའི་གཟུགས་མཐོང་ན།། རི་བོང་རི་ནི་ཇི་ལྟར་མིན། ་མིག་གཞན་གྱིས་ནི་མ་མཐོང་ཞིང་།། བདག་གིས་མིག་གིས་ཀྱང་མི་མཐོང་།། སྐྱེ་བ་མེད་པ་མཐོང་བ་ནི།། གཞོན་ནུ་མ་སི་བུ་གཞིན་ནོ།། གནུབ ་མཐོང་དེའི་འོག་དུ་ནི།། སྟེང་དང་འོག་ཏུ་རྩ་གསུམ་ལ།། ལུས་ངག་སེམས་ནི་དགག་པའི་ཕྱིར།། རྒྱུན་མི་འཆད་པར་སྲོག་བརྩོལ་བྱ།། ཟླ་ཉི་སྒྲ ་གཅན་དྲི་ཆེན་དང་།། དྲི་ཆུ་ས་ངོན་འབབ་པའི་ལམ།། ཆུ་མེད་སྟོང་པ་ས་དང་རླུང་།། ཡེ་ཤེས་ཁམས་རྣམས་དག་གིས་རིགས།། གང་རྣམས་རྣ ་མུན་ཅན་ནི།། ལུས་ངག་སེམས་ཀྱི་རྩ་དེ་རྣམས།། སྲོག་དང་ཐུར་སེལ་རིམ་པ་ཡིན།། དྲི་ཆེན་དྲི་ཆུས་དོན་འབབ།། ཐབས་ཀྱི་རྐུ་ནི་ཟླ་བ་ལ། ་ཤེས་རབ་གསུང་ནི་ཉིན་མོར་བྱེད།། ཤེས་རབ་སྐུ་ནི་དྲི་ཆེན་རྩ།། དྲི་ཆུ་འབབ་པ་ཙོ་བོའི་གསུང་།། སྟེང་འོག་སེམས་ཀྱི་རྩ་གཉིས་ནི།། ས་བོན ་@འབབ་དང་མཆུ་ཅནས།། ཐབས་ཀྱི་ཐུགས་ནི་མུན་པ་ཅན།། ས་བོན་འདབ་པ་མ་ཤེས་ཀྱི།། སྐུ་གསུང་ཐུགས་ཀྱི་རྣམ ་འབྱོར་གྱིས།། སྟེང་འོག་རིགས་དྲུག་འདི་ཉིད་དོ།། ཐབས་དང་ཤེས་རབ་སྐུ་དངོས་ཀྱིས།། ལུས་ཅན་རྣམས་ལ་ཡང་དག་གནས།། སྐྱེང་པོ། ་ལྷག་པའི་རླུང་གི་ནི།། ལུས་ངག་རྩལ་མཆི་ལྟས་ཡིན་ནོ།། མུན་ཅན་ས་བོན་འབབ་མ་ལས།། སྐྱེ་དང་འཆི་བ་གནས་པ་ཡིན།། སྐྱེ་དང ་མཆི་བའི་དུས་དང་ནི།། འཁྲིག་ལ་ས་བོན་འབབ་པའོ།། ཉི་མ་ཕོ་དང་མཉམ་པ་ལ།། མུན་ཅན་མ་ནི་སྟེང་འོག་འབབ།། དུ་སྦྱོར་འབྱུང་བའི ་མངོན་འཚམས་སུ།། དབུས་མ་ཡིས་ནི་མཉམ་པར་འབབ།། རྐང་པ་དང་བཅས་ལྔ་བཅུ་དྲུག། འབྱུང་འཇུག་དབུག་སོ་མའི་དབང་ཀྱེ། ་བདུན་བཅུ་རྩ་ལྔ་ལྷག་པ་ཡི།། དྲུག་བརྒྱད་ཉིན་དང་མཚན་མོའོ།། གང་ཡང་དྲུག་རྒྱས་ལྷག་ཡིས།། སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེ།། གཡས ་པ་དང་ནི་གཡོན་པའི་རྩ།། དེ་ཡིས་རླན་པ་དེ་རྣམས་འབབ།། ཕྱོགས་གསུམ་དང་བཅས་ལོ་གསུམ་ནི།། ལོ་རྒྱ་ཡིས་ནི་དབུས་མར་འགྱུར།། སྟེང ་དུ་གཡས་དང་གཡོན་པ་ནི།། ཉི་ཟླ་ལུག་དང་སེར་སྐྱ་གཞན།། ཆུ་དང་མེ་ཡི་རང་བཞིན་ཏེ།། པད་མ་རིན་ཆེན་འཛིན་པར་གསུངས།། འོག་དུ་དྲི་ཆེན་དྲི་ཆུ ་འབབ།། ས་དང་རླུང་གི་རང་བཞིན་ཏེ།། གཡས་པ་དང་ནི་གཡོན་པའི་རྩ།། འཁོར་ལོ་རལ་གྲི་འཛིན་པར་གསུངས།། སྟེང་གི་དབུ་མ་འོག་དུ་ཡང་།། ་སྒྲ་གཅན་ས་བོན་འབབ་པ་ལ།། སྟོང་པ་ཡེ་ཤེས་རང་བཞིན་ཏེ།། རྡོར་འཛིན་རྡོ་རྗེ་འཛིན་པར་མཛོད།། ཟླ་བའི་ལམ་གྱི་དྲི་ཆེན་རྩ།། ཉི་མས་དྲི་ཆུ་འབབ་མ།། ་མཉམ་དང་སྐྱེ་བཆི་འདོད་ཆགས་ལ།། སྒྲ་གཅན་ས་བོན་འབབ་མའོ།། གང་ཞིག་ལྟེ་སྟེང་ཀུན་དར་མ།། མུན་འབབ་བཞིན་དུ་ཡིད་བཟང་སྟེ།། གང་འོག ་ནམ་མཁའ་དོང་དེ་ནི།། ས་བོན་འབབ་པའི་དུང་ཅན་མ། ལྟེ་བའི་པད་མ་སྙིང་མགྲིན་དང་།། དཔྲལ་བའི་གཙུག་གཏོར་འདམ་སྐྱེས་ལ།། ས་ཆུ་མེ་རླུང ་སྟོང་པ་ནི།། སྡུད་པ་ཡིས་ནི་འབབ་པའོ།། གཤེགས་པ་དང་ནི་བྱོན་པ་དེ།། བསྐྱེད་པ་ཡིས་ནི་ས་ལ་འཇུག། ལྟེ་བ་ནས་ནི་ལྟེ་བའི་དབུས། ་ཀུན་དར་མ་ནི་གཤེགས་ཤིང་བྱོན།། ལྟེ་གསང་ནོར་བུའི་པད་མ་ལ།། ལུས་ངག་སེམས་ནི་འབབ་མ་སྟེ།། གཤེགས་པ་དང་ནི་བྱོན་དེ།། བསྡད་དང ་སྐྱེད་པའི་གཟུགས་ཅན་མ།། སྐྱེས་བུ་ཀུན་ལ་དུང་ཅན་མ།། ཟུར་སེལ་རླུང་ནི་འབབ་པར་བྱེད།། འདི་ནི་བུད་མེད་བདེ ་བ་ཡིས།། ས་ངོན་དུས་སུ་ཁྲ། འབབ་མ།། ཐབས་དང་ཤེས་རབ་སྐུ་དངོས་ཀྱིས།། སྟེང་དུ་གཡས་དང་གཡོན་པའོ།། འོག་དུ་དྲི་ཆེན་དྲི་ཆུ་འབབ། ་རྡུལ་དང་ས་བོན་འབབ་པའོ།། རྡུལ་འབབ་ཕྱིར་ན་གཏུམ་མོ་སྟེ།། ས་ངོན་འབབ་ཕྱིར་ན་མཁའི་གདོང་།། སྟེང་དུ་རིགས་ངན་བུད་མེད་ལ།། སྐྱེས ་བུ་ལ་ནི་ཀུན་དར་བརྗོད།། སྣ་ཁུང་གཡོན་པའི་རྩ་ལ་ནི།། རྣམ་ཤེས་ལ་སོགས་དཀྱིལ་འཁོར་ལྔ།། གཡས་པའི་རྩ་ལ་ས་སོགས་ཏེ།། དབུས་སུ་དྲུག ་པ་འབབ་པའོ།། ལྟེ་བའི་པད་མའི་མདབ་མ་ལ།། དཀྱིལ་འཁོར་དྲུག་བཅུའི་རིམས་པ་བཞིན།། དུས་སྦྱོར་གཡས་དང་གཡོན་པ་ལ།། ལུག་སོག ་ཁྱུ་མཆོག་ལ་སོགས་པའོ།། རྩ་བ་ཡོན་དང་དེ་ནས་གཡས།། སྟེང་དང་དབུས་སུ་རིམ་པས་རླུང་།། དཀྱིལ་འཁོར་རེ་རེའི་དབྱུ་གུ་ལས།། ས་སོགས་སྣ་དྲུག ་དག་ལའོ།། དྲུག་བཅུར་བཅས་པའི་སུམ་བརྒྱའི་དབུས།། རྩ་ནི་རིམ་པས་འབབ་པའོ།། སྟོང་དང་བརྒྱད་བརྒྱའི་དབུགས་རྣམས་ནི།། རྩ་ལྔ་པོ་ཡིས་དེ་རྣམ ་འབབ།། དྲུག་བཅུའི་རྩ་ནི་ཉིན་མཚན་དུ།། ལུས་ཅན་ལ་ནི་དཀྱིལ་འཁོར་ཞེས།། འདབ་མའི་དབུས་སུ་དང་དེ་ནས་ཤར།། གཡས་གཡོན་ནུབ་ཏུ ་རིམ་པས་རླུང་།། གཡོན་པར་བརྟགས་པར་མཁས་སོགས་ཏེ།། གཡས་ལས་སོགས་པ་གཞན་མའོ།། གཡོན་དུ་སྲིད་པར་རྣམ་ཤེས་སོགས།། ག ་སུ་སོགས་བསྡུད་པའོ།། ནུབ་དང་ཤར་ཏུ་ས་དང་རླུང་།། ཕན་ཚུན་ཐབས་དང་ཤེས་རབ་སྟེ།། མཐེ་བོང་དང་ནི་མིང་མེད་ཀྱིས།། གང་གིས་ཁ་ལ་དབང ་བསྐུར་རོ།། གཡས་དང་གཡོན་དུ་མེ་དང་ཆུ།། ཕན་ཚུན་ཐབས་དང་ཤེས་རབ་སྟེ།། འཛུག་མོ་དང་ནི་གུང་མོ་ཡིས།། གང་ཕྱིར་རལ་གྲི་འགྱུར་བའོ།། ཕྱག་རྒྱ ་ཟླ་བ་ཕྱེད་པའི་ཚུལ།། མཆེ་བ་ཟ་ཆུང་གྲི་གུག་སྟེ།། སྟོང་པ་མི་འགྱུར་སྟེང་འོག་ཏུ།། ཕན་ཚུན་ཐབས་དང་ཤེས་རབ་པོ།། སོར་མོ་རྣམས་ནི་ཕན་ཚུན་དུ། ་དཀྱིལ་འཁོར་བཅུ་ནི་ཡང་དག་སྦྱོང་།། སྤྱི་བོར་ཐལ་མོ་སྦྱར་བ་ཡིས།། གྲི་གུག་དཔའིཅས་རྩེ་གཅིག་པོ།། བསྐྱེད་པ་དང་ནི་བསྡུད་བྱེད་པོའོ།། མཉམ་པ ་དེ་ཡང་དབུས་མིའི་རྩར།། ཕུང་པོ་ཁམས་དང་རྡོ་རྗེ་གསུམ།། དབུས་མར་སོང་ནས་ཅིག་ཏུ་འགྱུར།། ཟླ་བ་ཉི་མའི་རྩ་འགགས་ན། དྲི་ཆེན་དྲི ་ཆུའི་རྩ་འགག་གོ། སྒྲ་ཅན་རྩ་ནི་འགགས་འགྱུར་ན།། འོག་གི་ས་བོན་འགག་མའོ།། འདི་གྲོལ་ན་ནི་ཀུན་གྲོར་འགྱུར། ་བསྐྱེད་པ་དང་ནི་བསྡུད་བྱེད་མ།། སྲོག་དང་ཐུར་སེལ་ལམ་གསུམ་གྱིས།། རྩ་རྣམས་ཀུན་སྤྱོད་འདི་ཡིན་ནོ།། གཡས་པ་དང་ནི་གཡོན་པ་ལ།། ཉིན་མཚན ་ལྔ་དང་དེ་བཞིན་གཅིག། རླུང་ནི་རབ་དུ་འབབ་པ་ན།། དེ་ནས་ལོ་གསུམ་གྱིས་འཆི་འགྱུར།། ལྔ་ཕྱོགས་ཆོས་དང་ཉི་ཤུ་དང་།། དེང་ཉིད་རིམ་པས་རེ་རེས་ལྷག། ་ཉི་མ་སུམ་བཅུ་གསུམ་གནས་པས།། གཡས་པའི་ཉི་མའི་འཆི་ལྟས་སོ།། ལོ་གསུམ་གཉིས་གཅིག་མཉམ་ཟླ་བ།། དྲུག་གསུམ་ཟུང་ཟླ་ཉི་མ་ནི།། ་ཚེས་ཕྱོགས་ལྔ་དང་ཡོན་ཏན་གཉིས།། གཅིག་གིས་ལུས་ཅན་ཚེ་འགྲོ་འགྱུར།། རྩ་བ་ནས་ནི་རེ་རེ་ལྷག། གཡོན་དུ་ཟླ་བ་འབྱུང་བར་འགྱུར།། ་ཞག་དང་ཞག་གི་ག་ཟླ་བ་སྟེ།། བླ་གཉིས་ཅན་གྱིས་ཞག་གསུམ་མོ།། འཆི་ལྟས་ཞག་དང་དགེ་ཟླ་བ།། དེ་དག་འཕེལ་དང་འགྲིབ་པ་ཡིན།། ལོ ་རྒྱ་ཡོངསུ་རྫོགས་པ་ཡིས།། དབུས་མ་ལ་ནི་འཆི་བར་འགྱུར།། མཉམ་དང་མི་མཉམ་ཞིན་ཞག་གིས།། དེ་སྐྱེས་ནས་ནི་དཀྱིལ་འཁོར་འབྱུང་།། ཕྱོགས ་གཉིས་རྣམ་པར་ཉམས་པའི་ཕྱིར།། གཡས་དང་གཡོན་པ་དག་ལས་འབྱུང་།། གཞན་དུ་ན་ནི་འཆི་བ་མེད།། ཕྱོགས་གཉིས་ཡང་དག་གནས་པ་ན། ་གཡས་དང་གཡོན་དུ་ཀུན་དུ་སྤྱོད།། དཀྱིལ་འཁོར་ལྔ་ནི་འབབ་པ་ཡིན།། འདི་ལྟས་མཚན་ཉིད་ཤེས་བྱས་ལ།། སྲོག་ནི་ཐིག་ལེར་གཞུགས་པར་བྱ།། ཀུན ་སྒོ་གོ་འཕང་བརྟེན་བྱས་ལ།། མཆོག་དུ་མི་འགྱུར་བསྒོམ་པར་བྱ།། ཉི་ཟླར་འགྲོ་བ་གཞོམ་པའི་ཕྱིར།། རྟག་པར་རྡོ་རྗེ་བསླང་བར་བྱ།། གཞན་དུ་ན་ནི་ཀུན་སྤོང ་འཆར།། སྲོག་གི་རླུང་ནི་འཇུག་པ་མེད།། འོག་དུ་དུང་ཅན་ཐུར་སེལ་ནི།། དེ་མ་ཞུགས་ན་འཆི་བ་ཡིན།། འཆི་བ་བླུ་བ་འདི་ཉིད་ནི།། རྣལ་འབྱོར་རྣམས་ལ ་དགའ་བས་བླུས།། གཙུག་ཏོར་སྟེང་གི་པད་མ་ལས།། ཤུ་བཀྲ་བྱུང་ན་དགའ་བས་ཡིན།། མགྲིན་པ་སྙིང་ཁ་མཆོག་དགའ་བ།། དེ་ནས་རྣམ་པར་དགའ་བར་འགྱུར།། ་སྣ་ཚོགས་དགའ་བ་ལྟེ་བ་ལ།། གལ་ཏེ་གསང་བའི་པད་མར་སོང་།། གསོང་གནས་རྡོ་རྗེ་ནོར་བུའི་བར།། ལྷན་ཅིག་སྐྱེས་དགའ་མི་འཕོ་བ།། རབ་ཏུ་མི་གནས ་མྱ་ངན་འདས།། ཆགས་ཆེན་མི་འགྱུར་མངའ་བདག་གོ། དགའ་བྲལ་ལས་ནས་ནི་བདེ་འཕོ་གང་།། མྱ་ངན་འདས་ལ་དེ་རབ་གནས།། ས་ངོན་ཟླ་བ་གཙུག ་གཏོར་ཤར།། གསང་བའི་ཆུ་སྐྱེས་དགལ་རྫོགས།། ཙ་ནི་བཅུ་དྲུག་པ་གང་དེ།། རྡོ་རྗེ་ནོར་བུ་པད་རྩེར་སོང་།། དེ་འོག ་བའི་དུས་ཡིན་ཏེ།། ནག་པོ་ཆེས་གཅིག་འོངན་སོ།། སྟོང་ལ་དགའ་བ་བྲལ་བ་ཡིས།། ཉི་མ་མཛོད་སྲུར་འགྲོ་བར་འགྱུར།། དེ་ཡིས་ཆན་བཅུ་དྲུག་མ། ་གཙུག་གཏོར་པད་མར་སོང་བས་ན།། འདིར་ནི་ཟླ་བ་ཟད་པ་བརྗོད།། འདོད་ཆགས་བདེ་བ་བྲལ་ཕྱིར་རོ།། ལུས་ཅན་ཐམས་ཅད་འཆི་བ་ན།། ཟླ་བ་བདུད ་རྩི་ཟུར་དུ་འགྲོ།། སྟེང་དུ་ཉི་རྡུལ་དགྲ་ཅན་དང་།། རྣམས་ཤེས་སྲིད་པའི་མཚན་ཉིད་དོ།། དེ་བས་ཟླ་བ་བདུད་རྩིའི་སྟེང་།། འགྲོ་བར་བྱའོ་རྒྱལ་པོ་ཀྱེ།། འོག ་ཏུ་ཉི་རྡུལ་དགྲ་ཅན་དང་།། རྣམ་ཤེས་མི་འགྱུར་བདེ་བའོ།། མཛོད་སྤུ་ཆུ་སྐྱེས་སངས་རྒྱས་ཀུན།། ཟླ་བའི་བདུད་རྩི་ཉ་བཞིན་ནོ།། ཉི་རྡུལ་གནས་སྟོང་གས ་པ་ལ།། གཙུག་ཏོར་ནོར་བུ་དེ་གཉིས་འཆར།། སྟོན་པའི་རྡོ་རྗེ་ཚིག་འདི་ནི།། ལུས་ཅན་རྣམལ་ཕྱིན་ཅི་ལོག། མི་གནས་མྱ་ངན་འདས་པ་ཡིས།། ཁམས་རྣམས ་ཕྱིན་ཅི་ལོག་ཏུ་འགྱུར།། ནོར་བུར་ཐུགས་དང་གསང་བར་གསུང་།། ལྟེ་བར་སྐུ་ནི་བདེ་ཆེན་ཕྱིན།། དག་པའི་སྐུ་ལས་སྤྲོ་བ་ནི།། ཆོས་དང་ལོངས་སྤྱོད་སྤྲུལ་པཔ་འདི། ་འོག་ཏུ་ཐབས་འགྱུར་རྒྱལ་པོ་ཀྱེ།། སྟེང་དུ་ཤེས་རབ་ངག་ཏུ་འགྱུར།། དཔྲལ་བར་སྤྱི་རྡོ་རྗེ་ཡིན།། མགྲིན་སྙིང་ལྟེ་བའི་འདས་སྐྱེས་ལ།། གསུང་ཐུགས་ཡེ་ཤེས ་རྡོ་རྗེ་ནི།། སྦྲུལ་སོགས་འདི་རྣམས་སྤྲུལ་པར་མཛད།། ཕུང་པོ་ཁམས་རྣམས་སྤྲོ་བ་ནི།། སྒྲིབ་པ་མེད་པའི་བདེ་བའོ།། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། ་ཤེས་ཕྱག་རྒྱ་སོགས་དམིགས་དང་།། ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས།། མི་འགྱུར་བ་ནི་འབྲེལ་བར་འགྱུར།། འབྲེལ་བ་ལས་ནི་འཕེལ་བ་མེད།། ཟད་པ་ལས ་ནི་ཟད་པ་མེད།། ནུབ་པ་ལས་ནི་ནུབ་པ་མེད།། གསལ་བ་ལས་ནི་གསལ་བ་མེད།། བཙུབ་པ་ལས་ནི་བཙུབ་པ་མེད།། སྐྱེ་བ་ལས་ནི་སྐྱེ་བ་མེད།། ཤི་བ་ལས་ནི ་ཤི་བ་མེད།། གྲོལ་བ་ནི་གྲོལ་བ་མེད།། མི་གནས་པ་ལ་མི་གནས་མེད།། དངོས་པོ་མེད་ལ་དངོས་མེད་མིན།། དངོས་པོ་ལས་ནི་དངོས་མེད་མིན།། དངོས་པོ་ལས ་ནི་དངོས་མེད་ཉིད།། འགྱུར་བ་ལས་ནི་འགྱུར་བ་མེད།། མི་འགྱུར་བ་ལས་མི་འགྱུར་མེད།། ཆོས་རྣམས་རང་བཞིན་མེད་པ་ནི།། སྒྱུ་མ་འབྱུང་དང་ཟད་བཞིན་ནོ།། ། ་འབྱུང་བ་ཟད་པར་མི་འགྱུར་ཏེ།། རང་བཞིན་གྱིས་ནི་སྐྱེས་པ་མེད།། དངོས་དང་དངོས་མེད་མཚན་ཉིད་ཅིག། སྣ་ཚོགས་འདི་ནི་མཚན་ཉིད་བྲལ།། རང་གི་ཤེས་རབ་ལ། ་མཁྱུད་སེམས།། རྡོ་རྗེ་ནོར་བུའི་པད་མར་སོང་།། དེ་ལ་ཟླ་བ་འཐུན་འགྱུར་ནས།། མི་འགྱུར་བསྒོམ་པ་རྒྱུ་འཐུན་ནོ།། ལུས་ངག་སེམས་ཀྱི ་རྩ་རྣམས་ལ།། ལུས་ངག་སེམས་ནི་བསྒོམ་པར་པར་བྱ།། རྡོ་རྗེ་གསུམ་ནི་བསྡུས་པ་ཡིས།། དུད་ཅན་མ་ལ་ཡེ་ཤེས་བསྒོམ།། མགོན་པོ་ལས་ནི་རིམ་པ་ཡིས།། ་ཤེས་རབ་ཆགས་པས་ཐིག་ལེ་ཞུ།། རྫོགས་པཱའི་ཞུགས་རྣམས་ལ།། དོན་དམ་པར་ནི་བཅིས་པར་བྱ།། རིམ་པ་ཇི་ལྟར་ཟླ་བ་ཤར།། ཆ་རྣམས་ཀྱིས་ནི་རྫོགས་པ ་འགྱུར།། འཕེལ་འགྲིབ་གྲིབ་མའི་དབང་གིས་ཏེ།། ཟླ་བ་ཆད་དང་རྫོགས་པ་མིན།། དེ་བཞིན་རིམ་པས་ཡེ་ཤེས་འཚར།། ས་རྣམས་ཀྱིས་ནི་རྫོགས་པར་འགྱུར།། ་ཉོན་མོངས་ལ་སོགས་བཅོམ་རྫོགས་པ།། ཡེ་ཤེས་ཆད་དང་རྫོགས་པ་མིན།། དབུ་སུ་རི་བོང་གིས་མཚན་ལྟར།། ཉ་ལ་རི་བོང་ཅན་མི་གནས།། འཁོར་བའི་བག ་ཆགས་ཀྱིས་མཚན་པས།། མི་འགྱུར་བ་དེ་ལ་བཞིན་སེམས།། དེ་གཉིས་དབུས་སུ་རྫོགས་པ་གང་།། རྫོགས་པ་དེ་ནི་རབ་མི་གནས།། སྐད་ཅིག་གཅིག་གིས ་རྫོགས་སངས་རྒྱས།། རྫོགས་པ་ལ་ནི་ཡོངས་མི་འགྱུར།། གང་ཞིག་རྡོ་རྗེ་ནོར་བུ་སེམས།། སྐད་ཅིག་ཐམས་ཅད་དེ་རྫོགས་བྱེད།། དཀར་པོའི་ཕྱོགས་གསལ ་འདི་མི་གནས།། དཀར་མིན་པ་ལ་ཡི་མི་འགྲོ།། གཉིས་མེད་རྫོགས་པ་ལ་སོང་ན།། ཕྱོགས་གཉིས་པོའི་དབུས་སུ་གནས།། གཙུག་གཏོར་ལས་ནི་བྱུང་བ་དེ།། ་རྡོ་རྗེ་ནོར་བུ་རྫོགས་པར་འགྱུར།། དགའ་བྲལ་ཆགས་པས་ཆ་བཅོམ་པ།། རྡོ་རྗེ་ནས་ནི་རྫོགས་པ་བཅོམ།། སླར་ཡང་རྡོ་རྗེ་ནོར་བུ་རྫོགས།། དགའ་བྲལ་ཆགས ་པས་ཆ་བཅོམ་པ།། ལུས་ཅན་ཡེ་ཤེས་བཅོམ་པ་མིན།། བདེ་བ་ཆེན་པོའི་རང་བཞིན་འདི།། རྫོགས་པའི་སྒྲ་ཡིས་བརྗོད་པར་བྱ།། གཞན་མ་དངོས་པོའི་མཐའ ་ཀུན་ནི།། བསྐྱེད་པ་དང་ནི་བསྡུད་བྱེད་རྒྱུ།། སྲིད་ནས་མྱ་ངན་འདས་པར་ཤེགས།། དེ་ནས་ལར་ཡང་སྲིད་པར་བྱོན།། རང་ཕྱོགས་གཉིས་ལ་ཟླ་བཞིན་དང་།། བགྲོད ་པ་གཉིས་པ་ཉིད་ཡིན་ནོ།། རྫོགས་པ་མི་གཡོ་བ་འདི་ནི།། མི་འགྱུར་སྐ་ཅིག་གིས་ཐོས་པའི།། དབུགས་ནི་ཉི་ཁྲི་ཆིག་སྟོང་དང་།། དྲུག་བརྒྱ་ཡིས་ནི་ལྷག་པ་ཡིས།། ་ས་རྣམས་ཀྱིས་ནི་ཡོངས་སུ་རྫོགས།། ཕྱོགས་གཉིས་ཡང་དག་གནས་པ་ནི།། ས་རྣམས་ཀྱིས་ནི་ཡོངས་སུ་རྫོགས།། བདེན་དོན་རྣམ་པ་བཅུ་གཉིས་ལྡན།། རྣམ ་པ་བཅུ་གཉིས་རྣམསས་ཀྱིས།། རྫོགས་ནས་གཉིས་སུ་མེད་པའི་མཆོག། ཆ་རྣམས་ཀྱིས་ནི་རྫོགས་པའི་སེམས།། རྣམ་པ་བཅུ་དྲུག་མི་འགྱུར་བ། དོན་གཅི།། ་གཉིས་སུ་མེད་པའི་སེམས།། དོན་དམ་པ་ནི་མི་མཉམ་པ།། རྫོགས་པའི་གནས་སྐབས་སེམས་འགྱུར་ན།། ཀུན་ནས་རབ ་ཏུ་རྫོགས་པ་ཡིན།། ཆགས་བྲལ་དང་པོ་ཆགས་པ་ཆེ།། རྡོ་རྗེ་ཡན་ལག་མི་འགྱུར་ཆེ།། ཕྱོགས་གཉིས་པ་ཡིས་བག་ཆགས་ཀྱིས།། ཡོངས་སུ་གང་བ ་མ་འདྲེས་པ།། ཇི་ལྟར་རྒྱ་མཚོར་ཆུ་བོ་ཆུ།། ཞུགས་ནས་ཆུ་དེ་དེ་མཉམ་འགྱུར།། དེ་བཞིན་དུ་ནི་དངོས་པོའི་ཚོགས།། འགྱུར་བ་དེ་ནི་མི་འགྱུར་མཉམ།། ཇི་ལྟར ་ཁམས་ཀྱི་ཚོགས་འདི་ནི།། ས་བོན་གྱིས་ཟོས་རོ་ཉིད་འགྱུར།། ས་བོན་རང་བཞིན་ཉིད་དུ་ནི།། འབྲས་བུའི་དུས་སུ་ང་རྒྱལ་སྤང་།། དེ་ལྟར་དངོས་པོའི ་ཚོ་གས་ཀྱང་ནི།། མཆོག་ཏུ་མི་འགྱུར་བས་ཟོས་ན།། རྣམས་པ་ཐམས་ཅད་རང་བཞིན་འཛིན།། མཆོག་ཏུ་མི་འགྱུར་ཉིད་དུ་འགྱུར།། མཆེ ་རྨའི་ཚོར་བའི་སྡུག་བསྔལ་ནི།། གཞན་དུ་ནད་པས་རིག་མེད་ལ།། དུག་ཚོགས་གནས་སྐབས་གྱུར་ན་ནི།། དབང་པོའི་སྒོ་ཡི་ཡུལ་མ་ཡིན།། ་དེ་བཞིན་རྣལ་འབྱོར་རྡོར་རྗེ་ནོར་བུ།། གཞན་དུ་དམ་པའི་བདེ་རིག་མིན།། སེམས་ནི་རྫོགས་པའི་ཆར་རྒྱུར་ན།། དབང་པོ་སྒོ་ཡི་ཡུལ་མྱིན། ་ཇི་ལྟར་ལྕགས་ཀྱི་ཕྱོགས་ཅིག་ནི།། རོ་བརྒྱད་ཆེན་པོ་ཡང་དག་གནས།། ལྕགས་ལ་དྲག་པོའི་མེས་གདུགས་ན།། ཀུན་ནས་ཀུན་དུ་འཇིག་པར ་བྱེད། དེ་བཞིན་དུ་ནི་ཕྱོགས་གཅིག་ན།། མི་འགྱུར་བདེ་བ་ཡང་དག་གནས།། སེམས་ནི་འདོད་ཆགས་སེམས་གདུགས་ན།། ཀུན་རྣམས་ཀུན་དུ་འབིགས་པ ་བྱེད།། དེ་ལྟར་ཕུག་པའི་ལྕགས་ལ་ནི།། གང་དུ་ཡང་ནི་དྲི་མ་མེད།། དེ་བཞིན་ཕུག་པའི་སེམས་ལ་ནི།། གང་དུའང་བག་ཆགས་ཡོད་པ་མིན།། གསེར་ཉིད་དུ ་ནི་ལྕགས་ལ་བསྦྱར།། མེའི་དྲི་མ་མེད་པར་འགྱུར།། དེ་བཞིན་སེམས་ནི་ཡང་ནས་ཡང་།། འདོད་ཆགས་མེ་ཡིས་དྲི་མེད་འགྱུར།། ནོར་བུ་ཆེན་པོ་རྡོ་ལ་རེག། ་རབ་ཏུ་གསལ་བར་འགྱུར་བ་ལྟར།། དེ་བཞིན་མི་འགྱུར་བདེས་རེག་ན།། སེམས་ནི་བདེ་བ་ཉིད་དུ་འགྱུར།། འདིར་མང་སྨྲས་པས་ཅི་ཞིག་རྟོགས།། འཇིག་རྟེན་ཀུན ་རྫོབ་བདེན་པ་ལ།། ལྕགས་ལ་ཀུན་དུ་འབིགས་པ་ཡི།། རོ་ཡི་ནུས་མཐུ་བསམ་མི་ཁྱབ།། དོན་དམ་པར་ནི་ཡེ་ཤེས་དངོས།། རྟོགས་པར་ཡང་ནི་ནུས་སམ་ཅི།། ་བློ་བུར་དྲི་མས་གཡོག་པ་ཡི།། སེམས་ལ་ཀུན་ཏུ་འབིགས་པ་ཡིན།། སེམས་ཡུལ་བློ་བུར་དྲི་མ་མེད།། སེམས་ལ་ཡུན་རིངས་དུས་སུའང་མིན།། སེམས་ལས་མ་རྟོག ་པའང་མིན།། སེམས་ལ་ཟད་མེད་གནས་པའང་མིན།། གལ་ཏེ་འདི་ནི་བློ་བུར་ན།། དེ་ཕྱིར་སྔོན་དུ་དྲི་མེད་སེམས།། གལ ་ཏེ་འདི་ནི་ཡུན་རིངས་ན།། དེ་ཕྱིར་དེ་ལ་སྲིད་མི་གང་།། གལ་ཏེ་སེམས་ལས་མེ་ཏོགས་འོངས།། དེ་ལྟར་ན་མཁའི་མེ་ཏོགས་མཚུངས།། གལ་ཏེ་སེམས་ལ་རྟག ་གནས་ན།། དེ་ལ་ཀུན་དུ་ཐར་པ་མིན།། ཇི་ལྟར་ཟངས་མའི་དྲི་མ་ནི།། བཅུད་ཀྱི་སྦྱོར་བས་པར་འགྱུར།། དྲི་མེད་ཀྱིས་ནི་ཡང་དག་གནས།། དེ་ཡིས་དེ་ཉིད་ཉམ ་པ་མེད།། དེ་བཞིན་སེམས་ཀྱི་དྲི་མ་ནི།། སྟོང་ཉིད་སྦྱོར་བས་ཉམས་པར་འགྱུར།། དྲི་མེད་ཀྱིས་ནི་ཡང་དག་གནས།། དེ་ཡིས་ཡེ་ཤེས་ཉམས་པ་མེད།། ཇི ་ལྟར་བཅུད་ཀྱིས་ལྕགས་ཕུག་པ།། ལྕག་ཉིད་དུ་ནི་འགྱུར་བ་མེད།། དེ་བཞིན་བདེ་བས་ཕུག་པའི་སེམས།། སྡུག་བསྔལ་ཉིད་དུ་འགྱུར་མ་ཡིན།། ཚིགས་བྲལ ་ལས་ནི་སྡིག་གཞན་མེད།། བདེ་ལས་བསོད་ནམས་གཞན་པ་མེད།། དེ་བས་མིད་འགྱུར་བ་དེ་སེམས་ཀྱིས།། རྟག་ཏུ་དབུག་བྱ་མི་དབང་ཀྱི།། ཆགས་ལས་མ ་རྟོགས་བདེ་བ་ནི།། གཞོན་ནུ་མ་ཡིས་སྨྲས་ནུས་མིན།། ལང་ཆོས་བདེ་བ་ཐོབ་ནས་སུ།། བདེ་ཆེན་རང་གིས་རིག་པ་སྟེ།། དེ་བཞིན་ཏིང་འཛིན་བྲལ་བ་ཡིས།། ་བདེ་བ་སྨྲ་བར་མི་ནུས་སོ།། ཏིང་ངེ་འཛིན་གྱིས་མི་འགྱུར་ཐོབ།། རྣལ་འབྱོར་པ་རྣམས་རང་གིས་རིག། མི་འགྱུར་ལས་སྐྱེས་ཐེ་ཚོམ་སྟེ།། ཐམས་ཅད་མཁྱེན་པ་མ ་རིག་ཀྱང་།། ཡིད་ལ་བདེ་མིན་ཆགས་བྲལ་བ།། དེ་ལྟར་ནམ་ཡང་མི་བྱའོ།། འཕོ་བ་ལས་ནི་ཆགས་བྲལ་འགྱུར།། ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང་།། ་སྡུག་བསྔལ་ལས་ནི་སྐྱེས་བུ་ཁམས།། ཟད་ལས་འཆི་བ་ཞེས་སུ་བརྗོད།། ཤི་ལས་དེ་རྣམས་སླར་ཡང་སྲིད།། སྲིད་པ་ལས་ནི་སླར་འཆི་འཕོ།། འདི་ལྟར་ཆགས ་བྲལ་བྱུང་བ་ལས།། སེམས་ཅན་གཞན་དུ་སྲིད་པ་མེད།། དེ་བས་འབད་པ་ཐམས་ཅད་ཀྱིས།། འཕོ་བའི་བདེ་བ་སྤང་བར་བྱ།། གང་གི་ས་སྲིད་པའི་འཆིང་བ་ལས།། ་མི་འགྱུར་བ་དེར་འགྱུར་རྣལ་འབྱོར་པས།། འདོད་པའི་སྟན་བཅོས་ཆགས་ཅན་པས།། ཆགས་བྲལ་བར་ནི་མི་འདོད་དོ།། བདག་གིས་བསྟན་པའི་རྒྱུད་ལས་ནི།། ་རྣལ་འབྱོར་པ་ནི་སྡུག་བསྔལ་འདོད།། ས་བོན་མི་འགྱུར་རང་བཞིན་གྱིས།། མཆོད་དུ་མི་འགྱུར་བསྒྲུབ་པར་བྱ།། རྟེན་ནི་འཕོ་བ་ཐོབ་པ་ལ།། རྟེན་བྱེད་ཆགས ་དང་བྲལ་བ་ཉིད།། རྟེན་དང་རྟེན་པའི་འབྲེལ་པ་ནི།། ཇི་སྲིད་མི་འགྱུར་ཉིད་དུ་འགྱུར།། སེམས་ཀྱི་མི་འགྱུར་ཉིད་ཐོབ་ནས།། རྟེན་དང་རྟེན་པའི་འབྲེལ་པ་མེད།། ། ་མི་འགྱུར་བ་ལས་སྐྱེས་པའི་སྐུ།། མཛོད་སྤུའི་འཁོར་ལོར་སོན་པ་ལས།། ཨ་ལི་ཀ་ལིའི་སྦྱོར་བ་ཡིས།། ཧཱུཾ་ཡིག་མི་འདོད ་རྒྱལ་པོ་ཀྱེ།། སྟོང་པ་ལས་བྱུང་གཟུགས་ནི་རྒྱུ། འབྲས་བུ་མི་འགྱུར་ལས་སྐྱེས་བདེ།། འབྲས་བུ་ཡིས་ནི་རྒྱུ་རྒྱས་གདབ།། རྒྱུ་ཡིས་འབྲས་བུ་རྒྱས་གངཔོ། ་སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ།། འབྲས་བུ་སྙིང་རྗེའི་མི་འགྱུར་འཛིན། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། བྱང་ཆུབ་སེམས་སུ་དེ་བརྗོད་དོ།། མྱ་ངན ་འདས་དང་བྲལ་བའི་སེམས།། འཁོར་བ་ལས་མི་འགྱུར་བ།། རྟག་དང་ཆད་ལས་ངེས་པར་གྲོལ།། དེ་ཉིད་སྦྱོར་བ་གཉིས་མེད་གཞན།། དངོས་མེད་ལས་བྱུང ་མཚན་ཉིད་ཕྱིར།། ག་གཟུགས་ལ་དངོས་པོ་མེད་པ་མིན།། དངོས་པོ་ལས་མཚན་ཉིད་ཕྱིར།། མི་འགྱུར་བ་ལ་དངོས་པོ་མེད།། དངོས་དང་དངོས་མེད་ཡང་དག ་སྦྱོར།། རྡོ་རྗེ་རྣལ་འབྱོར་གཉིས་མེད་མཆོག། གཟུགས་དང་གཟུགས་མིན་རྣམ་པར་གྲོལ།། མེ་ལོང་ལ་ནི་ཕྲ་བཞིན་ནོ།། གཟུགས་ནི་སྲིད་པར་མི་འགྲོ་སྟེ།། ་འགྱུར་མེད་མྱ་ངན་འདས་མི་འགྲོ།། ཕན་ཚུན་མཁྱུད་པ་ཞི་བ་ན།། མ་ནིང་གི་ནི་གོ་འཕང་མཆོག། རྒྱུ་ལས་ཤེས་རབ་མ་སྐྱེས་ཏེ།། ཤེས་རབ་རྒྱུ་ལས་འབྲས་བུ ་འབྱུང་རྒྱུ་ལས་ཤེས་རབ་མ་སྐྱེས་ཕྱིར།། ཤེས་རབ་ལས་སྐྱེས་རྒྱུ་སྐྱེས་མིན།། དེ་ཕྱིར་རྒྱུ་སྐྱེས་ཡེ་ཤེས་མིན།། ཤེས་རབ་ཡེ་ཤེས་མི་འགྱུར་ཏེ།། འབྲས། ་དུ་དང་ནི་རྒྱུ་ཡིས་ནི།། ཕན་ཚུན་དུ་ནི་རྒྱས་གདབ་མེད།། གང་ཞིག་རྒྱུ་དང་འབྲས་བུ་ཀུན།། དེ་ནི་རྟེན་ཅིང་འབྲེལ་པ་བྱུང་།། ཕན་ཚུན་དུ་མཁྱུད་པའི་གཟུགས། ་སྐྱེ་བ་མེད་ཅིང་འདས་པ་མེད།། ཤེས་རབ་ཀུན་ནས་མྱ་ངན་འདས།། མཆོག་ཏུ་འགྱུར་བ་མེད་པ་སྐྱེས།། རྒྱུ་དང་འབྲས་བུ་རྣམ་པར་གྲོལ།། ཕན་ཚུན་རྒྱས་ཡིས ་བཏབ་པ་མེད།། མ་སྐྱེས་པ་དང་མ་འགགས་པའི།། ཤེས་བྱ་གང་ཞིག་འདིར་མཐོང་བ།། ཕྱི་ཡི་ཤེས་བྱས་འབྱེད་པའི་ཕྱིར།། རང་གི་སེམས་ལས་དེ་གཞན་མིན།། ་དེ་ཕྱིར་རང་གིས་རང་ལ་ནི།། གར་ཡང་རྒྱས་གདབ་ནུས་མ་ཡིན།། རལ་གྲིའི་སོ་ཡི་རང་ལ་ནི།། རལ་གྲི་ཆེན་པོས་གཅོད་དམ་ཅི།། མོ་གཤམས་བུ་མོར་སྦྱོར་བ ་ཡིས། རྨི་ལམ་བདེ་བར་འགྱུར་བ་ལྟར།། ནམཁའ་ལས་བྱུང་གཟུགས་ཀྱིས་ནི།། བདག་ལ་བསྟེན་པས་དེ་བཞིན་ནོ།། ལྷན་ཅིག་སྐྱེས་པའི་ཤེས་རབ ་བཅས།། འདི་ནི་ཐབས་མིན་ཤེས་རབ་མིན།། ཀུན་ནས་ཀུན་ཏུ་ཡོངས་སུ་རྫོགས།། སྒྲིབ་པ་ཐམས་ཅད་དག་ནི་སྤངས།། ན་མཁའ་ལྟ་བུར་གོས་པ་མེད།། ་ཡུལ་དང་དབང་པོ་སྤངས་པ་ཉིད།། ཀུན་དུ་ཡང་དག་ཀུན་ལ་གནས།། མི་ཆོད་མི་ཕྱེད་སྤངས་པ་ཉིད།། འདི་ནི་རང་བྱུང་རྡོ་རྗེ ་སེམས།། དོན་ཆེན་མཆོག་ཏུ་མི་འགྱུར་བ།། འདོད་ཆགས་ཆེན་པོ་སེམས་དཔའ་ཆེ།། སེམས་ཅན་ཐམས་ཅད་དགའ་བར་མཛད།། བྱང་ཆུབ་སེམས་དཔའ ་ཞེས་སྡང་ཆེ།། ཉོན་མོངས་ཟད་མཛད་དགྲ་ཆེན་པོ།། དམ་ཚིག་སེམས་དཔའ་གཏི་མུག་ཆེ།། གཏི་མུག་བློ་སྟེ་གཏི་མུག་སེལ།། རྡོ་རྗེ་རྣལ་འབྱོར་ཁྲོ་བོ་ཆེ།། ་ལྷ་མིན་ཁྲོ་བོ་དགྲ་ཆེན་པོ།། དུས་ཀྱི་འཁོར་ལོ་ཆགས་པ་ཆེ།། འཕོ་བའི་ཆགས་པ་སེལ་བར་མཛད།། དོན་ཆེན་བཅོམ་ལྡན་འདས་ཀྱིས་འདིར།། རྡོ་རྗེ་མི་ཕྱེད ་ཞེས་སུ་གསུངས།། སེམས་དཔའ་སྲིད་པ་གསུམ་གཅིག་པ།། མཆོག་ཏུ་མི་འགྱུར་དག་དུ་བརྗོད།། མཆོག་ཏུ་མི་འགྱུར་བ་དེས་གང་བ།། ས་རྣམས་ཀྱིས། ་ནི་ཡོངས་རྫོགས་ཉིད།། འདོད་ཆགས་ཆེན་པོ་སེམས་དཔའ་ཆེ།། སེམས་ཅན་ཐམས་ཅད་དགའ་བར་མཛད།། སེམས་དཔའ་བྱང་ཆུབ་རྣམ་པར་གནས།། དེ ་ཕྱིར་མི་གཡོ་བྱང་ཆུབ་སེམས།། ཉོན་མོངས་ལ་སོགས་ཞེ་སྡང་ཚོགས།། ཞེ་སྡང་ཆེན་པོ་དགྲ་ཆེན་པོ།། དམ་ཚིག་ཟླ་བའི་བདུད་རྩི་དཀར།། འཕོ་མེད་དེ་ནི་ཟ ་བའོ།། རིག་པ་འདིས་ན་དམ་ཚིག་སེམས།། གཏི་མུག་བློ་སྟེ་གཏི་མུག་སེལ།། ཤེས་རབ་སྐུ་དང་མི་འགྱུར་བཅས།། རྡོ་རྗེ་ཐམས་ཅད་གཅིག་པ ་ཉིད། ཁྲོ་བོའི་གཟུགས་ཅན་བདུད་རྣམས་ལ།། ཁྲོ་བོ་ཆེན་པོ་དགྲ་ཆེན་པོ།། མི་འགྱུར་ཆེན་པོ་བདེ་ཐབས་ཀྱིས།། ནམ་ཡང་སེམས་ཅན་དོན་མི ་འདོར། སེམས་ཅན་གྲོལ་རྣམས་སེར་སྣ་ཆེ།། འགྱུར་བའི་སེར་སྣ་སེལ་བར་མཛད།། མི་འགྱུར་ཡེ་ཤེས་ཚོར་བ་འདི།། རྣམ་པ་དྲུག་པོ་དག་ཏུ་བརྗོད།། ་རྣམ་ཤེས་གཟུགས་དང་འདུ་བྱེད་དང་།། འདུ་ཤེས་ཕུང་པོའི་རིགས་དེ་རྣམས།། ཡེ་ཤེས་མེ་དང་ན་མཁའ་ས།། རིམ་པ་ཇི་བཞིན་རླུང་དང་ཆུ། ་ཡིད་དང་མིག་དང་རྣ་བ་ལུས།། སྣ་དང་ལྕེ་ནི་དེ་བཞིན་ནོ།། སྒྲ་དང་རོ་དང་ཆོས་ཀྱི་དབྱིངས།། དྲི་དང་རེག་པ་གཟུགས་དག་སྟེ།། རིགས་དྲུག་པོ་ནི་ཡོངས ་སུ་དག། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས།། ལུས་དང་གསང་བའི་དབང་པོ་སེམས།། དཀྱིལ་འཁོར་རྣམས་གསུམ་རྟག་པར་ནི།། ཐབས་ཤེས ་རྡོ་རྗེ་གསུམ་རྣམས་ཀྱི། རྡོ་རྗེ་སེམས་དཔའ་ཉིད་འདྲེན་ཏོ།། མཆོག་ཏུ་མི་འགྱུར་བསྒྲུབ་པ་སྟེ།། རྩ་དང་རིགས་སུ་ཡང་དག་ལྡན།། མདོར ་བསྡུས་བཤད་པའོ།། ཟླ་བཟང་ཀྱེ།། འཇིག་རྟེན་གྱི་ཁམས་ཀྱི་ལེའུ་ལ་སོགས་པ་ལས།། ལེའུ་ལྔ་པ་མཆོག་ཏུ་མི་འགྱུར་བའི ་དབང་གིས་བསྒྲུབ་པ་མདོར་བསྡུས་པའི་ལེའུ་ཞེས་བྱ་བ་རྫོགས་སྷོ།། ། རྒྱ་གར་གྱི་པཎྜི་ཏ་ཟླ་བ་མགོན་པོ་དང་། ་བོད་ཀྱི་ལོཙྪ་བ་དགེ་སློང་ཤེས་རབ་གྲགས་ཀྱིས་སྒྱུར་ནས་གཏན་ལ་ཕབ་པའོ།། ། སྲད་ནས་པནཱི་ཏ་མཁས་པ་ཆེན་པོ་ས་མནྟ་ཤྲིའི་ཞལ་མངའ་ནས། ་ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱིས་ཞུ་ཆེན་ལེགས་པར་བགྱིས་པའོ།། ཡང་ཕྱིས་པུཥྤེ་ཤྲཱི་དེ་ཤནྡྲས་རྒྱ་དཔེ་ལ་བཏུགས་ཤིང་འགྲེལ་པ་དང་བཏུན་ནས་ཆད་པ་བསབས་ཟུར ་ཉམས་པ་རྣམས་བསོས་ཏེ་དག་པར་བྱས་པའོ།། ། ་