CLOSE WINDOW

F308: 'phags pa yul 'khor skyong gis zhus pa zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་རཱསྟྲ་པ་ལ་ན་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས ་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་སཾ་ལ་བཙུགས་ཏེ། བཅོམ་ལྡན་འདས ་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་འདི་ནབ་པར་བགྱིད་པའི་སེམས་ཅན་གང་ལགས་པ་དེ་དག་ཇི་ལྟ་བུ་དག་ལགས། དེ་སྐད་ཅེས་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡུལ་འཁོར་སྐྱོང་གནས་འདི་གཉིས་ནི། བཅོམ་ལྡན་འདས་ཀྱིས་གསུང ་པ་སྟེ། གཉིས་གང་ཞེ་ན། དགེ་སློང་གི་གནས་དང་། ལྷོད་པའི་གནས་སོ།། དེ་ལ་དགེ་སློང་གི་གནས་ནི་ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གང་ཡིན་པའོ།། ་ཡུལ་འན@ལྷོད་པའི་གནས་ནི་ཚུལ་ཁྲིམས་འཆལ་པའི་ཕྱོགས་གང་ཡིན་པའོ།། ཡུལ་འཁོར་སྐྱོང་དེ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པའི ་དགེ་སློང་གིས་ནི་གནས་གཉིས་ལ་བསླབ་པར་བྱའོ།། གཉིས་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོས་ཀྱང་ཤིན་ཏུ་བསྲུང་བར་བྱ་བ་དང་། བདག་ཉིད་ལ་ངེས་པར་བསམ ་བར་བྱའི། ཕ་རོལ་ལ་ངེས་པར་བསམ་པར་མི་བྱའོ།། དེ་ལ་ཇི་ལྟར་བདག་ཉིད་ལ་ངེས་པར་བསམ་པར་བྱའི། ཕ་རོལ་ལ་ངེས་པར་བསམ་པར་མི་བྱ་ཞེ་ན། དེས་འདི ་ལྟར་བརྟག་པར་བྱ་སྟེ། ཅི་བདག་རང་གི་སྡུག་བསྔལ་གྱི་ཕུང་པོ་ཟད་པར་བྱེད་འདོད་པ་ཡིན་ནམ། འོན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱ་བར་འདོད་པ་ཡིན་སྙམ་དུ་བརྟག་པར་བྱའོ།། གལ་ཏེ་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ཞིག་ཡིན་ན་ནི། དེས་ཉན་ཐོས་ཀྱི་བསླབ ་པ་ཁོ་ན་ལ་བསླབ་པར་བྱ་སྟེ། སོ་སོར་ཐར་པའི་སྡོམ་པས་བསྡམས་པར་བྱའོ།། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་བྱའོ།། ཁ་ན་མ་ཐོ་བ་ཕྲ་རབ་ཙམ ་དག་ལ་ཡང་འཇིགས་པར་ལྟ་བས་ཡང་དག་པར་བླངས་ཏེ། བསླབ་པར་བྱའོ།། བསླབ་པའི་གཞི་རྣམས་ལ་ཡང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི ་ལས་ཡོངས་སུ་དག་པར་བྱའོ།། འཚེ་བ་ཡོངས་སུ་དག་པ་དང་། སྨད་དུ་མེད་པར་ཡང་བྱའོ།། བརྐམ་པ་མེད་ཅིང་རོ་རྣམས་ལ་ཆུམས་པ་མེད་པ་དང་། ཆོས་གོས ་ལ་ཆོད་ཟིན་པར་ཡང་བྱའོ།། ལྷུང་བཟེད་ལ་ཚོད་ཟིན་པར་ཡང་བྱའོ།། དེས་ཁ་ཟས་ཡོག་ཙམ་གྱི་བཟའ་བར་ཡང་མི་བྱ་སྟེ། ལྟོ་མ་བཀྲེས་ཙམ་དུ་ཁ་ཟས་བསྲུང་། ་བར་དེས་བསླབ་པར་བྱའོ།། དེས་ཁ་ཟས་ལ་རྟག་ཏུ་རྒྱུ་མི་འཆད་པར་མི་གཙང་བའི་འདུ་ཤེས་བསྐྱེད་པར་བྱ་སྟེ། འདི་ལྟ་སྟེ་ཕྱི་ས་དང་གཅིན་གྱི་འདུ་ཤེས་དང་། ་རྣག་གི་འདུ་ཤེས་དང་། སྐྱུགས་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། མ་བརྐུ་བ་ལྟ་བུའི་འདུ་ཤེས་དང་། སྨད་པར་འདུ་ཤེས་པ་དང་། མི་མཐུན་པའི ་འདུ་ཤེས་དང་། བུའི་ཤ་ལྟ་བུའི་འདུ་ཤེས་དང་། དོར་བའི་འདུ་ཤེས་དང་། སྤང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། དེས་དེ་ལྟ་བུའི ་ཚུལ་དུ་བཟའ་ཞིང་ཚོད་རིག་པར་བྱའོ།། དེས་ཆགས་པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པ་དང་། རྟག་ཏུ་དབེན་པ་ལ་མངོན་པར་དགའ་བར་བྱ་སྟེ། ་བྲེ་མོའོ་གཏམ་ལ་དགའ་བར་མི་བྱའོ།། རི་དགས་འཆི་བ་ལྟ་བུར་དང་དུ་བླང་བར་བྱའོ།། དབེན་པར་བྱའོ་དབེན་པ་ལ་མངོན་པར་དགའ་བར་བྱའོ།། དབེན་པ་ལ ་མངོན་པར་དགའ་ཞིང་མོས་པ་དང་། བཟོད་པ་དང་ལྡན་པར་བྱའོ།། དེས་པ་དང་འགྲོགས་ན་བདེ་བར་བྱའོ།། འཇིག་རྟེན་གྱི་གཏམ་ལ་མི་བརྟེན་པར་བྱའོ།། ཆོ ་གི་སྤྱོད་པ་སྤང་བར་བྱའོ།། སྨན་སྤྱད་ལ་དགལ་བ་དང་། འཕྲིན་པ་ལ་དགའ་བ་དང་། ཁྱིམ་གྱི་བྱ་བ་དང་འབྲེལ་བར་མི་བྱའོ།། འདུག་པ་དང་འགྲེང་བ་དང་། ་@འཆག་པ་དང་ཉལ་བ་ལ་མཁས་པར་བྱའོ།། རབ་ཏུ་དབེན་པ་དང་དགོན་པར་དགའ་བ་དང་། ཞི་བའི་གནས་མལ་སྒྲ་ཆུང་བ་སྐད་ཆུང ་བ་འཇིགས་པ་ཡིད་ལ་བྱེད་པ་མེད་པ། སྡིག་སྦྲུལ་མེད་པ། མི་མང་པོ་མེད་པ། མིས་དབེན་པ་ནང་དུ་ཡང་དག་འཇོག་པ་དང་དགོན་པ་བསྟེན་པར་བྱའོ།། བདག ་བསྟོད་པར་མི་བྱ་གཞན་སྨད་པར་མི་བྱའོ།། ཚུལ་འཆོས་པ་དང་ཁ་བསག་མི་བྱའོ།། རྟག་ཏུ་རྒྱུན་མི་ཆེད་པར་སྐྱེ་བའི་སེམས་བསྐྱེད་པར་བྱའོ།། དེས་ཁྱིམ ་པ་དང་རབ་ཏུ་བྱུང་བ་རྣམས་དང་འདྲ་ཞིང་འདྲིས་པར་མི་བྱའོ།། སྟོང་པའི་ཆོས་རྣམས་ཀུན་ཏུ་བསྟེན་པར་བྱ། བསྒོམ་པར་བྱ། མང་དུ་བྱའོ།། དེས་རིགས་པ ་དང་མི་ལྡན་པའི་དགེ་སློང་དང་། ལྷན་ཅིག་ཕྲད་པ་སྤང་བར་བྱའོ།། དགེ་སློང་མ་དང་འདྲིས་པར་མི་བྱའོ།། འདོད་པ་ཆུང་བར་ཡང་བྱའོ།། རྟག་ཏུ་བདག་ཉིད་ཀྱི ་འཁྲུལ་པ་རྣམས་ལ་སོ་སོར་བརྟག་པར་བྱའི། གཞན་གྱི་འཁྲུལ་པ་རྣམས་ལ་བརྟག་པར་མི་བྱའོ།། ཕ་མ་ལ་ཡང་ཡིད་བརྟན་པར་མི་བྱ་ན། རིགས་གཞན་ལ ་ལྟ་ཅི་སྨོས། ཤིན་དུ་ཡང་དག་པར་བསྡམས་པ་ཅན་དུ་བྱའོ།། ཉེ་བར་ཞི་བའི་ཆོས་ཀྱི་སྦྱིན་བདག་བྱའོ།། དམིགས་པ་ལ་མཁས་པར་བྱའོ།། དབེན་པའི ་གནས་མལ་དུ་གནས་པར་བྱའོ།། འཐུན་པ་ཡང་གཞན་དག་ལ་སྨྲ་བར་མི་མཐུན་པ་ལ་ཅི་སྤོས། དེས་ཆོས་དེ་དག་ལ་སེམས་ཉེ་བར་གནས་པར་བྱས་ནས ་ཆོས་ཟབ་མོ་རྣམས་ལ་སོ་སོར་རྟོག་པར་བྱའོ།། ཆོས་ཟབ་མོ་རྣམས་ལ་བརྟག་པར་བྱ་བ་དེ་དག་ཀྱང་གང་ཞེ་ན། མིག་མི་རྟག་གོ་སྙམ་དུ་སོ་སོར་བརྟག་པར་བྱའོ།། ་དེའི་སྐྱེ་བ་དང་འཇིག་པ་ལ་ཡང་སོ་སོར་བརྟག་པར་བྱའོ།། དེ་ལ་སྐྱེ་བ་དང་འཇིག་པ་ལ་སོ་སོར་རྟོག་པ་གང་ཡིན་པ་དེ་ནི་མེད་པ་ལ་སོ་སོར་རྟོག་པའོ།། དེ་ཅིའི་ཕྱིར་ཞེ་ན། ་མིག་ཅེས་བྱ་བ་ནི་མེད་པའི་ཕྱིར་རོ།། མིག་དང་གཟུགས་དང་། མིག་གི་རྣམ་པར་ཤེས་པ་ནི་དམིགས་པ་མ་ཡིན་གྱི། མེད་པ་དམིགས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ ་ན། ཆོས་ཐམས་ཅད་ནི་མི་གནས་པའི་ཕྱིར་རོ།། དེས་རྣ་བའི་རྟེན་བསམ་པར་མི་བྱའོ།། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྟེན་བསམ་པར་མི་བྱའོ།། ་ཅི་ཡང་རུང་བའི་རྟེན་བསམ་པར་མི་བྱའོ།། དེ་ལྟར་བྱས་ན་ཅི་ཞིག་བསམ་པ་ཡིན། དེ་བཞིན་དུ་ཆོས་རྣམས་སྟོང་པར་ཡང་བརྩོན་པར་བྱའོ།། དེ་ལྟར་བརྩོན་པ ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ།། ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ ་འཐོབ་པར་འགྱུར་རོ།། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན ་མེད་པ་ནི་དང་པོའི་ཉན་ཐོས་ཀྱི་ཡིན་ཏེ། དེ་དག་གིས་རབ་པ་ཟད་པ་ཐོབ་པར་འགྱུར་རོ།། དེ་ལ་དགེ་སློང་ལྟར་བཅོས་པ་གང་ཞེ་ན། ཡུལ་འཁོར་སྐྱོང་འདི་ན་དགེ ་རྒྱསློང་བདག་ཉིད་ལ་ངའོ་སྙམ་དུ་འཛིན་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་རྫོགས་པ་དང་ལྡན་པ་ཡིན། ཆོས་གོས་གཅེས་པར ་འཛིན་པ་ཡིན། ལྷུང་བཟེད་གཅེས་པར་འཛིན་པ་ཡིན། ཟང་ཟིང་གཅེས་པར་འཛིན་པ་ཡིན་ཏེ། དེ་ནི་མི་སྨྲ་བ་སྤངས་ནས་ངན་སོང་དུ་འགྱུར་བའི་མལ་ཆ་དང་། སྟན ་དང་འགྲོན་དུ་གཉེར་བ་ཆེན་པོ་རྣམས་བདག་གིར་བྱེད། བུད་མེད་དང་འདྲིས་པར་བྱེད། དགེ་སློང་མ་དང་འདྲིས་པར་བྱེད། རྒྱལ་པོས་བཀྲབས་པ་དང་འདྲིས་པར ་བྱེད། དེས་འདྲིས་པར་གྱུར་ན། རྒྱུན་མི་འཆད་པར་མིག་གིས་གཟུགས་རྣམས་ལ་ངེས་པར་སེམས་སོ།། དེས་དེ་ལྟར་སེམས་བསྐྱེད་ནས་ཀུན་ནས་ཉོན་མོངས་པར ་འགྱུར་རོ།། ཀུན་ནས་ཉོན་མོངས་པའི་སེམས་དང་ལྡན་ན་གནས་འདི་ལྟ་བུ་ཡོད་དེ། ཉེས་པ་ལྕི་བ་དེ་བྱེད་པ་འམ། ཡང་ན་ཆུང་ངུ་བྱེད་ཅིང་འདས་པར་འགྱུར་ཏེ། ་ཡུལ་འཁོར་སྐྱོང་འདི་ནི་དགེ་སློང་ལྟར་བཅོས་པ་ཡིན་ཞེ་ན། དགེ་སློང་ལྟར་གཙེས་པ་དེ་དེ་བཞིན་གཤེགས་པས་མལ་ཆ་དང་། སྟན་གནང་བ་ཐ་མལ་པ་གང་ལ ་དགེ་སློང་གནས་པའི་མལ་ཆ་དང་། སྟན་གང་ཡིན་པ་མི་རྐུན་པོ་དེས་སྤངས་ནས་ཆོས་གོས་ལ་ཞེན་ཅིང་ཟང་ཟིང་ལ་ཞེན་ནས། བུད་མེད་དང་འདྲིས་པར་བྱེད་ཅིང ་ཁྱིམ་པ་དང་འདྲིས་པར་བྱེད་ན། འདྲིས་པར་གྱུར་པའི་མི་བླུན་པོ་དེ་དག་ལ་དགེ་སྦྱོང་གི་ཚུལ་ལྟ་ག་ལ་ཡོད་དེ། དེའི་སྟེང་དུ་ཆོས་ཟབ་མོ་རྣམས་ལ་ཡང་སུན་འབྱིན་ཅིང་། ་བཤེ་བར་བྱེད་ལ། དེས་ཐོས་སུ་ཟིན་ཀྱང་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།། དགོན་པའི་བསྔགས་པ་མ་ཡིན་པ་ཡང་བརྗོད་པར་བྱེད་དོ།། གང་ལ་དེའི་སེམས་མངོ།། ་པར་དགའ་བའི་འདོད་པ་རྣམས་འབའ་ཤིག་གི་བསྔགས་པ་བརྗོད་པར་བྱེད་ཅིང་། གང་ལ་དེའི་སེམས་མངོན་པར་དགའ་བའི་བྲེ་མོའི་གཏམ་འབའ་ཞིག་གི་བསྔགས་པ་བརྗོད ་པར་བྱེད་ལ། དགེ་སློང་གི་གནས་གང་ཡང་རུང་བ་དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།། གང་ལས་དེ་བཞིན་གཤེགས་པའི་མདོའི་ཚིག་ཁྱིམ་ན་གནས་པ་དང་། ་རབ་ཏུ་བྱུང་བ་རྣམས་འད་འཛིར་མི་འགྱུར་བར་བྱའོ་ཞེས་གསུངས་པའི་མདོ་ཚིག་དེ་བོར་ནས། དགེ་སློང་གི་ཚུལ་མི་འདོད་ཅིང་དགེ་སློང་གི་དངོས་པོ་མི་འདོད་དེ། གཅིག་པུ ་འདུག་ཅིང་བུད་མེད་ལ་ཆོས་འཆད་པར་བྱེད་ལ། གཞན་དག་ལ་ཡང་དེ་ལྟ་བུའི་གཞི་རྣམས་སུ་ལུང་འབོག་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི། དེ་བཞིན་གཤེགས ་པས་ཆོས་ཀྱི་ཚེམ་རྐམ་པོར་གསུངས་ཏེ། སོ་སོར་ཐར་པ་སྤངས་ནས་གཅིག་པུར་འདུག་ཅིང་བུད་མེད་ལ་ཆོས་འཆད་པའི་ཕྱིར་རོ།། མི་བླུན་པོ་དེ་དག་ནི་བཅོས་མ་སྟེ། ་མགོ་བྲེགས་པས་བཅོས་པ་དང་། གོས་ངུར་སྨྲིག་གྱོན་པས་བཅོས་པའོ།། རྒྱུ་གང་གིས་བཅོས་པ་ཡིན་པར་ཤེས་པར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱིས་སྤད་པ་གང་ཡིན་པ་མི་བླུན་པོ་དེ་དག་གིས་གནང་བར་བྱེད་དེ། ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད། རང་གི་ལག་གིས་ལེན་པར་བྱེད། ་@#མ་བརྟགས་པ་ལ་ལོངས་སྤྱོད་པར་བྱེད། རང་ཉིད་གཡོས་དང་འཚེད་པའི་ལས་བྱེད། གསེར་དང་དངུལ་བདག་གིར་བྱེད། ཁྲེ་རྒོད་དང་། ་འབྲུ་ལ་སོགས་པ་སོག་པར་བྱེད། ཁྱིམ་གྱི་གཞི་དང་ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་ཉོ་ཚོང་བྱེད་ཅིང་ཚལ་ཟའི་འཚོ་བ་སྤོང་བར་བྱེད། ཁྱིམ་གྱི་གཞི་དང ་ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་ལེན་པར་བྱེད།། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་ཤིང་སོ་སོར་ཐར་པ་ལ་མ་དད་ནས། དེ་ལ་གཞོལ ་དེ་ལས་འབབ། དེ་ལ་བབ་སྟེ་བདེན་པར་འཛིན། དེར་སྤྱོད་ལམ་བྱེད། དགེ་སྦྱོང་དུ་འདྲ་བར་འཛིན་ཅིང་། གང་ན་སྐྱེ་བོ་མང་པོ་ཡོད་པ་དེར། གཅེར་བུ་པ་དང ་མཚུངས་པར་སྟོན་པར་བྱེད། གང་ཟག་ཏུ་ལྟ་བ་ལ་བསྔགས་པར་བྱེད། གང་ཟག་ཏུ་ལྟ་བ་དང་། གཅེར་བུ་པ་དང་མཚུངས་པར་སྟོན་པས། སྐྱེ་བོ་མང་པོ་འཛུད ་པར་བྱེད་ཅིང་དགོད་པར་བྱེད། སངས་རྒྱས་ཀྱི་སྤྱོད་ཡུལ་དེ་བཞིན་གཤེགས་པའི་གནས་པ་སྟོང་པ་ཉིད་ལ་དམིགས་ནས་སུན་འབྱིན་པར་བྱེད། བཤེ་བར་བྱེད་པར ་ཤེས་པར་བྱའོ།། ཡུལ་འཁོར་སྐྱོང་དེ་ལྟ་བུའི་སེམས་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཁྱིམ་པ་ཡང་མ་ཡིན་དགེ་སྦྱོང་ཡང་མ་ཡིན་ཏེ། དེ་དག་གིས་ནི་དེ ་བཞིན་གཤེགས་པའི་བསྟན་པ་འདི་ནུབ་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱི་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། དགེ་སློང་ཚུལ་ཁྲིམས ་རྣམས་ལ་བསྡམས།། ཞི་ཞིང་ཞི་བའི་གནས་ལ་དགའ།། སོ་སོར་ཐར་ལ་སློབ་བྱེད་ལ།། དེ་དག་དགེ་སློང་བྲམ་ཟེ་ཡིན།། ཆོས་རྣམས་གཙོ་བོས་བླངས་ནས ་ནི།། ཅི་ཡང་མེད་པའི་དགེ་སློང་བ།། བས་མཐའ་དགོན་པ་རྣམས་སུ་དགའ།། དེ་དག་དགེ་སློང་བྲམ་ཟེ་ཡིན།། དེ་དག་བྲེ་མོའི་གཏམ་མི་དགའ།། སོ་སོར་ཐར ་རྣམས་ལེགས་པར་བསླབས།། གང་ཟག་མཆོག་ལ་ཉིན་མཚན་དུ།། བཀུར་སྟི་ཆེན་པོ་བྱེད་པ་ཡིན།། ཞིང་ཡང་མི་རྨེད་ཚོང་མི་བྱེད།། ལྷུང་བཟེད་ཆོས་གོས ་རྙེད་མི་ཚོལ།། ལེན་པ་མེད་པར་བརྩོན་པ་གང་།། དེ་དག་སངས་རྒྱས་ཉན་ཐོས་ཡིན།། དེ་དག་བུད་མེད་བསྟེན་མི་བྱེད།། བུད་མེད་རྣམས་དང་འདུ་བ་མེད།། ་ཤིང་དྲུང་རྣམས་ནི་བསྔགས་པར་བྱེད།། དེ་དག་སངས་རྒྱས་ཉན་ཐོས་ཡིན།། ཟས་སྐོམ་དང་ནི་དོན་གྱི་ཕྱིར།། གཙམ་གསག་དག་ཀྱང་ཡོང་མི་བྱེད།། དེ་འདྲར ་གྱུར་པ་དེ་དག་ནི།། དགེ་སློང་མ་ལ་བརྟེན་མི་བྱེད།། མཚོན་རྣོན་ཇི་ལྟར་བདར་བ་བཞིན།། བུད་མེད་རྣམས་ནི་དེ་འདྲར་ཤེས།། སོ་སོར་ཐར་ལས་བྱུང་བ་བཞིན།། ་བུད་མེད་འདུ་ཤེས་སྤོང་བར་བྱེད།། ངེས་པ་དེ་དག་ཟས་ཕྱིར་དང་།། སྐོམ་གྱི་ཕྱིར་དང་གོས་ཀྱི་ཕྱིར།། ཁྱིམ་ཁྱིམ་དག་ཏུ་འགྲོ་བྱེད་ཅིང་།། ཆོས་རྣམས་སྟོན་པར ་མི་བྱེད་དོ།། དགེ་སློང་རྣམས་ཀྱིས་བུད་མེད་རྣམས།། ལྟ་བར་མི་བྱ་རྫོགས་སངས་གསུངས།། དེ་ལ་ཤེས་ལྡན་སུ་ཞིག་སྟོན།། དེ་ནི་བདུད་ཀྱི་སྤྱོད་ཡུལ་ཡིན། ་@#དེ་དག་གིས་ནི་མེད་པར་སྨྲ།། རོ་དང་ཉལ་བ་བཞིན་དུ་ཉལ།། དེ་ཕྱིར་སངས་རྒྱས་ཐམས་ཅད་མཁྱེན།། འདི་འཇི་བསྔགས་པར་མི་མཛད ་དོ།། ཆོས་རྣམས་སྲོག་མེད་གསོ་བ་མེད།། གསོག་དང་གསོབ་དང་སྙིང་པོ་མེད།། སྟོང་པ་ཉིད་ལ་མོས་བྱེད་པ།། དེ་ནི་དགེ་སློང་ཆོས་ཉིད་དོ།། རྟག་ཏུ་བརྩོན་འགྲུས ་ཕུན་སུམ་ཚོགས།། གཅིག་པུ་དགོན་པར་གནས་བྱེད་དང་།། འཇིག་རྟེན་ན་ནི་བརྟན་མེད་སེམས།། དེ་ནི་དགེ་སློང་ཆོས་ཉིད་དོ།། སེང་གེ་བཞིན་དུ་འཇིགས་པ་མེད།། ་ཚངས་པར་སྤྱོད་ལ་གཞོལ་བར་བྱེད།། སྡུག་བསྔལ་ཀུན་ལས་ཐར་པའི་ཕྱིར།། ཤེས་རབ་ལྡན་པས་ལམ་ལ་སྒོམ།། མིག་དང་གཟུགས་ནི་ཚོལ་བ་ན།། དེ་དག་གི་ནི ་རྣམ་ཤེས་རྙེད།། དངོས་པོ་དེ་དག་ཚོལ་བ་ན།། བཙལ་བ་གང་ཡིན་མི་རྙེད་དོ།། སྔོན་ཡང་མི་འབྱུང་ཕྱིས་མི་འབྱུང་།། དབུས་ནའང་ཡོད་པ་མ་ཡིན་ཏེ།། དེ་ལྟ་བུ་ཡི ་དོན་གྱིས་ན།། ཆོས་ཀུན་མཉམ་པ་ཉིད་ཀྱི་ཕྱིར།། ངེས་པ་དེ་དག་ཟས་ཕྱིར་དང་།། སྐོམ་གྱི་ཕྱིར་དང་གོས་ཀྱི་ཕྱིར།། ཁྱིམ་ཁྱིམ་དག་ཏུ་འགྲོ་བྱེད་ཅིང་།། ཆོས ་རྣམས་སྟོན་པར་མི་བྱེད་དོ།། རྒྱུ་མེད་དེས་པ་བཟང་པོ་ཡིན།། དེ་དག་སངས་རྒྱས་བསླབ་པ་རྣམས།། འདའ་ཞིང་འཇིག་པ་མི་བྱེད་དེ།། བརྟུལ་བཟང་སྟོང ་ཉིད་སྐྲག་པ་མེད།། འཇིགས་པ་མེད་པར་འཇུག་པར་བྱེད།། ལྟ་བ་མི་བཟང་འཇིག་མི་བྱེད།། སེམས་ཅན་གང་ཟག་དངོས་མི་འཇིག། དཀར་པོའི་ཆོས་རྣམས ་ཐམས་ཅད་ལ།། ཤིན་ཏུ་བརྟན་པར་གནས་པ་ཡིན།། བརྟན་པོ་དེ་དག་འཇིག་རྟེན་ན།། མྱ་ངན་འདས་པའང་རེག་གྱུར་ནས།། མཆོད་པའི་གནས་སུ་འོས་པར་འགྱུར། ་གང་དག་ཤེས་རབ་འཆལ་པ་དང་།། ལེ་ལོ་ཅན་དང་དམན་ལ་བརྩོན།། ཟོས་པ་ཉུང་དང་སྡིག་པ་འདོད།། ང་རྒྱལ་ཐ་བ་ཁྲོ་བྱུང་གནས།། མགོ་ལ་སྤུ་གྲི་རྟེན་བྱེད ་ཅིང་།། ཤིང་གི་ཁ་བསྒྱུར་ཆོས་གོས་གྱོན།། སྟོང་པ་ཉིད་ནི་དོན་མེད་པ།། དེ་ནི་མཁས་པ་བསྒོམ་མི་བྱེད།། ཆོས་ལ་སུན་འབྱིན་ཐེག་ཆེན་གྱི།། བསྔགས་པ་མ ་ཡིན་བརྗོད་པར་བྱེད།། གང་ཞིག་ཆོས་འདི་སྟོན་པ་རྣམས།། ཇི་ལྟར་བསྟེན་པ་དེ་བཞིན་དུ།། ནག་པོའི་ཕྱོགས་ལ་ཀུན་དུ་ཆགས།། དེ་ནི་ངན་འགྲོར་འགྲོ་བར་འགྱུར། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན ་དང་། དྲི་ཟར་བཅས་པའི་འཇིག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཡུལ ་འཁོར་སྐྱོང་གིས་ཞེས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། བཀྲིས། ་