CLOSE WINDOW

F204: 'phags pa mar me dbul ba zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བུ་མོས་སྨྲས་པ་བཙུན་པ་ཤ་ར་དྭ་ཏིའི་བུ་བདག་ཀྱང་སུག་པ་ན་མཁའ་ལས་འདེག་ཅིང་ན་མཁའ་ཉིད་ལ་འཇོག་པར་བགྱིད་དེ་ན་མཁའི་ཁམས་ལ་ནིཿ ་དད་པ་ཅུང་ཟད་ཀྱང་མ་མཆིས་པས། བཙུན་པ་ཤ་ར་དདྭ་ཏིའི་བུ་བདག་གིས་འདི་སྐད་དུ་ཁྱོད་གང་དུ་བཞུད་པ་དེ་ཉིད་དེ་བདག་ཀྱང་མཆི་ལག་སོ་ཞེས་སྨྲས་སོ།། བཙུན་པ་ཤ་ར་དྭ་ཏིའི ་བུ་ཁྱོད་གང་ན་གཤེགས། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁོ་བོ་ནི་མྱ་ངན་ལས་འདས་པར་འགྲོའོ།། བུ་མོ་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་མྱ་ངན་ལས་འདས་པར ་མཆི་བ་ལགས་པས། བདག་ཀྱང་དེར་མཆི་བ་ལགས་སམ། ཤ་ར་དྭ་ཏིའི་བུ་སྨྲས་པ། བུ་མོ་གལ་ཏེ་ཆོས་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་འགྲོ་བ་ཡིན་ན། འོན ་ཁྱོད་ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྲོ།། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཡོངས་སུ་མྱ་ངན་ལས་འདས་པར་ཕྱིན་པ་ནི་ཡོངས་སུ་མྱ་ངན་འདས་ཞིང་། ་ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་ལ་ནི་སྐྱེ་བ་དང་། འཇིག་པ་མ་མཆིས། ཡོངས་སུ་མྱ་ངན་ལས་འདས་པར་མཚོ་བ་ལ་མ་གཏོགས་པར་ཡང་གང་ཡོངས་སུ་མྱ་ངན་ལས་འདའ་བར ་འགྱུར་བ་འགའ་ཡང་མ་མཆིས་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་ལགས་པའི་སླད་དུའོ།། དེ་སྐད་ཅེས་སྨྲས་པ། ་དང་། ཚེ་དང་ལྡན་པ་ཤ་ར་ད་ཏིའི་བུས་བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་འོ་ན་ཅི་ཁྱོད་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཡིན། འོན་ཏེ་རང་སངས་རྒྱས་ཀྱི་ཐེག ་པ་གང་ལ་ཡང་དག་པར་ཞུགས་པ་ཡིན་ནམ། འོན་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནམ། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་འདི་སྐད་དུ་ཁྱོད་ཐེག་པ་གང་ལ་ཡང ་དག་པར་ཞུགས་ཡིན། ཞེས་གསུང་བ་ནི། བཙུན་པ་ཤ་ར་དྭ་ཏིའི་བུ་དེའི་སླད་དུ་ཁྱོད་ཉིད་ལ་ཞུ་ཡིས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་གདབ་དུ་གསོལ། བཙུན་པ་ཤ་ར་ད་ཏིའི་བུ་ཁྱོད་ཀྱིས ་རྟོགས་པའི་ཆོས་གང་ལགས་པའི་ཆོས་དེ་ཅི་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞིག་ལགས་སམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཤིག ་ལགས་སམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞིག་ལགས་སམ། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ལ་ནི་རྣམ་པར་རྟགས་པ ་འམ་སྤྲོས་པ་འགའ་ཡང་མེད་ལ། ཐ་དད་པ་ཉིད་ཀྱང་མ་ཡིན། གཅིག་པ་ཉིད་ཀྱང་མ་ཡིན། སྣ་ཚོགས་ཉིད་ཀྱང་མ་ཡིན་པའི་ཕྱིར་རོ།། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ ་དེའི་སླད་དུ་རྣམ་པར་རྟོག་པ་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པའི་ཆོས་ཐམས་ཅད་དང་། ཐ་དད་དུ་དབྱེ་བ་མ་མཆིས་པའི་ཆོས་ཐམས་ཅད་ལ་ནི་གང་གནས་པར་འགྱུར་བ་འམ། ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་ཆོས་དེ་དམིགས་སུ་མ་མཆིས་ལགས་སོ།། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་ཁྱོད་ཀྱིས་སྤོབས་ནི་ངོ་མཚར་ནཱ་གཞན་ཡང་ཁྱོད ་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་གཉེན་བཀུར་བྱས་བུ་མོས་སྨྲས་པ། བཙུན་པ་ཤ་ར་ད་ཏི་བུ་གང་འདི་སྐད་ཅེས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་གཉེན ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེ་སྡེས་ཞུས་སྟེ་གཏན་ལ་ཕབ་པའོ།། @། རྒྱ་གར་སྐད་དུ། ་ཨརྱ་པྲ་དཱ་ནཱི་ཡན་ན་མ་མ་ཧཱ་ཡཱ་ན་སུ་ཏྲ།། བོད་སྐད་དུ།། འཕགས་པ་མར་མེ་དབུལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག ་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤ་རིའི་བུ་ལ་བཀའ་སྩལ་པ་ཤ་རིའི་བུ་དཔག་ཏུ་མེད་པ་བཞི་པོ་འདི་དག་ནི་ལེགས་པར་ཡོངས་སུ་སྦྱངས་པའི་ཆོས་རྣམས་དང་ལྡན་པ། ་རྣམ་པར་སྨིན་པ་དཔག་ཏུ་མེད་པ། བསོད་ནམས་ལ་ཡང་དག་པར་གཞོལ་བ་དཔག་ཏུ་མེད་པ། གཟུགས་དཔག་ཏུ་མེད་པ། བདེ་བ་ལ་ཡང་དག་པར་གཞོལ་བ་དཔག་ཏུ་དངག་ཏུ་མེད ་པ་དག་སྟེ། དེ་དག་ནི་ཚུལ་ཁྲིམས་ལ་འཇུག་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་འཇུག་པ་དང་། སོ་སོ ་ཡང་དག་པར་རིག་པ་ལ་འཇུག་པ་དང་། ལེན་པ་མེད་པར་ཟག་པ་ཟད་པར་འགྱུར་བ་དག་གོ། བཞི་གང་ཞེ་ན་ཤ་རིའི་བུ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་གྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས། ཚུལ་ཁྲིམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་བརྙེས་པས་བསམ་གཏན་པར་གྱུར་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྙེས་པས་ཤེས་རབ་དཔག་ཏུ་མེད ་དང་ལྡན་པ། ངེས་པར་འབྱེད་པའི་ཤེས་རབ་དང་ལྡན་པ། ཇི་ལྟ་བ་བཞིན་གྱི་ཤེས་རབ་དང་ལྡན་པ། གྲངས་མེད་པའི་ཤེས་རབ་དང་ལྡན་པ། རྣམ་པར་ངེས་པའི་ཤེས་རབ་དང་ལྡན ་པ། རྣམ་པར་ངེས་པ་གཟིགས་པ། མཆོག་ཏུ་རྣམ་པར་གྲོལ་ཤིང་ཤིན་ཏུ་རྣམ་པར་གྲོལ་བའི་ཐུགས་དང་ལྡན་པ། གཡོ་བ་མེད་པའི་ཐུགས་དང་ལྡན་པ། འཁྲུགས་པ་མེད་པའི་ཐུགས ་དང་ལྡན་པ། ཕྲིན་ལས་ལེགས་པར་མཛད་པའི་ཐུགས་དང་ལྡན་པ། ཤ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ནི་མི་དགེ་བའི་ཆོས་ཐམས་ཅད་སྤངས་པ། དགེ་བའི་ཆོས་ཐམས་ཅད་དང་ལྡན་པ་སྦྱོང་བ་ཕུན་སུམ་ཚོགས་པ་ཡིད་ལ་མཛད་པ་དང་མ་བྲལ་བ། བདེན་པ་སྟོན་པ། བདེན་པ ་གཟིགས་པ། སྣང་བར་གྱུར་པ་དཔག་ཏུ་མེད་པ། ཚོགས་དཔག་ཏུ་མེད་པ། ཟིལ་གྱིས་གནོན་པ། ཟིལ་གྱིས་མི་གནོན་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས ་རབ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་སྟོབས་སྐྱེད་པ་རྙེད་པ་སྟོབས་བཅུའི་སྟོབས་སྐྱེད་པ་བརྙེས་པ། མི་འཇིགས་པ་བཞིའི་སྟོབས་བསྐྱེད་པ་བསྐྱེད་པ་བརྙེས་པ ་སངས་རྒྱས་ཀྱི་ཆོས་ཀྱི་སྟོབས་བསྐྱེད་པ་བརྙེས་པ། བྱམས་པ་ཆེན་པོ་དང་སྙིང་རྗེན་པོའི་སྟོབས་བསྐྱེད་པ་བརྙེས་པ། སོ་སོ་ཡང་དག་པར་རིག་པའི་སྟོབས་བསྐྱེད་པ་བརྙེས་པ། སྔོན་གྱི་བསམ་པ་ཕུན ་ཚོགས་པ། སྔོན་ཡོངས་སུ་སྦྱང་བ་མཛད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ། བརྩོན་པ་མབོར་བ། བརྩོན་འགྲུས་དཔག་ཏུ་མེད་པ་མྱ་ངན་དང་གནོད་པ་དང་བྲལ་བ། ཡོངས་སུ་འཛིན་པ་མི་མངའ། ་བ། ཐམས་ཅད་གཟིགས་པ། གླང་པོ་ཆེན་པོ་དཔག་ཏུ་མེད་པ། ཕུང་པོ་མི་མངའ་བ། བསོད་ནམས་ཀྱི་ནིང་བླ་ན་མེད་པ་དང་། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས། སྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར། དགེ་བའི་རྩ་བ་ཡང་དག་པར་སྒྲུབས་པ། རིག་པ་གསུམ་དང་ལྡན་པ། བསོད་ནས་ཀྱི་ཞིང་གི་དེ་བཞིན་གཤེགས ་པའི་མཆོད་རྟེན་ལ། དགེ་སློང་ངམ། དགེ་སློང་མ་འམ། དགེ་སྙེན་ནམ། དགེ་སྟེན་མ་སེམས་དང་བས་བསོད་ནམས་དོན་དུ་གཉེར་བ། བསོད་ནམས་ལ་དམིགས་པ། བསོད ་ནམས་གཡོ་བྱེད་དུ་བྱེད་པ། བསོད་ནམས་འདོད་པ། རྣལ་འབྱོར་དང་མཐུན་པའི་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་སྔོན་གྱི་སྦྱིན་པ་ཕུན་སུམ་ཚོགས་པས། ཐ་ན་མར་མེའི་སྙིང་པ་ཆུང ་འམ་ངན་པ་ཞིག། འབྲུ་མར་གྱིས་སྐས་སམ་མར་གྱིས་སྐུས་ཏེ། འབུལ་ལམ། ངེས་པར་འབུལ་ལམ། ཡོངས་སུ་འབུལ་ལམ་འཇོག་པར་བྱེད་པ་དང་། དགེ་བ་དོན་དུ་གཉེར་བས། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ཕྱི་མའི་མཐའི་སྐྱེ་བའི་ཁོར་བ་སྤངས་པ། ད་ལྟར་བྱུང་བ་ན་ཚུལ་ཁྲིམས་དང་། ཏིང་ངེ ་འཛིན་དང་། ཤེས་རབ་དང་རྣམ་པ་གྲོལ་བ་དང་། རྣམ་པར་གྲོལ་བར་ཡེ་ཤེས་གཟིགས་པར། བཟུང་བ་ཉིད་ཡིད་ལ་བྱེད་དམ། དེ་ལས་ཡོན་ཏན་གང་ཡང་རུང་བ་ཞིག་ཡིད་ལ་བྱེད་དམ། ་དེ་བཞིན་གཤེགས་པའི་ཕྱིར་དང་། གཞི་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བར་སེམས ་བསྐྱེད་དེ། མར་མེད་འདི་འབར་བར་བྱ། རབ་ཏུ་འབར་བར་བྱེད་དབུལ་བར་བྱ། ཡོངས་སུ་དབུལ་བར་བྱ། རབ་ཏུ་བཞག་པར་བྱའོ་སྙས་པ་དང་། སེམས་ཀྱི་རྒྱུད་དང་པར་གྱུར་པས། ཚུལ་ཁྲིམས ་ཡོངས་སུ་དག་པ། མི་མཉམ་པ་དང་མཉམ་པའི་ཚུལ་ཁྲིམས་དང་ལྡན་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་པ། བསོད་ནམས་མང་པོ་མངས ་བའི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བསྙེན་བཀུར་བྱེད་དེ། དེ་ཙམ་འམ། ཆུང་ཟད་ཙམ་འགྲོ། ཆུང་ངུ་ཞིག་གས། ངན་དོན་ཙམ་ཞིག་གམ། གསོགཅ། ་ཞིག་གམ། ཐ་ན་ཀློག་གི་རྒྱུད་ཙམ་ཞིག་ཀྱང་སྣང་བར་བྱེད་དམ། ཐ་ན་ཐེམ་སྐས་ཀྱི་གཞི་གཅིག་སྣང་བར་བྱེད་ན་ཡང་། ཤ་རིའི་བུ་དེའི་རྣམ་པར་སྨིན་པ་ནི། ཉན་ཐོས་རྣམས་ཀྱིས་སམ། ་རང་སངས་རྒྱས་རྣམས་ཀྱིས་སྙན་པར་མི་ནུས་སོ།། ཤ་རིའི་བུ་གཞན་ཡང་ལན་ལ་མི་རེ་ཞིང་། དད་པ་དང་། དགའ་བ་དང་། དང་བས་ཡོངས་སུ་བཏང་བའི་རྣམ་པར་སྨིན་པ། བསོད ་ནམས་ཀྱི་རྣམ་པར་སྨིན་པ་ནི། དེ་བཞིན་གཤེགས་པས་སྟོན་པར་སྤྱོད་དོ།། ཤ་རིའི་བུ་གཞན་ཡང་དད་པ་ལྡན་ལ། གུས་པར་གནས་ཤིང་གཡོ་མེད་ལ་སྒྱུ་མེད་པས། སངས་རྒྱས་ཀྱི ་ཡོན་ཏན་ལ་ངེས་པར་སེམས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དགེ་བའི་བསམ་པ་སྐྱེས་ནས། མར་མེ་ཆུང་ཟད་ཙམ་འམ་ཆུང་ངུ་ཙམ་ཞིག་ཀྱང་སྣང་བར་བྱ་སྟེ། མར་མེ་སྣང་བར་བྱས ་པ་གང་གིས། དེ་བཞིན་གཤེགས་པའི་མཆོད་རྟེན་དེའི་ཐ་ན་ཐེམ་སྐས་ཙམ་སྣང་ངམ། བསྐོར་ས་ཙམ་སྣང་ངམ། སྨད་དམ། གདུགས་སམ། ཐམས་ཅད་སྣང་ངམ། ཐ་ན་བར་སྐབས། ་གང་ཡང་རུང་བ་ཞིག་སྣང་བའི་མར་མེ་དེ་མོད་ལ་མྱུར་དུ་ཤིང་སྟེ། རླུང་གིས་སྐྱོད་པས་སི། ཆར་པས་སམ། མར་ཟད་པས་སམ། སྙིང་པོ་ཟད་པས་ཤི་ལ། ཤ་རིའི་བུ་འདི་ལྟ་སྟེ ་དཔེར་ན། ཀླུས་དཀྲུགས་པ་ན་སྤྲིན་སྟུག་པོའི་དྲ་བ་འཁྲིགས་པ་ལས། ནམཁའ་ལས་ཀློག་བྱུང་ནས་ནུབ་ན། ཤ་རིའི་བུ་མྱུར་དུ་འབྱུང་བའི་རྗེས་སུ་འབྲང་བ་དེ་མཐོང་བས། སེམས ་ཅན་རྣམས་ཀྱི་མིག་ཐིབས་ཤེས་བྱེད་བདེ་ཙམ་དུ། ཤ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་འབུལ་བའི་དགེ་སློང་ངམ་དགེ་སློང་མ་འམ། དགེ་བསྙེན་ནམ། ་དགེ་བསྙེན་མ་འམ། དེ་ལས་གཞན་པ་སེམས་ཅན་བསླབས་པའི་གཞི་མི་བླང་བ། དགེ་བའི་རྩ་བ་དོན་དུ་གཉེར་བ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ ་མངོན་པར་དད་པ། བདག་ཉིད་སྒྲུབ་པར་བྱ་བ་ལ་གནས་ལ། བསོད་ནམས་འདོད་པ་རྣམས་ཀྱིས་ཇི་ཙམ་དུ་ཆུང་བའི་མར་མེ་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བར་གྱུར་པའི་རྣམ་པར་སྨིན་པ་ནི་དེ་བཞིན་གཤེགས་པས་མཁྱེན་ཏོ།། ཤ་རིའི་བུ་མར་མེ་འབུལ་བ་ཆུང་ཟད་ཅིག་ཕུལ་བས། མར་མེ་ཕུལ ་ལས་མངོན་པར་གྲུབ་པའི་བསོད་ནམས་ཀྱི་ཕུང་པོ་དེའི་རྣམ་པར་སྨིན་པ་ནི། ཤ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ ་ཏོགས་པར། ལྷ་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་བསྟན་པར་མི་ནུས་སོ།། ཤ་རིའི་བུ་སངས་རྒྱས ་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་ཏེ། ཤ་རིའི་བུ་མར་མེ་འབུལ་བ་ཡོངས་སུ་ཕུལ་བ་དེས། བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཏུ་དཔག་ཏུ་མེད ་གྲངས་མེད་པ་ཡོངསུ་བཟུང་བར་གྱུར་པའི་དོན་དེ་ནི་དེ་བཞིན་གཤེགས་པས་མཁྱེན་ཏེ། ཤ་རིའི་བུ་མར་མེ་དེ་ཙམ་དུ་ཆུང་ངུ་ཕུལ་བའི་རྣམ་པར་སྨིན་པའི་ཡང་དཔག་ཏུ་མེད་ན། ་གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ། མཆོད་པ་ཁྱད་པར་ཅན་བྱེད་དམ་བྱེད་དུ་འཇུག་སྟེ། ་སྤོས་སམ། མེ་ཏོག་ཕྲེང་ངམ། གདུགས་སམ། བ་དན་རྣམས་སམ། གང་ཡང་རུང་བའི་མར་མེའི་ཕྲེང་བ་རྣམ་པ་མང་པོས་མཆོད་པ་ཁྱར་བར་ཅན་བྱེད་དུ་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། ་ཤ་རིའི་བུ་གཞན་ཡང་ཆོས་འདི་བཞི་ནི་དད་པས་རྟོགས་པར་བྱ་བ་ཡིན་ཏེ། བཞི་གང་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་ནི་དཔག་ཏུ་མེད་དོ་སྙམ་དུ་དང་པས་རྟོགས་པར་བྱ་བ་དང་། དགེ་བའི ་རྩ་བ་ཇི་ལྟར་ཆུང་ངུའི་རྣམ་པར་སྨིན་པ་ཡང་དཔག་ཏུ་མེད་པར་འགྱུར་བ་དད་པས་རྟོགས་པར་བྱ་བ་དང་། དཀོན་མཆོག་གསུམ་ལ་དད་པའི་ལས་མངོན་པར་འདུ་བྱེད་པའི་རྣམ་པར་སྨིན་པ ་གང་ཡིན་པ་དེ་སྟོན་པ་མཐོང་བ་ཉན་ཐོས་ཁྱེད་ཀྱིས་ཀྱང་རྣམ་པ་ཐམས་ཅད་དུ་བསམ་པ་འམ། ཡོངས་སུ་བསམ་པར་ནུས་ན། འཕགས་པའི་རིག་ལ་མི་ནག་གནས་པ་གཞན་གང ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་མངོན་གསུམ་དུ་ཤེས་པ་འམ། ཁོང་དུ་ཆུད་པར་ནུས་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ།། གཞན་དུ་ན་དེ་ནི་དད་པས་རྟོགས་པར་བྱ་བ་ཡིན་པ་དང་།། ་ཤ་རིའི་བུ་ཉན་ཐོས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་པ་འམ་ཤེས་པར་མི་ནུས་ཏེ། ཤ་རིའི་བུ་ཁྱེད་རྣམས་གནས་འདི་ལ་བསམ་པ་དང་བྲལ ་བར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུ་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པོ་ཞེས་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ།། ཤ ་ཀྱང་སེམས་ཅན་རྣམས་ཀྱི ་རིའི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པར་སྨིན་པ་བསམ་ཀྱིས་མི་ཁྱབ་པོ་ཅེས་གསུངསོ།། ཤ་རིའི་བུ་མ་འོངས་པའི ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། སེམས་ཅན་རྣམས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དོ་ཞེས་སྟོན་པར་འགྱུར་རོ།། ་ཤ་རིའི་བུ་སེམས་ཅན་གྱི་བསམ་པ་དང་། སེམས་དང་ལྷ་མཐོང་བསམ་ཀྱིས་མི་ཁྱབ་སྟེ། དད་པས་རྟོགས་པར་བྱ་བ་ཡིན་ནོ།། ཤ་རིའི་བུ་འཕགས་པའི་རིགས་ལ་གནས་པ་ཁྱེད ་ཅག་ཉིད་ཀྱང་། སེམས་ཅན་ཐམས་ཅད་ཀྱི་ཤེས་པ་དེ་ལ། མིག་དང་མཁས་པ་ལ་ཤེས་མི་འཇུག་ན་སེམས་མ་དུལ་བ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་བྲལ་བ། བརྗེད་ངས་པ། མ་རིག་པའི་མུན་བགམ་གི་སྒྲིབས་པ་གཞན་གང་དག། བདག་ཅག་ཅི་ཞིག། བདག་ཅི་འདྲ་བ་ཞིག། བདག ་གང་ནས། བདག་ཅི་ཙམ་ཞིག། བདག་ཇི་ལྟ་བུ་ཞིག། བདག་ལྡན་པའི་ངང་ཚུལ་ཅན་ནམ། བདག་མི་ལྡན་པའི་ངང་ཚུལ་ཅན་ནམ། བདག་རྗེད་ངས་པའམ། བདག་དྲན་པ་ཉེ་བར་གནས ་པ་འམ། བདག་མཁས་པའི་ལས་བྱེད་པ་འམ། བདག་བྱིས་པའི་ལས་བྱེད་པ་འམ། བདག་གང་ནས་འོངས། བདག་གང་དུ་འགྲོ་ཞེས་རང་གི་ཆོས་ལ་ཤེས་པ་འཇུག་པ་ཡང་མེད་པ་རྣམས་ལྟ་ཅི། ་ཐོབ། ཤ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བའི་བདག་ལ་ཤེས་པ་འདུག་པ་ཡང་མེད་ན། ཕྱིན་ཅི་ལོག་གི་ལྟ་བ་ཅན་དེ་ལས་ཀྱི་རྣམ་པར་སྨིན་པ་ཤེས་པར་ག་ལ་འགྱུར་ཏེ། དེ་ནི་གནས་མེད་དོ།། ཤ་རི ་ཏིང་ངེ་འཛིན་དང་བྲལ་བ་མ་ཡིན ་བུ་དེ་བཞིན་གཤེགས་པ་ནི་ཚུལ་ཁྲིམས་དང་བྲལ་བ་མ་ཡིན། ཤེས་རབ་དང་བྲལ་བ་མ་ཡིན། རྣམ་པར་གྲོལ་བ་བྲལ་བ་མ་ཡིན། རྣམ་པར་གྲོལ་བའི་ཡེ་ཤེས ་མཐོང་བ་དང་བྲལ་བ་མ་ཡིན། རིག་པ་དང་བྲལ་བ་མ་ཡིན་ནོ།། ཤ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཚུལ་ཁྲིམས་དཔག་ཏུ་མེད་པའོ།། ། ་ཚུལ་ཁྲིམས་འཆལ་བ་མེད་པའོ།། ཚུལ་ཁྲིམས་བསམ་གྱིས་མི་ཁྱབ་བོ།། ཚུལ་ཁྲིམས་གཞལ་དུ་མེད་པའོ།། ཚུལ་ཁྲིམས་རྫོགས་པའོ།། ཚུལ་ཁྲིམས་རྣམ་པར་དག་པའོ།། དེ ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། ཤ་རིའི་བུ་ཇི་ལྟར་ན་དེ་བཞིན་གཤེགས་པ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ ་བ་བཞིན་དུ་རབ་ཏུ་ཁྱེན་ཅེ་ན། ཤ་རིའི་བུ་འདི་ལ་དེ་བཞིན་གཤེགས་པ་འདི་ལྟར་རབ་ཏུ་མཁྱེན་ཏོ།། སེམས་ཅན་འདི་ནི་དགེ་བའི་ཆོས་རྣམས་ཡོངས་སུ་ཟད་ཅིང་། མི་དགེ་བའི་ཆོས ་རྣམས་ཀྱིས་ཡོངས་སུ་གང་བའོ།། སེམས་ཅན་འདི་ནི་དགེ་བའི་ཆོས་རྣམས་འབྱུང་བར་འགྱུར་ཞིང་མི་དགེ་བའི་ཆོས་རྣམ་འགག་པར་འགྱུར་བའོ།། སེམས་ཅན་དེ་ནི་མི་དགེ་བའི ་ཆོས་རྣམས་སྐྱེས་པར་འགྱུར་ཞིང་། དགེ་བའི་ཆོས་རྣམས་འགག་པར་འགྱུར་བའི་ཞེས། ཤ་རིའི་བུ་འཇུག་པ་འདིས་དེ་བཞིན་གཤེགས་པ་སེམས་ཅན་དེ་དང་དེ་དག་གིས་ལས ་དང་ལས་ཀྱི་རྣམས་པར་སྨིན་པ་རྣམ་པ་སྣ་ཚོགས་རྗེས་སུ་འཇུག་པ་རབ་ཏུ་མཁྱེན་ཏོ།། ཤ་རིའི་བུ་དེ་ལ་སེམས་ཅན་རྣམས་བླུན་པ་ཡོད་ཅིང་མཁས་པ་མེད། མཁྱེན་པ་དེ་ལྟ་བུ་དེང ་ལྡན་པ། མཁས་པ་དེ་ལྟ་བུ་དང་ལྡན་པ་ངས། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པར་ལུང་སྟོན་ཏོ།། ཤ་རིའི་བུ་དེ་ལ་གང་དག་དད་པ་དེ་དག་ནི་ཡིད ་ཆེས་པར་འགྱུར་བ་གང་དག་མ་དད་ཅིང་བསྟན་པ་འདི་ལས་ཉམས་པ་དེ་དག་ནི་སྨད་པར་འགྱུར་ཞིང་བརྩོད་པར་འགྱུར་ཏེ། དེ་ནི་དག་ལ་ཡུན་རིང་པོར་མི་ཕན་པ་དང་། དོན་མེད་པ་དང་། སྡུག ་བསྔལ་བ་དང་། ལོག་པར་ལྟུང་བར་འགྱུར་བའོ།། ཤ་རིའི་བུ་དེ་ལ་སེམས་ཅན་གང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ། མར་མེ་འབུལ་བ་དེས་མར་མེ་འབུལ་བ་ཡོངས་སུ་ཕུལ་བ ་དང་། ངེས་པར་ཕུལ་བ་དང་། དགེ་བའི་རྩ་བ་བསྩགས་པའི་ལས་མངོན་པར་འབྱས་པ་དང་། རྣམ་པར་སྨིན་པའི་འབྲས་བུ་བདེ་བ་འདོད་པ་དང་། དགའ་བ་དང་མཆོག་ཏུ་དགའ ་བ་དང་ལྡན་པ་དང་། དད་པས་ཡོངས་སུ་ཕུལ་བ་བསྩགས་པས། ཚེ་འདི་ཉིད་ལ་སེམས་ཅན་གསུམ་ཐོབ་ཏེ། གསུམ་གང་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཆོད་པ་བྱས་ཏེ། ལུས་ཐོབ་པ་སྙིང་པོ་མ། སྙིང་པོ་མ་ཡིན་པའི་ལུས་ཤེས་པར་བྱས་ལ། སྙིང་པོ་སྦྱིན ་པར་བྱའོ།། སྙམ་ནས། ལོང་སྤྱོད་རྣམས་ལ་ཉེས་དམིགས་ཅན་དུ་ཤེས་ཏེ། སྙིང་པོ་མེད་པའི་ལོང་སྤྱོད་རྣམས་ལ་སྦྱིན་པར་བྱེད་པ་འདི་ནི། ཤ་རིའི་བུ་དེ་བཞིན་གཤེགས་པའི་མཆོད ་རྟེན་ལ་མཆོད་པ་བྱས་པའི་སེམས་ཀྱིས་ངེས་པར་སེམས་དང་པོའོ།། ཤ་རིའི་བུ་གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ། ཡོན་གནས། ་སྦྱིན་པ་མཆོག་ལེན་པ་པོ་མཆོད་པ་བྱས་པས། བདག་ལ་སེམས་ཅན་དམྱལ་བའི་འཇིགས་པ་འམ། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པ་འམ། ་གཤིན་རྗེའི་འཇིགས་རྟེན་ཀྱི་འཇིགས་པ་མེད་དོ།། བདག་གི་འགྲོ་བར་འགྲོ་བ་དེ་ནི་ལྔའོ་སྟེ། མཐོ་རིགས་ཐོབ་པ་འམ། མ་ཐོབ་པའམ། གཟུགས་ཐོབ་པ་འམ། ལོངས་སྤྱོད ་ཐོབ་པ་འམ། བྱང་ཆུབ་ཐོབ་པའོ་སྙམ་པ་དེ་ནི། ཤ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པའི་སེམས་ཀྱི་ངེས་པའི་སེམས་པ་ཐོབ་པ་གཉིས་པའོ།། ཤ་རིའི་བུ ་གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཡོངས་སུ་ཕུལ་བ་ལ་ཡང་དག་པར་གནས་པ་ཡིན་དེ་དག་གི་སྦྱིན་པ་བྱིན་ནོ།། ས་བདག་གིས་བསོད་ནམས་དག་ཀྱང ་བྱས་སོ།། བདག་གིས་སེར་སྣ་སྤངས་སོ།། སྙམ་དུ་དེ་ལྟར་རབ་ཏུ་ཤེས་ཤིང་། དེ་འདི་སྙམ་དུ་སེམས་ཏེ་དག་ནི་སྦྱིན་པ་པོ་ཡིན་ལ་བདག་གིས་ཀྱང་སྦྱིན་པ་བྱིན་ནོ།། སྙམ་དུ་དེ་ལྟར་སེམ ་ཤིང་གཏོང་བ་ལ་ཡོངས་སུ་གདུང་བ་མེད། བརྙས་པ་མེད་དེ། ཤ་རིའི་བུ་དེ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པའི་སེམས་ཀྱི་ངེས་པར་སེམས་པ་ཐོབ་པ་གསུམ ་པའོ།། ཤ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བས། འཆི་བའི་དུས་ཀྱི་ཚེ་སྣང་བ་གསུམ་ཐོབ་ཏེ་གསུམ་གང་ཞེ་ན་དགེ་ལེགས ་བྱས་པ་མངོན་དུ་འགྱུར་ཏེ། དྲན་པ་ཐོབ་ཅི་དགེ་བ་རྣམས་རྗེད་པར་མི་འགྱུར་ཏེ། ཤ་རིའི་བུ་འདི་ལྟར་འཆི་བའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་རྣམས་རྗེས་སུ ་དྲན་པ་འདི་ནི་སྣང་བ་དང་བའོ།། ཤ་རིའི་བུ་གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་སེམས་ཅན་དེ་འཆི་བའི་དུས་ཀྱི་ཚེ་དྲན་པར་འགྱུར་ཏེ། བདག་གིས་སངས ་རྒྱས་ལ་མཆོད་པ་བྱས་སོ་ཞེས་མཆོག་ཏུ་དགའ་བ་ཐོབ་སྟེ། ཤ་རིའི་བུ་འདི་ལྟར་སངས་རྒྱས་རྗེས་སུ་དྲན་དང་བཅས་པའི་སེམས་བསྐྱེད་པ་འདི་ནི་སྣང་བ་གཉིས་པའོ།། ཤ་རིའི་བུ ་གཞན་ཡང་སེམས་ཅན་དེ་འཆི་བའི་དུས་ཀྱི་ཚེ། སེམས་ཅན་གཞན་སྦྱིན་པ་བཏོང་བ་མཐོང་ན་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་མར་མེ་དབུལ་བ་ཕུལ་ལོ།། ཕྱིས་ཀྱང་སྦྱིན་པ ་བྱིན་ནོ་སྙམ་དུ་དེ་བཏོང་བའི་སེམས་སྐྱེས་ཤིང་། སྡུག་བསྔལ་ཀྱི་ཚོར་བ་རྣམས་ཀྱིས་མི་འཕྲོག་ལ། དེ་ལ་ཆོས་རྗེས་སུ་དྲན་པ་དེ་ལྟ་བུ་འབྱུང་སྟེ། ཤ་རིའི་བུ་འདི་ལྟར་དག་པའི་རྩ ་བ་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པ་འདི་ནི་སྣང་བ་ཐོབ་པ་གསུམ་པ་ཡིན་ནོ།། ཤ་རིའི་བུ་གཞན་ཡང་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་དེ་འཆི་བའི ་དུས་ཀྱི་ཚེ། སྣང་བ་བཞི་ཐོབ་པ་སྟེ། བཞི་གང་ཞེ་ན། མདུན་ན་ཉི་མའི་དཀྱིལ་འཁོར་འཆང་བ་མཐོང་བ་དང་། མདུན་ན་ཟླ་བའི་དཀྱིལ་འཁོར་འཆར་བ་མཐོང་བ་དང་། ལྷའི་འཁོར་གནས ་བ་མཐོང་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཞིང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་མཐོང ་སྟེ། དེ་ལ་བདག་ཉི་དགུས་པར་བྱེད་པ་ལ་གནས་ཤིང་། ཐལ་མོ་སྦྱར་བར་བྱེད་མཐོར་བ་སྟེ། ཤ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ། སར་མེད་དབུལ་ཕུལ་བས་ཅི ་བའི་ཚེ། སྣང་བ་འདི་བཞི་ཐོབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་ཏེ་བདེ་བར་གཤེགས་པས་དེ་སྐད་གསུང་ནས། དེ་བཞིན་དུ ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། མཐའ་ཡས་ཆོས་བདག་དྲང་སྲོང་ཆེན་པོ་ཡི། མཆོད་རྟེན་རྣམས་མཁས་པ་གང་གིས། མར་མེ་ཕུལ་བ་བྱས་པའི་ལས་དེ་ཡིས།། ་བདེ་དང་དོན་དང་བརྙེད་པ་མཐའ་ཡས་ཐོབ། དེ་ནི་འཆི་ཀར་དྲན་པ་ཉམ་མི་འགྱུར་མར་མེ་འཕུལ་བ་འང་བདག་ཉིད་མཐོང་བར་འགྱུར། ཟང་ཟིང་མེད་པའི་དགའ་བ་བཞི་ཡང་ཐོབ།། ་འཆི་བའི་དུས་ཚེ་རྨོངས་པ་མེད་པར་འགྱུར། ཀུན་ནས་སྣང་བ་དག་ཀྱང་དེས་ཤེས་ཏེ། ཉི་མ་དང་ཟླ་བའང་མཐོང་བར་འགྱུར། བྱེ་བ་ཁྲག་ཁྲིག་ལྷ་རྣམས་དེས་མཐོང་འགྱུར། རྨོངས་པ ་མེད་པར་སངས་རྒྱས་ཆོས་ཀྱང་སླ། དེ་ལ་ཕ་མ་བུ་དང་རྩ་ལག་དང་། འཁོར་རྣམས་ཀྱིས་བསྐོར་ནས་དུ་ན་ཡང་། དེ་རྣམས་ལ་ནི་མངོན་དུ་དེ་མི་ཕྱོགས། དེ་ཚེ་ནམ་ཡང་དྲན་པ་ཉམས ་མ་འགྱུར། དེ་ཡིས་མདུན་ན་གཞལ་མེད་ཁང་མཆོག་མཐོང་། འཇིག་མེད་ལྷའི་བུ་མོ་རྣམས་ཀྱང་མཐོང་། སྐྱེད་མོས་ཚལ་ཀྱང་བཞི་ཤིན་ཏུ་རྒྱན་སྡུག་ཅིང་། འདོད་པའི་ཡོན་ཏན་ལྔ ་ལྡན་མཐོང་བར་འགྱུར། ཐུབ་པའི་སྐྱེས་མཆོག་རྣམས་ལ་མཆོད་བྱས་པས། དེས་ནི་བྱང་ཆུབ་སྙིང་པོ་བདེ་གཤེགས་དང་། དེས་ནི་བདག་ཐལ་མོ་སྦྱར་བྱས་ཤིང་ལྷ་ཀླུ་ལྷ་མིན་རྣམས ་ཀྱིས་མདུན་བདར་མཐོང་། གུས་དང་བཅས་པར་འཇིག་རྟེན་འདྲེན་པ་མཐོང་། དེ་དེར་ཕྱིར་ཏེ་བདེ་བར་གཤེགས་མཐོང་ནས། དགའ་བས་དེ་ཚེ་སྤྱན་ཡང་འདྲེན་པར་བྱེད། དེ་ཡིས། ་གདུགས་ཚེད་སྦྱར་ལ་གནང་བར་མཛོད། སོ་སོ་རྙེད་པའི་བདེ་བས་ཚིམ་གྱུར་ནས། འཆི་དུས་བྱས་ཚེ་སྡུག་བསྔལ་དེས་མི་མྱོང་། བྱང་ཆུབ་དམ་པ་མཆོག་ལ་སེམས་ཀྱང་དགའ།། ་དེ་ལ་འཆི་བའི་འཇིགས་ཆེན་འབྱུང་མི་འགྱུར་མར་མེ་ཕུལ་བའི་རྣམས་སྨིན་འདི་ཡིན། འཆི་དུས་བྱེས་ཚེ་དྲན་པ་ཉམས་མི་འགྱུར། དེ་ལ་ཕྱོགས་རྣམས་སྣང་བར་བྱེད་པར་འགྱུར། སྔོན ་ཅན་མ་མཐོང་གཟུགས་བཟང་རྣམས་ཀྱང་མཐོང་། དེ་ནི་ཤི་ནས་འཐོ་རིགས་ངེས་འགྲོ་ཞིང་། ལྷའི་སྟན་ལ་དེ་ལུས་འདུག་པར་ཤེད། རྒྱལ་བ་ལ་ནི་མཆོད་པ་བྱེད་པའི་ཚེ། དེས་ནི ་ཀུན་ནས་ལྷ་མོ་རྣམ་ཀྱང་མཐོང་། ཤ་རིའི་བུ་དེ་བཞིན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་འབུལ་ཕུལ་བས་སུམ་བཅུ་རྩ་གསུམ་སྐྱེས་ནས། ལྷའི་བུ་དེ་རྣམ་པ་ལྔ ་ཡོངས་སུ་དག་པ་དང་ལྡན་པར་འགྱུརརོ།། ཤ་རིའི་བུ་དེ་རྣམ་པ་ལྔ་ཡོངས་སུ་དག་པ་དང་ལྡན་པ་ཇི་ལྟ་བུ་ཞེ་ན། ལུས་ཡོངས་སུ་དག་པར་འགྱུར་བ་དང་དེ་ལྷའི་མཐུ་རྒྱ་ཆེན་པོ་དང་ལྡན ་པར་འགྱུར་བ་དང་། དེའི་དྲན་པ་དང་ཤེས་རབ་ཡོངས་སུ་དག་པར་འགྱུར་བ་དང་། དེའི་རྣ་བར་སྒྲ་སྙན་པ་ཐོས་པར་འགྱུར་དང་། དེའི་འཁོར་ཡིན་བདེ་བ་མང་བ་དང་ལྡན་པར་འགྱུརརོ།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ།། བདེ་བར་གཤེགས་པར་དེ་སྐད་གསུང་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་བསྩལ་ཏོ།། དྲང་སྲོང ་མཆོད་རྟེན་མར་མེ་བུལ་བས་ནི། དེ་ཡིད་ལུས་ནི་རབ་ཏུ་འོད་གསལ་ཞིང་། གཞན་གྱིས་མི་ཚུགས་དཔལ་དང་ལྡན་པ་དང་། ལྷ་སྟོང་གི་ནི་གཙོ་བོར་དེ་འགྱུརརོ།། ལྷའི་སྒྲ་དབྱང ་སྙན་ཅིང་ཡིད་འོང་ཐོས། ཇི་ལྟར་ལྷ་གཞན་དེ་བཞིན་འདི་ཡང་མཆོག། དྲན་དང་བློ་མཆོག་དང་ནི་ལྡན་པ་དང་། འཁོར་མཆོག་ཕུན་སུམ་ཚོགས་པ་དང ་ཐོབ་པར་འགྱུར། གང་དུ་ལྷའི་བུ་དེར་འགྲོ་བ་དེར། དེ་འགྲོ་བ་ན་ལྷ་ཀུན་འདོད་པར་བྱེད། གང་གིས་དེ་ལུས་འདི་ལྟར་འོད་འབར་བ། སྔོན་གྱི་ལས་ཀྱི་འབྲས་བུ་དེ་འདྲའོ།། ་སྐྱེད་མོས་ཚལ་གྱི་བཞི་ནི་ཤིང་གི་མིང་། ཟླ་མཆོག་ཅེས་བྱ་གཞལ་མེད་ཁང་གི་རྒྱན། ཟླ་བ་ཇི་ལྟར་ཀུན་ནས་གསལ་བ་ལྟར། དེའི་རྣམས་དེ་བཞིན་གསལ་བ་ཡིན། མར ་མེ་རབ་འབར་ཇི་བཞིན་རྣམས་གསལ་ལ། ཡིད་འོང་དྲི་དང་ཕྱོགས་རྣམས་བཏོང་བྱེད་པ། མེ་ཏོག་གསལ་བ་འདི་ནི་མིང་ཅི་ཞེས། ལྷ་རྣམས་ངོ་མཚར་སྟོང་སྙེད་འཛིན་པར ་འགྱུར། དེ་ཡི་བ་ཚོགས་མེ་ཏོག་དེ་དག་གིས། རྒྱན་པ་བྱས་པས་དེ་དག་མཛེས་པར་འགྱུར། བྱེ་བ་ཁྲག་ཁྲིག་ལྷའི་ནང་ན་དེ། ཉི་མ་ཤར་བ་བཞིན་དུ་རྣམ་པར་མཛེས། ཤ་རིའི་བུ ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བས་སུམ་བཅུ་གསུམ་གྱི་ལྷའི་ནང་དུ་སྐྱེས་ནས། ལྷའི་བུ་དེ་བདག་ཡུན་རིང་ཇི་སྲིད་གཅིག་ན་འཆི་འཕོའི་ཆོས ་སུ་འགྱུར་བ་བདག་ཉིད་ཀྱི་ཤེས་ཏེ། ལྷའི་བུ་དེ་འཆི་བ་ན་རང་གི་འཁོར་དང་། ལྷའི་བུ་གཞན་དག་ཀྱང་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་བྱས། ཡང་དག་པར་འཛིན ་དུ་བཅུག་ནས་གནས་དེ་ནས་འཆི་འཕོས་ཤི་འཕོས་ནས་ཀྱང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ཏེ། མིའི་འཇིག་རྟེན་དུ་སྐྱེས་ན་ཡང་རིགས་མཆོག་ཏུ་བཙུན་པ་དད་པ་དང་ལྟ ་བ། སངས་རྒྱས་འབྱུང་བ་དང་ལྡན་པར་སྐྱེ་བར་འགྱུརརོ།། གལ་ཏེ་སངས་རྒྱས་མི་འབྱུང་བ་ཞིག་ལ་བབ་ན་ཡང་དེ་སྡིག་པའི་ལྟ་བ་ཅན་མ་ཡིན་ཞིང་ལ་མཚན་དུ་འཛིན་པ་དང་བྲལ ་བའི་རིགས་སུ་སྐྱེ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད ་ཅེས་བཀའ་སྩལ་ཏོ།། ལྷའི་སྲིད་པར་བདག་ནི་ཡུང་རིང་དུ། གནས་པར་འགྱུར་ཞེས་དེ་ཡི་ཤེས་འཇུག། ལྷ་གཙོ་དེ་ཡིས་དེ་ཡང་རབ་ཏུ་ཤེས། གང་ཚེ་འཆི་བའི་དུས་ནི་བབ་གྱུར་པ། ་དེ་ཚེ་མཚན་མ་ལྔ་ནི་འབྱུང་འགྱུར་ཏེ། བྱེ་བ་ཕྲག་མང་ལྔ་དག་དེར་འདུ་ཞིང་། དེ་དག་མངོན་སུམ་དེ་ནི་ཆོས་ཀྱང་སྟོན། བདག་ནི་འདི་ནས་རིང་པོར་མ་ཐོགས་འཆི། སྲིད་པ་ཐམས ་ཅད་མི་རྟག་བདེ་བ་མེད། གཞན་དག་འཆི་ཞིང་གཞན་དག་སྐྱེ་བར་འགྱུར། ཀྱེ་མ་བདག་ནི་འཆི་བར་འགྱུ་རོ་ཞེས། དེ་ནི་དབུས་འདུག་ཤིན་ཏུ་མི་ཟད་སྨྲ། དེའི་མངག་ཞུགས ་རྣམ་དང་དེ་བཞིན་དུ། ལྷ་གཞན་དུ་སྡུག་བསྔལ་ཉམས་ཐག་གོ། དེས་ན་བདག་གི་ལྟས་ནི་ལྔ་མཐོང་ནས། དེ་རིང་རང་གི་སྟན་ལ་དགའ་མི་ཐོབ། གནས་དེ་ནང་ནི་ལངས་ཏེ་འགྲོ ་བར་བྱེད། གཞལ་མེད་ཁང་གི་གནས་སུ་འང་དགའ་མི་སྐྱེ། བདག་ཅག་འདི་མཐོང་ཐ་མ་དེང་ཡིན་ཞེས། དེན་དབུས་འདུག་ཤིན་ཏུ་མ་ཟད་དེ་བཞིན་ལྷ་མང་དུ་མ་མྱ་ངན་བྱེད། ་དེ་ཡང་སྟན་མཆོག་ངན་པ་གང་ཡིན་པ། དེ་ནི་ལྷའི་བུ་མོས་བླང་ཏེ་འདུལ། སྟན་དེ་མཐོང་ནས་དེ་ནི་རང་སྟན་ལ། དགའ་བ་ཐོབ་པར་མ་གྱུར་དེ་ནས་ཤིས། ལྷའི་དབང་པོ་ལྔ ་གནས་ཤི་འཕོས་ནས། མིའི་འཇིག་རྟེན་དུ་ནི་མངོན་པར་འགྲོ། དེ་ཡི་རང་ལ་ཡོད་པའི་དྲན་མི་ཉམས། དེར་ཡང་བདེ་བར་འགྱུར་གྱི་སྡུག་བསྔལ་མན། ་སྐྱེས་ནས་ཚེ་རབས་རབ་ཏུ་དྲན་གྱུར་ཏེ། སྐྱེས་མ་ཐག་ཏུ་སྔོན་གྱི་སྲིད་པཤེས། ཉོན་མོངས་རྣམས་ཀྱིས་བདག་ལ་གནོད་འགྱུར་ཞེས། ཤིན་ཏུ་སྡུག་བསྔལ་དེར་ནི་དགའ་མེད། ལྷའི ་འཇིག་རྟེན་ཐོབ་པའི་དཔལ་དྲན་འགྱུར། མིའི་འཇིག་རྟེན་ལ་ནི་བདེ་མི་རྙེད། མཐོ་རིགས་སྡུག་བསྔལ་མི་ཡུལ་སྨོས་ཅི་དགོས། སྲིད་པ་ཐམས་ཅད་སྙིང་པོ་མེད་ཅིང་གཡོ།། གང་། ་དང་གང་ཚེ་ལུས་ཐོབ་གྱུར་པ་ན། དེ་ཚེ་དེ་ནི་རབ་ཏུ་འབྱུང་བར་ངེས། འདི་ཡང་དེའི་རྣམ་སྨིན་འགྱུར་བ་སྟེ། རྣམ་རྟེན་སྤྱོད་པར་ནམ་ཡང་མི་འགྱུར་རོ།། དེ་ནི་དེའི་མར་མེ་ཕུལ་བའི་འབྲས ་བུ། དེ་དང་དེར་ནི་ཚེ་རབས་དེས་དྲན་འགྱུར། བྱ་བའི་འོས་མེན་ལས་ནི་དེ་མི་སྤྱོད། གནོད་མི་ཟ་བར་དེ་ནི་ཁྱིམ་ནས་བྱུང་། ལོང་བར་མི་འགྱུར་ཞེ་འོང་མི་འགྱུར་ཞིང་། དེའི་མིག་ནི་མེད་པར ་འགྱུར་བ་ཡིན། ནང་ཅན་མ་ཡིན་འཇིགས་རུང་དགྲ་ལྡན་མིན། བླ་ན་པོར་མི་འགྱུར་མི་ཤེས་མི་འགྱུར་རོ།། མིག་གྱུར་པར་ནི་ནམ་ཡང་མི་འགྱུར་ཞིང་། དེ་ཡི་མིག་ནི་ན་བར་འགྱུར་མ་ཡིན།། ་མི་གཅིག་མ་ཡིན་ཁྲོག་ལོང་མིག་མ་ཡིན། དེ་ཡི་མིག་ལ་མི་གསལ་མེད་པར་འགྱུར། མིག་ནི་རང་བཞི་གནག་ལ་རྣམ་པར་གསལ། སྲིད་པར་དེའི་མིག་ནི་དག་པར་འགྱུར། ནོར་བུ་འོང་བཟང་། ་ལྟར་ནི་དོན་ཞིབ་རྟོགས། བསྐལ་པ་གྲངས་མེད་དག་ཏུ་ནམ་ཡང་དེའི། ཤའི་མིག་ནི་ཡོངས་སུ་ཉམས་མི་འགྱུར། དེ་ལ་མིག་ནང་དག་ནི་མི་འབྱུང་སྟེ། མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན། ་དེ་བཞིན་ལག་རྩིས་གཟུགས་དང་རྟོག་གེ་རྣམ། རྟོགས་པར་ཁོང་ཆུད་བཟོད་ལྡན་འཇིགས་པ་མེད། དེ་ནི་འཛངས་ལ་བློ་དང་ལྡན་པར་འགྱུར། བློ་ནི་ཤིན་ཏུ་ཆ་ཕྲད་དོན་དམ་མཐོང་། ་སྲིད་པ་དག་ལ་བྱེད་པ་མེད་པར་ལྟ། རྒྱལ་བའི་བསྟན་ལ་སྣང་བ་ཐོབ་པར་འགྱུར། དེ་བཞིན་འཇིག་རྟེན་འདྲེན་པ་སངས་རྒྱས་མཐོང་། མཐོང་ནས་དད་པས་མཆོད་པ་རབ་ཏུ་བྱེད། གཟུགས ་ཀྱི་དངོས་པོ་བཟང་དང་མཛེས་པར་འགྱུར། མཛའ་གཤེགས་དང་ནི་རྩ་ལག་སྐྱེ་བོ་དགའ། ཕྱུག་ཅིང་སྟོབས་ལྡན་ནོར་ནི་མང་བར་འགྱུར། མི་འཕྱེད་འཁོར་ནི་ཕུན་སུམ་ཚོགས་པ་ཐོག ་ཇི་ལྟར་མེར་མེས་མུན་པ་གསལ་ནས་སུ། ཀུན་ལ་འོད་ཀྱིས་སྣང་བ་ཁྱབ་པར་ལྟ། དེ་བཞིན་ཀུན་སྣང་བྱས་ནས་ལྷང་ངའོ།། མུན་པའི་དབང་དུ་ངེས་པར་དེ་མི་འགྲོ།། སངས་རྒྱས ་མཆོད་རྟེན་ལ་ནི་མི་གང་གིས། སེམས་ནི་དད་པས་མར་མེ་ཕྲེང་བ་ཕུལ། མར་མེ་ཕུལ་བས་སེམས་ནི་རྣམ་དག་ཅིང་། དེ་ནི་འཇིག་རྟེན་རིག་པའི་ཆོག་ཏུ་གསུང་། བལྟ་ན་སྡུག་ཅིང་རབ ་ཏུ་མཛེས་པར་འགྱུར། འཇིག་རྟེན་ཀུན་གྱི་དགའ་བ་སྐྱེ་བར་འགྱུར། ལྟད་མོ་མི་འདོད་བཀྲ་ཤིས་འདོད་མ་ཡིན།། གཡོན་ཕྱོགས་ལམ་ལ་དེ་ནི་རྟེན་མི་འགྱུར། དེ་ནི་འཇིག་རྟེན ་ལོག་ལྟ་གང་དག་དང་། ལམ་གོལ་གང་དག་ཡིན་པར་དེར་མི་མོས། རྒྱལ་ཕན་ཙམ་གྱིས་ཆོག་པར་དེ་འཛིན་ཅིང་། སུ་དང་ཡང་ནི་འཐབ་ཏུ་འགྲོ་མི་བྱེད། ཚེ་རབ་འབྱུང་མེད་མྱ་ངན་མེད ་པར་འགྱུར། དེ་ཡི་སེམས་ལ་ཡོངས་སུ་ཡི་ཆད་མེད། དེ་ཡིད་མ་ཆེས་པར་ཡང་མི་འགྱུར་ལ། བསམ་པ་ངན་དང་གནོད་པ་བྱེད་པ་མེད། རྒྱལ་བའི་ཕོ་བྲང་གང་དུ་དེ་སྦ་བ། ་རྒྱལ་པོ་དང་ནི་རྒྱལ་འཁོར་གྲགས་པར་འགྱུར། སྐྱ་ནད་ཀྱིས་ནི་ནམ་ཀྱང་དེ་མི་ཐེབས། ཕ་མར་མི་འགྱུར་མི་ནི་འགྱུར་མ་ཡིན། ལེགས་པར་གནས་ཤིང ་བདེ་དང་ལྡན་འགྱུར་ལ། དེ་ཡི་ལུས་ལ་ནད་རྣམས་འབྱུང་མི་འགྱུར། རྨི་ལམ་དུ་ནི་སྡིག་པ་མི་རྨི་ལ། དེ་ནི་ཇི་ལྟར་སྟོན་པ་དེ་ཚེ་ཤེས། དེས་ནི་ཡང་དང་ཡང་དུ་གཏེར་རྙེད་དེ། བདེ ་གཤེགས་མཆོད་རྟེན་མཆོད་པས་དེ་ལྟར་འགྱུར། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བའི་སེམས་ཅན་དེ་ནི་འདུན་པ་བཞི་ཐོབ་སྟེ། བཞི་གང་ཞེ་ན། ་ལུས་ཀྱི་འདུན་པ་དང་། ལོངས་སྤྱོད་ཀྱིས་མདུན་པ་དང་། རིགས་བཙུན་པར་སྐྱེ་བའི་འདུན་པ་དང་། ཤེས་རབ་ཐོབ་པ་སྟེ། ཤ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན ་ལ་མར་མེ་དབུལ་བ་ཕུལ་བས་བདུན་པ་བཞི་པོ་དེ་དག་ཐོབ་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཏེ། བདེ་བར་གཤེགས་པས་དེ་སྐད ་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་ཕུལ། དེ་ཡིས་ལུས་རྫོགས་པ་དང་ཆེ་སྟོབས་འགྱུར། དེ་ནི་ནམ་ཀྱང་རྩོད ་བ་སྟོན་མི་བྱེད། དབང་ཕྱུག་ཚུགས་པ་མེད་པ་ཕྱོགས་བཅུར་སྤྱོད། དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་ཕུལ། རྣམ་པར་གྲགས་པར་ལོངས་སྤྱོད་ལྡན་པ་དང་། ཡོན་ཏན་མཆོད་ལྡན་རབ་མཆོག ་ཁྱིམ་དུ་ཀྱེ། སྐྱེས་ནས་ཆ་རབས་དྲན་པ་ཉིད་དུ་འགྱུར། གཡོག་འཁོར་ཕུན་སུམ་ཚོགས་པ་མཆོག་ལྡན་འགྱུར། སྲོག་ཆགས་རྣམས་ལ་རྟག་ཏུ་སྙིང་རྩེ་བྱེད། རྟག་ཏུ་མི་འཚེ་ཤིན་ཏུ་ངེས་པར ་འགྱུར། རྣམ་ལྟུང་འགྲོ་བའི་ཁྱིམ་དུ་དེ་མི་སྐྱེ། ཤ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་བས། ཡོངས་སུ་དག་པར་བཞི་ཐོབ་ཏེ། བཞི་གང་ཞེ་ན། ལུས ་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་དང་། འཛའ་བཤེས་ཡོངས་སུ་དག་པའོ།། ཤ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ། སྐྱེ་བའི་གནས་དེ ་དང་དེ་དག་དུ་སྐྱེས་པ་ན་སྲོག་གཅོད་པ་སྤོང་བར་འགྱུར། དེ་སྲོག་གཅོད་པ་མི་བྱེད་དོ།། མ་བྱིན་པར་མི་ལེན་ཏོ།། འདོད་པ་ལོག་པར་དབེན་པ་སྤོང་བར་འགྱུར་ཏེ། རང་གི་ཆུང་མ་ལ་ཡང་ལོག ་པར་མི་སྟེན་ནོ།། འབྲུ་འཆང་དང་། བཅོས་པའི་ཆང་བཏུང་བ་སྤོང་བར་བྱེད་དོ།། སེམས་ཅན་གང་ལ་ཡང་། འབྱུག་པ་འམ་མཚོན་ནམ། བོང་བ་འམ། ཁུ་ཚུར་རམ། མཚོན་ཆར་གྱུར་པ་གང་ཡང ་རུང་བས་རྣམ་པར་འཚེ་བར་མི་བྱེད་དོ།། དེ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་ལྡོག་པར་འགྱུར་རོ།། ཤ་རིའི་བུ་དེ་དག་ན་ལུས་ཀྱི་ཡོངས་སུ་དག་པ་ཞེས་བྱའོ།། དེ་དག་གི་ཡོངས་སུ་དག ་པར་སྨྲ་བར་སྤོང་བ་ཡིན་ཏེ། དེ་མཐོང་བ་འམ། མ་ཐོས་པ་རྗོད་པར་མ་བྱེད་ལ། མཐོང་བ་དང་མ་ཐོས་པ་དྲིས་པ་ཡང་དུས་མ་ཡིན་པར་སྨྲ་བར་མི་བྱེད་དེ། དེ་མཐོང་བ་འམ། ཐོས་པ་དྲིས་ན་ཡང་དག་པར ་སྨྲ་བར་བྱ་སྟེ། བདག་གི་དོན་ནམ་གཞན་གྱི་དོན་ཏུ་ཡང་རུང་སྟེ། ལོག་པར་མི་སྨྲའོ།། གཞན་དག་གིས་བརྫུན་དུ་སྨྲ་བ་བཅོལ་བའི་ཚེ་ཡང་དག་པར་ཤེས་ན་བདེན་པ་བསྲུང་བར་བྱེད་དེ། ངག ་གིས་ཡོངས་སུ་མ་དག་པ་དེ་དག་སྤོང་བར་བྱེད་དོ།། དེ་དག་དབྱེ་བའི་ཕྱིར་འདི་ནས་ཐོས་པ་བ་གིར་མི་སྟོད། དེ་དག་དབྱེ་བའི་ཕྱིར་བ་གི་ནས་ཐོས་པ་འདིར་མི་སྟོད་དེ། མཐུན་པ་རྣམས་ནི ་བཅུག་པར་བྱེད་ཅིང་། བྱེ་བ་རྣམས་ལ་ནི་སྡུམས་བྱེད་དོ།། དེ་དག་རྩུབ་པོ་སྤང་བ་ཡིན་ཏེ། ངག་གང་ཞེར་འདེབས་པ། བརླང་བ་གཞན་ལ་བརྩུབ་པ། གཞན་ལ ་མི་བདེན་པ། མི་སྡུག་པ། མི་འདོད་པ་མི་དགའ་བ། ཡིད་དུ་མི་འོང་བ། གཞན་ལ་གནོད་པ། ཁོན་དུ་འཛིན་པའི་ངག་དེ་ལྟ་སྤངས་ནས། ངན་སྙན་པ་འཇམ་པ། ཡིད་དུ་འོང་བ། བདེན་པ། རྣར ་སྙན་པ། སྙིང་དུ་སྡུག་པ། འཛམ་པར་འགྱུར། སྐྱེ་བོ་མང་པོ་འགུ་བ། སྐྱེ་བོ་མང་པོ་འདོད་པ། དགའ་བ། ཡིད་དུ་འོང་བ། དགྲ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དེ་ལྟ་བུའི་ངག་སྨྲའོ།། དེ ་ཚིག་ཀྱ་ལ་པ་སྤང་བ་ཡིན་ཏེ། དེ་སྤང་བར་བྱེད་པ་གཞན་དང་མི་སྨར་བ་ཡིན། དེ་བཞིན་གྱི་ལག་རྩིས་དང་བརྡ་དང་སྦེང་བར་བྱེད་དོ།། དེ་མང་དུ་སྨྲ་བར་མི་བྱེད། དུས་མ་ཡིན་པར་སྨྲ་བར་མི་བྱེད་ལ།། ་མྱ་ངན་ལས་འདས་པ་དང་མི་ལྡན་པའི་ཚིག་མི་སྨྲ་སྟེ། དེ་ལྟར་དེ་དག་གི་ལས་ཡོངས་སུ་མ་དག་པ་སྤོང་འདི་ནི། ཤ་རིའི་བུ་ངག་གི་ལས་ཡོངས་སུ་དག་པ་ཞེས་བྱའོ།། དེ་ཡིད་ཀྱིས་ཡོངས་མ ་དག་པ། སྤོང་བ་ཡིན་ཏེ། དེ་བརྣབ་སེམས་སུ་མི་བྱེད་ཅིང་། དེ་གཞན་གྱི་ནོར་དང་། གཞན་གྱི་རྫས་དང་། གཞན་གྱི་ཡོ་བྱད་དག་ལ་བརྣབ་སེམས་མི་བསྐྱེད་དོ།། དེ་གནོད་སེམས་མི་བྱེད་དོ།། གནོད ་སེམས་སྤོང་བ་ཡིན་ནོ།། ལོག་པར་ལྟ་བ་ཡང་སྤོང་སྟེ་སྡིག་པའི་ལྟ་བ་ཅན་མ་ཡིན་ནོ།། དེ་ལྟར་ཡིད་ཀྱི་ལས་ཡོངས་སུ་མ་དག་པ། སྤོང་བ་འདི་ནི་ཡིད་ཀྱི་ལས་ཡོངས་སུ་དག་པ་ཞེས་བྱའོ།། མཛའ ་བ་ཤེས་ཡོངས་སུ་དག་པ་ཡང་ཐོབ་སྟེ། གང་དག་བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་བཏུང་བ་སྤང་བ་དང་། མི་རྔུབ་པ་དང་། མི་བརླང་བ་དང་། ལེགས་པར་སྡོམ་པ། ་དང་། ཡང་དག་པའི་ལྟ་བ་ཅན་དེ་དག་ལ་རྟེན་ཅིང་གོང་དུ་ཡང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་ལ ་ཡང་སྟེན་ཅིང་སྙེན་བཀུར་བྱེད་དེ། ཤ་རིའི་འདི་ནི་ཡོངས་སུ་དག་པ་བཞི་པ་སྟེ། མཛའ་བཤེས་ཡོངས་སུ་དག་པ་ཞེས་བྱའོ།། ཤ་རིའི་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དབུལ་བ ་ཕུལ་བས། ཡོངས་སུ་དག་པ་བཞི་པོ་དེ་དག་ཐོབ་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ།། བདེ་བར་གཤེགས་པས། དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན ་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣམ་པར་སྦྱང་ཕྱིར་བདེ་གཤེགས་གསུངས་པ་ལ།། ལུས་དང་ངག་དང་ཡིད་ཀྱིས་ཤིན་དུ་སྔ་མས། ལྟ་བ་མ་རྙེད་ཚུལ་ཁྲིམས་རྣམ་པར་དག། དེ་ཡི ་མིག་ནི་ཡིད་ལས་བྱུང་བ་ཡིན། མིག་བཞིན་ཕྱོགས་རྣམས་སུ་ནི་ཤིན་དུ་གསལ། དེ་ཡིས་ཟག་ཟད་པ་མྱུར་དུ་ཤེས། དེ་ཡིད་བློ་ནི་རྫུ་འཕྲུལ་ཆེ་བར་འགྱུར། ལྷ་མིག་རྡུལ་དང་བྲལ་ཞིང་ཟག་པ ་མེད། བློ་ལྡན་དེ་ཡིས་འཇིག་རྟེན་སེམས་རྣམས་དང་། ལྷའི་མངོན་ཤེས་སོ་སོ་རིག་པ་ཤེས། འདོད་ན་ཉན་ཐོས་བྱང་ཆུབ་རྙེད་མི་དཀའ། མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ།། དྲང་སྲོང ་ཆེན་པོའི་ཆོད་རྟེན་མར་མེ་ཕུལ། གལ་ཏེ་སངས་རྒྱས་བྱང་ཆུབ་འདོད་ནའང་སཱ། བློ་ལྡན་པ་གསུམ་ཆང་ཉམས་པ་མེད། ཤེས་རབ་མིག་ལྡན་ལོངས་སྤྱོད་ཆེན་པོར་འགྱུར། ཤ་རིའི་བུ། ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བ་ཕུལ་ན། སྐྱེ་བའི་གནས་དེ་དང་དག་ཏུ་འདུན ་པར་འགྱུར་བའི་ཆོས་ཀྱི་མཆོག་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། ཤའི་མིག་མཆོག་ཐོབ་པ་དང་། དྲན་པ་ལྟར་མི་མཐོང་བ་ཐོབ་པ་དང་། བསྒོམས་པ་ཡོངས ་སུ་རྫོགས་པས་ངེས་པར་བྱེད་པའི་ཆ་དང་མཐུན་པའི་ལྷ་མིག་མཆོག་ཐོབ་པ་དང་། ཤེས་རབ་ཡོངས་སུ་རྫོགས་པས་ཚུལ་ཁྲིམས་ཉམས་པ་མེད་པ་ཐོབ་པ་དང་། སྔོན་བསོད་ནམས་ལེགས ་པར་བྱས་པས་དལ་བ་ཕུན་སུམ་ཚོགས་པ་ཐོབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་མིག་ཏུ་གྱུར་པས་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། ཤ་རིའི་བུ་རིགས་ཀྱི་བུ་འམ ་རིགས་ཀྱི་བུ་མོས་མར་མེ་ཕུལ་བའི་དགེ་བའི་རྩ་བ་དེས། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པ་སྟེ་དེ་ལ་ཡང་ཞེ་འགྲས་པ་མེད་པའི་ཡིད་དང་ལྡན་ཞིང་། མཆོག་ཏུ་ལྟ་ན ་སྡུག་པར་འགྱུར་བ་འམ། ལྷའི་དབང་པོ་རྒྱ་བྱིན་རྫུ་འཕྲུལ་ཆེན་པོ་ཐོབ་ཅིང་མིག་སྟོང་དང་ལྡན་པ་ཐོབ་པར་འགྱུར་བ་འམ། ཚངས་པའི་གནས་ལ་མཁས་པའི་ཚངས་པར་ཡང ་འགྱུར་ཏེ། གྲགས་པའི་བསམ་གཏན་ཐོབ་པར་འགྱུར་བ་སྟེ། དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པས། འདུན་པར་འགྱུར་བའི་ཆོས་ཀྱི་མཆོག་བརྒྱད་པ་དེ་དག་ཐོབ ་པོ།། གཞན་ཡང་ཆོས་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་དཔག་ཏུ་མེད་པ་ཐོབ་པ་དང་། སངས་རྒྱས་ཀྱི་སྤོབས་པ་དཔག་ཏུ་མེད་པ་ཐོབ་པ་དང་། སངས་རྒྱས ་ཀྱི་རྫུ་འཕྲུལ་དཔག་ཏུ་མེད་པ་དང་། སངས་རྒྱས་ཀྱི་ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། སངས་རྒྱས་ཀྱི་ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། སངས་རྒྱས་ཀྱི་ཤེས་རབ་དཔག་ཏུ ་མེད་པ་དང་། སངས་རྒྱས་ཀྱི་རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་། སེམས་ཅན་གྱི་སེམས་དང་། བསམ་པ་དཔག་ཏུ་མེད་པ་ལ་འཇུག་པ་ཐོབ་སྟེ། ཤ་རིའི་བུ་མར་མེ་ཕུལ ་བས་དེ་ལྟར་རྣམ་པར་སྨིན་པ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བ་ཡིན་ནོ།། ཤ་རིའི་བུ་གཞན་ཡང་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཆོས་འཆད་པ་པ་ན། ཀྱེ་ཨེ་མ་ཧོ ་ཆོས་འཆང་ངོ་།། ཀྱེ་ཨེ་མ་ཧོ་ཆོས་རབ་ཏུ་སྟོན་ཏོ་ཞེས། མར་མེ་དབུལ་བ་འཕུལ་བའི་མར་མེ་དེ། ཏིལ་གྱི་མར་མེར་རྗེསུ་བཟུང་བས་ཆོས་ཀྱི་མར་མེ་རྗེས་སུ་འཛིན་པར་བྱེད་དོ།། དེ་མར ་མེ་ཕུལ་བའི་དགེ་བའི་རྩ་བ་དེས་ཚོགས་དཔག་ཏུ་མེད་པ་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། དྲན་པའི་ཚོགས་དཔག་ཏུ་མེད་པ་དང་། དེ་བཞིན་དུ་སྦྱར་ཏེ། བློ་གྲོས་ཀྱི་ཚོགས་དང་། དད ་པའི་ཚོགས་དང་། བརྩོན་འགྲུས་ཀྱི་ཚོགས་དང་། ཤེས་རབ་ཀྱི་ཚོགས་དང་། ཏིང་ངེ་འཛིན་ཀྱི་ཚོགས་དང་། སྤོབས་པའི་ཚོགས་དང་། བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཐོབ་པ་སྟེ། ་ཚོགས་དཔག་ཏུ་མེད་པ་བརྒྱད་པོ་དེ་དག་ཐོབ་པར་འགྱུར། སོ་སོ་ཡང་དག་པར་རིག་པ་བཞི་ཡང་ཐོབ་སྟེ། རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཐོབ་པར་འགྱུར་རོ།། ་ཤ་རིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ང་དེང་པའི་སེམས་ཀྱིས་ཐལ་མོ་སྦྱར་བ་བྱས་པའི་དགེ་བའི་རྩ་བ་དེས།། ཆོས ་མཆོག་ཏུ་བྱུང་བ་བརྒྱད་ཐོབ་ཏེ། བརྒྱད་གང་ཞེ་ན། གཟུགས་མཆོག་ཏུ་བྱུང་བ་ཐོབ་པ་དང་། གཡོག་འཁོར་མཆོག་ཏུ་བྱུང་བ་ཐོབ་པ་དང་། ཚུལ་ཁྲིམས་མཆོག་ཏུ་བྱུང་བ་དང་། ་ལྷ་དང་མི་རྣམས་སུ་སྐྱེ་བ་མཆོག་ཏུ་བྱུང་བ་དང་། དད་པ་མཆོག་ཏུ་བྱུང་བ་དང་། སྤོབས་པ་མཆོག་ཏུ་བྱུང་བ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་འཕགས་པའི ་ལམ་ཐོས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ།། ཤ་རིའི་བུ་དེ་ཅིའི་ཕྱིར་ཞེ་ན་དཔག་ཏུ་མེད་པ་ཞེས་བྱ་ཞེ་ན། དེ་བཞིན་གཤེགས ་པ་ལ་མཆོད་པའི་འབྲས་བུ་དཔག་ཏུ་མེད་པའི་ཕྱིར་ཏེ། ཕན་ཡོན་དཔག་ཏུ་མེད་པ་ཡིན་ནོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། བརྩམ་བྱོས་མངོན་པར་འབྱུང་བར་བགྱིས། ་སངས་རྒྱས་བསྟན་པ་བརྩོན་པར་བྱའོ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། འཆི་བདག་སྡེ་རྣམས་གཞོམ་པར་བགྱིས། ཞེས་ཆེད་དུ་བརྗོད་པའི་དེ་ཆེད་དུ་རྗོད་པར་མཛད་དོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་ལ་བཀའ་སྩལ་པ། ཤ་རིའི་བུ་ཆོས་ལྔ་པོ་འདི་དག་ནི་མཆོག་ཏུ་རྙེད་པར་དཀའ་བ་སྟེ། ལྔ་གང་ཞེ་ན། མིར་སྐྱེ་བ་ཐོབ་པ་དང་། དེ་བཞིན ་གཤེགས་པའི་སྟོན་པ་ལ་རབ་ཏུ་འབྱུང་བ་དང་། དེ་ལ་མངོན་པར་དགའ་བ་དང་། ཚུལ་ཁྲིམས་ཡོངས་སུ་རྫོགས་པ་དང་། ཟག་པ་ཟད་པ་སྟེ། ཤ་རིའི་བུ་ཆོས་ལྔ་པོ་དེ་དག་ནི་སེམས ་ཅན་ཐམས་ཅད་ཀྱིས་མཆོག་ཏུ་རྙེད་པར་དཀའ་བ་སྟེ། དེ་དག་ནི་ཁྱེད་ཐམས་ཅད་ཀྱིས་ཐོབ་ཟིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པ་དེ་སྐད ་གསུང་ནས། དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱང་ཆུབ་དོན་ཕྱིར་སེམས་ཅན་ཕན་འདོད་པས་གཤེགས་མཆོད་རྟེན་དབུལ་བའི་འདོད་བྲལ་བས།། ་མཁས་པ་དེ་ཡིས་བྱས་པའི་ལས་དེས་ནི། ཚེ་རབ་ཀུན་ཏུ་ཁྱད་པར་ཅན་དུ་འགྱུར། འདི་ནས་ཤི་འཕོས་ལྷ་མིས་མངགས་པ་ཡིས། ཡང་སྲིད་དམ་པ་དེ་ནི་ཐོབ་པར་འགྱུར། རི་རབ་བཞིན་དུ་དེ་ནི ་མི་གཡོ་བ། འོད་ཟེར་དག་གིས་ཕྱོགས་ཀུན་སྣང་ཞིང་མཛེས། ལྷ་ཚོགས་ཀྱིས་མཐོང་ནས་གུས་དང་བཅས། མཆོག་ཏུ་གུས་པས་དེ་ལ་དགའ་བ་སྐྱེད། བསྟོད་པ་བྱེད་ཅིང་དེ་ལ་མཆོད་པ ་བྱེད། ཡང་དང་ཡང་དུ་ལྟ་བས་ངོམས་པ་མེད། བསོད་ནམས་མཚན་བྱས་དེ་ནི་ལྷས་མཆོད་འོས། ཚངས་པའི་གནས་ན་ཚངས་པ་མཛེས་པ་འདྲ། ཅི་ཡི་ལས་ཤིག་ངེས་པར་འདི་སྟན་ན། གང ་གིས་དེ་ཡིས་ལུས་ནི་ཤིན་ཏུ་མཛེས། འདི་ན་བསོད་ནམས་མི་འདོད་སུ་ཞིག་ཡོད།། འཕགས་པའི་ཚུལ་ཁྲིམས་མཁས་པ་སུ་མི་སྟོན། ཐུབ་པ་མཐོང་ན་ལྟ་བས་མི་ངོམ་སྟེ། ཆོས་ཐོས་ནས ་ནི་སུ་ཞིག་བག་མི་བྱེད། མི་ཡི་འཇིག་རྟེན་གནས་ཚེ་དེ་ཡི་ནི། བདེ་གཤེགས་རྟེན་ལ་མར་མེ་ཕུལ་བྱས་ཤིང་། བདེ་བར་གཤེགས་ཀྱི་སྟན་ལ་གནས་བཅས་པས། འདི་ན་ལྷ་མཆོག་རྙེད ་བ་ལེགས་པར་རྙེད། མི་ཡི་ལུས་ནི་བདག་གིས་ཐོབ་གྱུར་ཅིག། རྒྱལ་བའི་བསྟན་ལ་དད་པ་མཆོག་ཐོབ་ཤོག། གལ་ཏེ་བག་མེད་གྱུར་ན་ལུས་འདོད་གྱི། ཆོས་ཀྱི་དམ་པ་འདོར་བར ་ཡོང་མ་འགྱུར། མི་ལུས་རྙེད་པར་དཀའ་བ་ཐོབ་གྱུར་ནས། བླུན་རྣམས་ཅི་ཕྱིར་རང་གི་དོན་མི་བྱེད། བདེ་གཤེགས་བསྟན་ལ་གནོད་བྱེད་སེམས་ལྡན་ན། ཤི་ནས་གཡངས་ས་ཆེན་པོར ་ལྟུང་བར་འགྱུར། དེ་ཡི་འབྱོར་པ་རྒྱ་ཆེན་ལྷས་ཟོས་ནས། སྐྱོ་བ་སྐྱེས་ཏེ་སྨོན་ལམ་འདེབས་བྱེད་པ། མི་ཡི་ལུས་ནི་བདག་གིས་ཐོབ་གྱུར་ཅིག། ལེགས་སྟོན་གྱུར་ནས་ཚང་སྤྱོད་བདག་སྟོན ་ཤོག། འཆི་བའི་དུས་བྱེད་ཚེ་ཡང་དེ་བཞིན་དུ། ཆོས་ལ་ཕན་ཞིང་སེམས་ལ་བསལ་གྱུར་ཅིག། ལྷ་སྟོང་བྱེད་པ་ལྷ་མོ་རྣམས་བྱས་པས། དེ་ནི་བདག་གིས་ཡིན་ཅེས ་དགའ་བར་བྱེད། ལྷའི་བུ་མོ་ཡིད་འོད་རྒྱར་བ་རྣམས། སྐྱེད་མོས་ཚལ་བཞིར་དེ་ནི་རྩེ་བྱེད་འཇུག། ཡིད་དུ་འོང་བའི་སྤོས་དང་ཀུན་ནས་ལྡང་། ཀླུང་བྱངས་སྙན་པའི་སྒྲ་ཡང་ཐོས་པར་འགྱུར། ་བསྔགས་པའི་ལྷ་དེ་གང་དང་གང་འགྲོ་བ། དེ་དང་དེར་ན་གཟུགས་བཟང་རྣམས་ཀྱང་མཐོང་། མི་སྡུག་གཟུགས་ངན་ནམ་ཀྱང་མི་མཐོང་སྟེ། རྒྱལ་བའི་མཆོད་རྟེན་མར་མེ་འཕུལ་བས་འགྱུར། ་དེ་ནས་ཤི་འཕོས་མི་ཡི་སྲིད་པ་འདིར། དྲན་པ་དང་ལྡན་ཞིང་མའི་མངལ་ན་གནས། བཙས་ནས་གང་ནས་ཤི་འཕོས་ཚེ་རབས་དྲན། འཕགས་པ་ཡེ་ཤེས་སྟོབས་ལས་ཉམས་མི་འགྱུར། བདེ་གཤེགས ་མཆོད་རྟེན་མར་མེ་ཕུལ་བྱས་པས། དེ་ཡི་ལས་བྱས་པ་ནི་དེ་ཉིད་ཀྱིས། འཁོར་ལོས་སྒྱུར་བ་མི་བདག་སྟོབས་ཆེན་ལྡན། ཡིད་འོངས་གཟུགས་ལྡན་བལྟ་ན་དགའ་བར་འགྱུར། དེའི་ལས ་བྱས་པ་དེས་ཚེ་རིང་འགྱུར། གཅིག་ཏུ་དག་པ་ཉིད་ཀྱི་བདེ་དང་ལྡན། དེའི་ལུས་ནི་ནད་སྐྱེ་ཉོན་མི་མོངས། མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིད་ནོ།། བདེ་བར་གཤེགས་ལ་མར་མེས་མཆོད ་མཆོད་བྱས་པས། རྐུམ་པའོ་གནོད་མེད་རྒྱལ་པོའི་ཆད་པ་མེད། བཤེད་མ་མེད་ཅིང་ཆུང་མ་བྱེད་པོ་མེད། དེ་ནི་ལས་ཀྱི་རྣམ་ཀྱང་གཙོ་མི་འགྱུར། བདེ་ཞིང་ལོ་ལེགས་གང་དུའང ་འཇིག་པ་མེད། རྟག་ཏུ་འབྱོར་ཅིང་ལེགས་འབྱོར་ནོར་འབྲུ་ལྡན། དེ་ཡིད་སྐྱེད་མོ་ཚལ་མཆོག་འཕྲེང་བ་དང་། ཚལ་དང་ཤིན་ཟན་ལོ་མ་སྣ་ཚོགས་བརྒྱད། དེ་ཡིས་འཇིག་རྟེན་གཅུ ་བོ་སངས་རྒྱས་མཐོང་། མཐོང་ནས་ཀྱང་ནི་མཆོག་ཏུ་དགའ་འགྱུར། དེ་དག་རྣམས་ལ་གུས་པར་དེ་མཆོད་བྱེད། རྒྱལ་སྲིད་སྤང་ནས་དགེ་སློང་ཉིད་ལ་སྟེན། བསྔགས་པ་མཐའ་ཡས ་གཟིགས་པ་མཐའ་ཡས་ཤིང་། མཐའ་ཡས་བློ་ལྡན་བདེ་གཤེགས་མཆོད་རྟེན་ལ། མར་མེ་ཕུལ་བས་མཐའ་ཡས་བློ་ལྡན་འགྱུར། མར་མེ་བཞིན་དུ་ཕྱོགས་རྣམས་ཀུན་ཏུ་གསལ། མར ་མེ་ཆེན་པོས་སྐྱེས་མཆོག་ཐུབ་པ་ཡི། མཆོད་རྟེན་གསལ་བྱས་རྣམ་དག་མིག་གིས་ནི། བྱང་ཆུབ་རྡུལ་བྲལ་ཟག་པ་མེད་པ་ཐོབ་ནས། དེ་ཕྱོགས་ཀུན་ཏུ་མར་མེ་བཞིན་དུ་གསལ། ་བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བས་ན། རྣམ་གྲོལ་བློ་མངའ་སྟོབས་བཅུ་རྣམ་ལྡན་ཞིང་། དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་བྱོན། ཀུན་ནས་སྤྱན་ལྡན་བདེ་བར་གཤེགས ་པར་འགྱུར། ཕྱོགས་རྣམས་དག་ནི་བགྲང་བྱས་འཇིག་རྟེན་ཁམས། གང་དག་ཇི་སྙེད་ཡོད་པ་མ་ལུས་པ། མར་མེ་ལྟ་བུ་མར་མེའི་རྒྱ་ཡིས་ནི། མ་ལུས་པ་དག་རྟག་ཏུ་སྣང་བྱས ་འགྱུར། བདག་ཉིད་ཆེ་ལ་མར་མེ་འབར་ཕུལ་བས། མཐུ་འབྱུང་གང་ཡིན་དེ་ནི་དེ་ཡིན་ནོ།། མར་མེ་འདྲ་བ་དག་ལ་སེམས་ཅན་ཀུན། ལྷག་བྱས་གལ་ཏེ་མཐུ་ཆེན་དོན་དམ་མཐོང་། ་རང་རྒྱལ་རྣམས་སུ་གྱུར་ལ་དེ་མཆོད་ཕྱིར། གཅིག་འགགས་མར་མེ་འབར་བར་བྱས་གྱུར་ལ། མར་མེ་སྙིང་པོ་རི་རབ་ཙམ་བྱས་ཤིང་། དེ་ཡིས་འཇིག་རྟེན་མ་ལུས་སྣང་བྱེད་ལ། རྣམ་པ ་དེ་འདྲས་མཐའ་ཡས་ཕྱོགས་ཀུན་དུ། གལ་ཏེ་མར་འབར་བར་བྱེད་གྱུར་ལ། རང་རྒྱལ་བྱང་ཆུབ་ཏུ་ནི་སྨོན་སེམས་ཀྱིས། སྐལ་པ་བརྒྱ་ཕྲག་མཐའ་ཡས་འབར་བྱེད་པས། གང་ཞིག ་བྱང་ཆུབ་ཕྱིར་ནི་སྨོན་སེམས་ཀྱིས། མཆོད་རྟེན་མཆོག་ལ་རྩཝ་མེད་གསལ་བྱེད་ན། དེ་བས་དེ་མཆོག་འབྲས་བུ་ཆེས་ཆེ་ཞེས། དོན་དམ་གཟིགས་པ་སངས་རྒྱས ་རྣམས་གཟུང་ངོ་།། ཕྱོགས་བཅུའི་སྐྱེ་བོ་གང་དག་དཔག་མེད་པ། རང་སངས་རྒྱས་ཉིད་མངོན་པར་འདོད་པའི་ཕྱིར། རེ་རེས་དེ་བཞིན་མར་མེ་རྣམས་ཕུལ་ཞིང་། བསྐལ་པ་གྲངས་མེད་དེ་ལ ་དགའ་བར་བྱེད། འཇིག་རྟེན་ཆེད་དུ་བདེ་གཤེགས་ཉིད་འདོད་ཅིང་། གང་ཞིག་འཇིག་རྟེན་དམ་པའི་མཆོད་རྟེན་ལ། མར་མེ་དབུལ་ལམ་ལན་ཅིག་ཕྱག་འཚལ་ན། དེ་བས་འདི་བསོད ་ནམས་འབྲས་བུ་ཁྱད་པར་འཕགས། སངས་རྒྱས་སྤྱོད་ཡུལ་མཐོང་དགའ་བསམ་མི་ཁྱབ། ཟོས་ནས་དད་དང་དགའ་བ་སྐྱེད་པར་བྱེད། དད་མེད་ཆོས་མཆོག་མ་ཐོབ་བྱིས་པ ་རྣམས། ཞུམ་ཞུམ་པོར་ནི་ཤིན་ཏུ་བྱེད་པར་འགྱུར། དེ་ཕྱིར་འཇིག་རྟེན་ཀུན་མགོན་གང་ཡིན་པ། དག་ཆོས་སྤྱོད་ཡུལ་ན་རྣམས་རྙེད་དཀའ་བས། ཐུབ་རྣམས་སྤྱན་སྔར་ཤིན་ཏུ་དང་སེམས ་ཀྱིས། སངས་རྒྱས་ཉིད་ཀྱི་ཆེད་དུ་སྨོན་ལམ་ཐོབ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་རིའི་བུ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ་ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟེར་བཅས་པའི་འཇིག་རྟེན་ཡིད་རང་སྟེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་མར་མེད་དབུལ་བ་ཞེས ་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་བྲད་ཉ་བར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པར་སྒྱུར་ཅིང་ཞུས་ཏེ། གཏན་ལ་བབ ་པའོ།། ། ཤུ་ལོ་ཀ་སུམ་བརྒྱརྩབཅུ་དྲུག།། ། རྒྱ་གར་སྐད་དུ། ཨརྱ་བུད་དྷ་མ་ཀུ་ཏན་ན་མ་མ་ཧཱ་ཡཱ་ན་སུ་ཏྲ་ན་མ་ཧཱ་དྷརྨ་པརྱ་ཡ་ན།། བོད་སྐད་དུ། ་