CLOSE WINDOW

F187: chos kyi 'khor lo'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། དྷརྨ་ཙག་ཀྲ་སུ་ཏྲ། བོད་སྐད་དུ། ཆོས་ཀྱི་འཁོར་ལོའི་མདོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚའོ།། ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སངས་རྒྱས་བཅོམ་ལྡན་འདས་བ་ར་ན་སེ་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག ་སྐྱེས་སོ།། ཤེས་པ་དང་། རིག་པ་དང་བློ་དང་། རྟོགས་པ་སྐྱེས་སོ།། དགེ་སློང་དག་ངས་སྔོན་མ་ཐོས་པའི་མདོ་སྡེ་རྣམས་ལ། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།། ་འདི་ནི་སྡུག་བསྔལ་འགོག་པའོ།། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཚུལ་བཞིན་ཡིད་བྱེད་པ་ན། མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་། བློ་དང་རྟོགས ་བྱ། པ་སྐྱེས་སོ།། དགེ་སློང་དག་ངས་སྔོན་མ་ཐོས་པའི་བདེན་པ་དེས་ངས་མངོན་པར་ཤེས་ཏེ་ཡོངས་སུ་ཤེས་པར་བྱའོ།། ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པས་མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་བློ་དང་། རྟོགས་པ་སྐྱེས་སོ།། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས ་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤང་བར་བྱའོ།། ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ།། ཤེས་པ ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པོ་དེ། ངས་མངོན་པར ་ཤེས་པས་མངོན་སུམ་དུ་བྱའོ།། ཞེས་ཚུལ་བཞིན་ཡིད་ལ་བྱེད་པས་ན་མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ངས་སྔོན ་མ་ཐོས་པའི་ཆོས་རྣམས་ལ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགསོ་པའི་བདེན་པ་དེས་ངས་མངོན་པར་ཤེས་པས་སྒོམ་པར་བྱའོ།། ཞེས་ཚུལ་བཞིན ་ཡིད་ལ་བྱེད་པས་མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི ་བདེན་པ་དེ་ངས་མངོན་པོས་ཡོངས་སུ་ཤེས་སོ།། ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང ་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས། སྤངས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད ་པ་ན་མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འགོག་པ་འཕགས ་པའི་བདེན་པ་དེས་ངས་མངོན་པར་ཤེས་པས་མངོན་དུ་བྱའོ།། ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། ་དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ། སྡུག་བསྔལ་འགོག་པར་འགྲོ་བའི་ལས་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྒོམ་མོ་ཞེས་ཚུལ ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ།། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་སྐྱེས་སོ།། དགེ་དྲུག་ང་ཇི་སྲིད་དུ་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་ད་ལྟར ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྒོམ་པའི་མིག་མ་སྐྱེས། ཤེས་པ་མ་ཡིན་རིག་པ་མ་ཡིན་བློ་མ་ཡིན་རྟོགས་པ་མ་སྐྱེས་པ་དེ་སྲིད་དུ་ད་ལྷ་དང་བཅས་པའི ་འཇིག་རྟེན། བདུད་དང་བཅས། ཚངས་པ་དང་བཅས། དགེ་སློང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང་། ངེས་པར ་དབྱུང་བ་དང་། མི་ལྡན་པ་དང་། རབ་ཏུ་གྲོལ་བ་དང་། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མིང་དུ་གནས་པར་མ་གྱུར་ཅིག། དགེ་སློང་དག་ངས་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་མ་ཤེས་སོ།། དགེ་སློང་དག་ངས་གང་ནས་འཕགས ་པའི་བདེན་པ་བཞི་པོ་འདི་རྣམས་ལ་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བའི་མིག་སྐྱེས་ཤིང་། ཤེས་པ་དང་རིག་པ་དང་བློ་དང་རྟོགས་པ་དེ་ནས། ་ད་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེར་བཅས་སྐྱོ་དགུ་དང་། ལྷ་དང་མིར་བཅས་པ་ལས་གྲོལ་བ་དང་། ་མི་ལྡན་པ་དང་། རབ་ཏུ་གྲོལ་བ་དང་། ཕྱིན་ཅི་ལོག་དང་། བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མ་གྱུར་ཅིག། དགེ་སློང་དག་ངེས་དེ་ནས་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ།། ཆོས་ཀྱི་རྣམ་གྲངས་དེ་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀོའུ་དི་ནྱ་དང་། ལྷ་བརྒྱད ་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀོའུ་དེ་ནྱ་ལ་བཀའ་སྩལ་པ། ཀོའུ་དི་ནྱ་ཁྱོད་ཀྱིས ་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས་ཀུན་འཚལ་ལོགསོ།། ཀོའུ་དི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། ཀུན་ཤེས་སམ། ཡད་བདེ་བར་གཤེགས་པ་ཀུན ་འཚལ་ལགས་སོ།། ཀུན་འཚལ་ལེགས་སོ།། ཚེ་དང་ལྡན་པ་ཀོའུ་དི་ནྱས་ཆོས་ཤེས་པས་དེའི་ཕྱིར་ཚེ་དང་ལྡན་པ་ཀོའུ་དི་ནྱ་ཀུན་ཤེས། ཀོའུ་དི་ནྱ་ཞེས་ཚིག་བླ་དགས་སུ ་བཏགས་སོ།། ཚེ་དང་ལྡན་བཀོའུ་དི་ནྱས་ཆོས་ཀུན་ཤེས་སོ།། ས་བླའི་གནོད་སྦྱིན་རྣམས་སྒྲ་སྒྲོགས་པར་བྱེད་དེ། གྲོགས་པོ་དག་བཅོམ་ལྡན་འདས་ཀྱི་བ་རན་སེར ་གྲོང་ཁྱེར་སྨྲ་བ་རི་དགས་ཀྱི་ནགས་སུ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་དགེ་སྦྱོང་ངམ་བྲམ་ཟེ་འམ། ལྷ་འམ ་བདད་དམ་ཚངས་པ་འམ་སུས་ཀྱང་འཇིག་རྟེན་ན་ཆོས་དང་མཐུན་པར་མ་བསྐོར་བར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་རྩེ ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་བསྐོར་བས་ལྷའི་རིས་མངོན་པར་འཕེལ་ཞིང་ལྷ་མ་ཡིན་གྱི་རིས་ཡོངས་སུ་ཉམས་སོ་ཞེས ་དབྱངས་སྒྲགས་སོ།། ས་སླའི་གནོད་སྦྱིན་རྣམས་ཀྱིས་སྒྲ་ཐོས་ནས། ནམ་མཁའ་ལ་རྒྱུ་བའི་གནོད་སྦྱིན་དང་རྒྱལ་ཆེན་བཞི་པའི་རིས་དང་། སུམ་ཅུ་རྩ་གསུམ ་པའི་ལྷ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ན། སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ་ཡུད་ཙམ་དེ་དང་། ཐང་ཅིག་དང་། ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲོགས་སོ།། ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་སྒྲ་སྒྲོགས་པར་བྱེད་དོ།། ་གྲོགས་པོ་དག་བཅོམ་ལྡན་འདས་ཀྱི་བ་ར་ན་སེར་དྲང་སྲོང་སྨྲ་བ་རི་དགས་ཀྱི་གནས་སུ་ལན་གསུམ་བཟླས་ཏེ། རྣམ་པ་བཅུ་གཉིས་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ། ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ་བདུད་དམ། ཚངས་པ་འམ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པ་འགའ་ཡང་མ་བསྐོར ་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་རྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་བསྐོར་བས་ལྷའི ་རིས་མངོན་པར་འཕེལ་ཞིང་། ལྷོ་མ་ཡིན་གྱིས་རིས་ཡོངས་སུ་ཉམས་སོ་ཞེས་དབྱངས་སྒྲགས་སོ།། བཅོམ་ལྡན་འདས་ཀྱི་བ་ར་ན་སེར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས ་སུ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པར་བསྐོར་བས་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས ་བྱ་བ། ཚིག་བླ་དགས་སུ་བཏགས་སོ།། ཆོས་ཀྱི་འཁོར་ལོའི་མདོ་རྫོགས་སྷོ།། ་རྒྱ་གར་སྐད་དུ། ཨརྱ་ཨད་བྷཱུ་ཏ་དྷརྨ་པརྱ་ན་མ། བོད་སྐད་དུ། འཕགས་པ་རྨད་དུ་བྱུང་བ་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་འཚལ ་བྱ་ཀ་ལན་ད་ཀ་གནས་པ་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ།། སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་དགོས་ཏེ། ལྷུང་བཟེད་ཐོགས་ནས། ་རྒྱལ་པོའི་ཁབ་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་མཐར་ཆགས་སུ་བསོད་སྙོམས་སྤྱོད་པའི་ཚེ། ཕྱོགས་ཤིག། ་ན་ཁང་པརྩེགས་པ་སྒོ་བརྒྱད་ཅུ་ཡོད་པ། བྱུགས་པས་བྱུགས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ་དང་། དར་གྱི་ལྡ་ལྡི་མང་པོ་དཔྱངས་པ་ཞིག་མཐོང ་ནས། དེ་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་ཁང་པ་བརྩེགས་པ་འདི་ལྟ་བུ་བྱས་ཏེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན ་ལ་ཕུལ་བ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱ་རུ ་རའི་འབྲས་བུ་ཁབ་ཙམ་གྱིས་སྲོག་ཤིང་བྱས་ལ་རྒྱ་ཤུགས་ཀྱི་ལོ་མའི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུང་འབྲུ་རྩམ་གྱི་རིང་སྲེལ ་བཅུག་ན་དེ་གཉིས་ལས་བསོད་རྣམས་ཤིན་ཏུ་ཆེ་བ་གང་ཡིན་སྙམ་མོ།། དེ་ཡང་འདི་སྙམ་དུ་སེམས་ཏེ། སྟོན་པ་ནི་བདག་གི་མངོན་སུམ་དུ་གྱུར། བདེ་བར་གཤེགས ་པ་ནི་བདག་གི་མངོན་སུམ་དུ་གྱུར་གྱིས། བཅོམ་ལྡན་འདས་ལ་བདག་གིས་དོན་འདི་ཉིད་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བདག་ལ་ཇི་སྐད་བསྟན་པ་བཞིན་དུ་བཟུང་། ་བར་བྱའོ་སྙམ་མོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བླངས་ཏེ། ཟས་ཀྱི་བྱ་བ་བྱས་ནས། བསོད་སྙོམས་ཀྱི་ཟས་བྱི་མ་སྤངས་ཏེ། ་