| Wylie | e-texts produced with BDRC’s OCR application |
ཐེག་པ་ཆེན་པོའི་མདོ།། རྫོགས་སོ།། རྒྱ་གར་སྐད་དུ། ཏྲི་དྷརྨྨ་ཀ་ནཱ་མ་སུ་ཏྲ། བོད་སྐད་དུ། ཆོས་གསུམ་པ་ཞེས ་བྱ་བའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན།། བཅོམ་ལྡན་འདས ་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་དུ་བཞུགས་ཏེ། དེ་ནས་བཅོམ། ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ན་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་དང་ལྡན་ན། སྦྱིན་པ་དག་མི་བྱིན་ཞིང་། ་བསོད་ནམས་དག་མི་བྱེད་ལ་ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་མི་བྱེད་དོ།། གསུམ་པོ་གང་ཞེ་ན་འདི་ལྟ་སྟེ། འདོད་ཆགས་དང་། སེར་སྣ་དང་བག ་མེད་པ་སྟེ། དགེ་སློང་དག་འདི་ན་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་པོ་དེ་དག་དང་ལྡན་པས་སྦྱིན་པ་དག་མ་བྱིན་ཞིང་། བསོད་ནམས་དག་མ་བྱས་པ། ་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པར་མ་བྱས་པས། ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ ་བར་འགྱུར་རོ།། དགེ་སློང་དག་སྐྱེས་བུ་དམ་པ་དམ་པའི་ཆོས་གསུམ་དང་ལྡན་པ་ནི། སྦྱིན་པ་དག་སྦྱིན་ཞིང་། བསོད་ནམས་བྱེད་ལ་ཚུལ་ཁྲིམས་ཡངས་དག་པར ་བླངས་ཏེ་གནས་པར་བྱེད་དོ།། གསུམ་པོ་གང་ཞེ་ན་འདི་ལྟ་སྟེ། མ་ཆགས་པ་དང་། སོར་སྣ་མེད་པ་དང་། བག་ཡོད་པའོ་དགེ་སློང་དག་དམ་པའི་ཆོས་གསུམ་པོ་དེ ་དག་དང་ལྡན་པ། སྐྱེས་བུ་དམ་པ་སྦྱིན་པ་དག་བྱིན་ཞིང་། བསོད་ནམས་དག་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པར་བྱས་པས། ལུས་ཞིག་ཏེ་ཤི་བཱི། ་ས་གསུཾཔ་@#འོག་ཏུ་བདེ་འགྲོ་མཐོ་རིས་ཀྱིས་འཇིག་རྟེན་རྣམས་ཀྱིས་ནང་དུ་སྐྱེ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ་བདེ་བར ་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། གང་ཕྱིར་སེར་སྣ་བག་མེད་པ།། སྦྱིན་པ་བྱིན་པར་མི་བྱེད་དེ།། དེ་ཕྱིར་བསོད་ནམས ་འདོད་པ་ཡི།། མཁས་པས་སྦྱིན་པ་སྦྱིན་པར་བྱེད།། སེར་སྣ་ཅན་གྱིས་འཇིགས་པ་ནི།། བཀྲེས་དང་སྐོམས་པ་འདི་ཡིན་ན།། གང་གི་འཇིགས་པས་འདིར་མི་བྱིན།། དེ་ཉིད ་མིའི་འཇིགས་པ་ཡིན།། གང་གིས་སེར་སྣའི་དབང་གིས་ན།། ཡོད་མ་བྱིན་པ་འཇིགས་པས་སྟེ།། འཇིག་རྟེན་འདི་དང་ཕ་རོལ་དུ།། དེ་ཡི་བྱིས་པ་དགོས་པར་འགྱུར།། ་གང་དག་སེར་སྣ་སྤངས་ནས་ཀྱང་།། དུས་སུ་སྦྱིན་པ་སྦྱིན་བྱེད་ན།། ཤི་ཡང་དེ་ནི་ཤི་མ་ཡི།། རྒྱགས་ཟད་པ་ཡི་འགྲོན་པོ་བཞིན།། གང་དག་ཤིན་དུ་བཏང་དཀའ་བ།། ཉུང་འམ ་མང་པོ་གཏོང་བྱེད་ན།། གཏང་དཀའ་གཏོང་བ་དེ་དག་ནི།། དཀའ་བའི་ལས་དག་བྱེད་པ་ཡིན་ནོ།། དམ་པ་མིན་པས་མི་རྟོགས་ཏེ།། དམ་ཆོས་ལས་འདའ་མི་བྱེད།། དེ་ཕྱིར ་དམ་པ་དམ་པ་ཡིན།། འདི་ནས་ཤི་བར་འགྱུར་བ་ན།། དམ་པ་མིན་པ་དམྱལ་བར་འགྲོ།། དམ་པ་དག་ནི་མཐོ་རིས་འགྲོ།། རྒ་བས་གཙེས་པ་ལ་ནི་སྐྱབས་མེད་དེ།། ཚེ་ཐུང་བ་ནི ་སྲོག་ཁྱེར་དུས་ཀྱང་ཉེ།། འཆི་བའི་འཇིགས་པ་འདི་མཐོང་རྣམས་ཀྱིས་ནི།། བསོད་ནམས་དབེན་སྦྱོར་དག་གིས་བྱ་བའི་རིགས།། བུད་མེད་སྤངས་འདི་བོར་བས་མཚོ་བ་གང་། ་དཀའ་བས་སྦྱིན་པ་ཉུང་ངུ་བྱིན་ན་ཡང་།། སྟོང་གི་མཆོད་སྦྱིན་བརྒྱ་སྟོང་བྱེད་པ་དེ།། དེ་ཡི་བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཅིའི་ཕྱིར་མཆོད་པ་ཡངས་ཤིང་བརྒྱ་ཆེ་བ།། མཆོད ་སྦྱིན་མཐུན་པ་དེའི་ལམ་མི་འགྲོ།། ཇི་ལྟར་སྟོང་གི་མཆོད་སྦྱིན་སྟོང་རྣམས་ཀྱང་།། དེའི་བཅུ་དྲུག་འཆར་མི་འགྱུར་ཞེ་ན།། བྱིས་པ་ལ་ལ་གསོད་ཅིང་གཅོད་བྱེད་འདིར།། གཞན་ནོ། ་མོ་བྱིན་ལེན་བྱེད་རླག་པར་འགྱུར།། མཆི་གདོང་བཅས་ཆད་པར་བཅས་པ་ཡིན།། ཡོན་དོའི་མཆོད་སྦྱིན་མཐུན་པའི་ལམ་མི་འགྲོ། དེ་ལྟར་མཆོད་སྤྲིན་ཡངས་ཤིང་རྒྱ་ཆེ་བ།། ་མཆོད་སྦྱིན་མཐུན་པའི་ལམ་དུ་མི་འགྲོ་བ།། དེ་ལྟར་སྟོང་གི་མཆོད་སྦྱིན་སྡོང་རྣམས་ཀྱང་།། དེའི་བཅུ་དྲུག་ཆར་ཡང་མི་ཕོད་དོ།། ལ་ལ་གང་དག་ཟེ་ལུམས་མ་ཡིན་པར།། ཆོས ་བཞིན་ནོར་རྣམས་ཐོབ་པ་སྟོང་བྱེད་པ།། དེ་དག་གཏང་དཀའ་གཏོང་བ་དེ་རྣམས་ནི།། རང་གི་བསོད་ནམས་ཀྱིས་ནི་ལྷ་གནས་འགྲོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས ་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།། ཆོས་གསུམ་པ་ཞེས་བྱ་བའི་མདོ་རྫོགས་སྷོ།། ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་ཞུ་ཆེན་གྱིས་ལོ་ཙཱ་བ་བན་དེ་དེ་བཙན་དྲས་སྦྱར་བ་ལ་ལོ་ཙཱ་བ་དཔལ་རྩེགས་ཀྱི་ཞུས་ཏེ་གཏན་ལ་ཕབ་པའོ།། ་