CLOSE WINDOW

F126: 'phags pa srid pa 'pho ba zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྫོགས་སོ།། རྒྱ་གར་གྱི་མཁན་པོ་ད་ན་ཤི་ལ་དང་། བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཞུ་དགོ། རྒྱ་གར་སྐད་དུ། ་ཨཱརྱ་བྷ་བ་སང་ཀྲ་ཏི་ན་མ་མ་ཧཱ་ཡ་ན་སུ་ཏ།། བོད་སྐད་དུ། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་འདའ་ཀ་གནས་པ་ན། ་དགེ་སློང་བརྒྱ་ཕྲག་བྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་། མདུན་དུ་བྱས་ནས་ཆོས་སྟོན་ཏེ། ཐོག་མར་ཡང་དགེ་བར་དུ་ཡང་དགེ། ཐ་མར་ཡང ་དགེ་དོན་བཟང་པོ།། ཡི་གེ་བཟང་པོ།། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ། ཡང་དག་པར་རབ ་རབ་ཏུ་སྟོན་ཏོ།། ཡང་དེའི་ཚེ་རྩཝ་མཉམ་དཀའི་རྒྱལ་པོ་མཁས་ལྡན་གཟུགས་ཅན་སྙིང་པོ།། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། འོད་མའི་ཚལ་བྱ། ་ཀ་ལན་འདའ་ག་གནས་པ་གང་ན་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་བྱིན་ནས། བཅོམ་ལྡན་འདས་ཀྱི་ནབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ ་བསྐོར་བ་བྱས་ནས་ཕྱོགས་ཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ཡུལ་མཉམ་དཀའི་རྒྱལ་པོ་མཁས་ལྡན་གཟུགས་ཅན་སྙིང་པོས། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་ལས་བགྱིས་ཤིང་བསགས་པ་འགགས་ནས། ཡུན་རིང་དུ་ལགས་པ། འགུམ་ཀའི་དུས་ཀྱི་ཚེ་སོ་སོར ་ཉེ་བར་གནས་ཤིང་མངོན་སུམ་དུ་འགྱུར་ལགས། ཇི་ལྟར་ན་འདུ་བྱེད་ཐམས་ཅད་སྟོང་པ་ལ། ལས་ཆབ་མི་འཚལ་བར་གདའ། དེ་སྐད་ཅེས་གསོལ་བ་དང་། ་བཅོམ་ལྡན་འདས་ཀྱིས་ཡུལ་མཉམ་དཀའི་རྒྱལ་པོ་མཁས་ལྡན་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། ་སྐྱེས་བུ་ཞིག་གཉིད་ལྡོག་པའི་རྨི་ལམ་ན། སྐྱེ་བོ་བཟང་པོའི་བུད་མེད་དང་ལྷན་ཅིག་ཀུན་དུ་སྤྱོད་པ་རྨིས་ནས་དེ་གཉིད་ལོག་པ་དེ་ལས་སད་ཀྱང་། སྐྱེ་བོ་བཟང་པོའི ་བུད་མེད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། རྨི་ལམ་གྱི་སྐྱེ་བོ་བཟང་མོ་བུད་མེད་དེ་ཡོད་པ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་མཆིས ་པ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་འདི་ཇི་སྙམ་དུ་སེམས། སྐྱེས་བུ་གང་གཉིད་ཀྱིས་ལོག་པའི་རྨི་ལམ་ན་སྐྱེ་བོ་བཟང་མ ་བུད་མེད་དང་། འགྲོགས་པ་རྨིས་པ་ལས་དྲན་པར་གྱུར་པ་དེ། མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ་བཅོམ་ལྡན་འདས ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཉིད་ལྡོག་པའི་རྨི་ལམ་གྱི་སྐྱེ་བོ་བཟང་མོའི་བུད་མེད་ནི། ཤིན་ཏུ་མ་མཆིས་ཤིང་མི་དམིགས་པ་ལགས་ན། ་དེ་དང་ཀུན་སྤྱོད་པ་ལྟ་ག་ལ་མཆིས་ཏེ། སྐྱེ་བོ་མི་བདེ་ཞིང་ཉམ་ཐག་པའི་ཕྱོགས་སུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་དེ་བཞིན ་ཏེ། སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ། མིག་གིས་ཡིད་བདེ་བ་གནས་པར་འགྱུར་བའི་གཟུགས་རྣམས་མཐོང་ནས་མངོན་པར་ཆགས་ནས་ལུས་དང་། ངག་དང ་ཡིད་ཀྱིས། འདོད་ཆགས་ལས་སྐྱེས་པ། ཞེ་སྡང་ལས་སྐྱེས་པ། གཏི་མུ་ལས་སྐྱེས་པའི་ལས་མངོན་པར་འདུ་བྱེད་དོ།། ལས་དེ་ཡང་མངོན་པར་འདུ་བྱས་ནས། ་འགག་གོ།། འགགས་ཀྱང་ཤར་ཕྱོགས་ལ་རྟེན་ཅིང་གནས་པ་མ་ཡིན། ལྷོ་དང་ནུབ་དང་བྱང་དང་། སྟེང་དང་འོག་དང་། ཕྱོགས་མཚམས་ལ་རྟེན་ཅིང་གནས་པ་ཡང་མ ་ཡིན་ཏེ། ཇི་ཙམ་དུས་གཞན་ཞིག་ན། འཆི་བའི་དུས་ཀྱི་ཚེ། སོ་སོར་ཉེ་བར་གནས་ཏེ། རྣམ་པར་ཤེས་པ་ཐ་མ་འགག་པ་ན། འདི་ལྟ་སྟེ། གཉིད་ཀྱིས་ལོག ་པ་ལས་སད་དེ། སྐྱེ་བོ་བཟང་མོའི་བུད་མེད་དྲན་བཞིན་དུ། ལས་དེ་ཡིད་ལ་མངོན་དུ་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟར་ན། རྣམ་པར་ཤེས་པ་ཐ་མ་འགག་ལ། ་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་ཡང་ན་ལྷ་རྣམས་ཀྱི་ནང་དུའམ། ཡང་ན་ནི་མི་རྣམས་ཀྱི་ནང་དུ་འམ་ཡང་ན་ནི་ལྷ་མ་ཡིན་རྣམས་ཀྱི་ནང་དུ་འམ།། ་ཡང་ན་ནི་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་འམ། ཡང་ནི་བྱོལ་སོང་རྣམས་ཀྱི་ནང་དུའམ། ཡང་ན་ཡི་དགས་རྣམས་ཀྱི་ནང་དུ་སྐྱེའོ།། རྒྱལ་པོ་ཆེན་པོ་སྐྱེ་བའི་ཆར ་གཏོགས་པའི་རྣམ་པར་ཤེས་པ་དང་པོ་སྐྱེས་མ་ཐག་ཏུ། གང་དུ་རྣམ་པར་སྨིན་པ་རབ་ཏུ་མྱོང་བ་སྣང་བར་འགྱུར་བ་དེ་འདྲ་བའི་སེམས་ཀྱི་རྒྱུད་རབ་ཏུ་འཇུག་གོ། རྒྱལ ་པོ་ཆེན་པོ་དེ་ལ་ཆོས་གང་ཡང་འདི་ནས་འཇིག་རྟེན་ཕ་རོལ་ཏུ་མི་འཕོ་མོད་ཀྱི། འཆི་འཕོ་དང་སྐྱེ་བར་སྣང་བ་ཡང་ཡོད་དོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ ་ཐ་མ་འགག་པ་གང་ཡིན་པ་དེ་ནི་འཆི་འཕོའོ།། རྣམ་པར་ཤེས་པ་དང་པོ་འབྱུང་བ་གང་ཡིན་པ་འདི་སྐྱེའོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་འགག ་པ་ན་ཡང་གང་དུ་ཡང་མི་འགྲོ་ལ་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་སྐྱེ་བ་ན་ཡང་གང་ནས་ཀྱང་མི་འོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་དབེན ་པའི་ཕྱིར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མས་སྟོང་། འཆི་འཕོ་ཡང་འཆི་འཕོས་སྟོང་། ལས་ཀྱང་ལས་ཀྱིས་སྟོང་། རྣམ་པར་ཤེས་པ་དང་ཐ ་ཡང་རྣམ་པར་ཤེས་པ་དང་པོས་སྟོང་། སྐྱེ་བ་ཡང་སྐྱབས་སྟོང་མེད་ཀྱི། ལས་ཀྱང་ཆུད་མི་ཟད་པར་རབ་ཏུ་སྐྱེའོ།། རྒྱལ་པོ་ཆེན་པོ་སྐྱེ་བའི་ཆར་གཏོགས་པའི། ་ཐ་མ་ཡང་རྣམ་པར་ཤེས་པ ་རྣམ་པར་ཤེས་པ་དང་པོ་དེ་བྱུང་མ་ཐག་ཏུ་གང་དུ་རྣམ་པར་སྨིན་པ་རབ་ཏུ་མྱོང་བར་སྣང་བར་འགྱུར་བའི་རྣམ་པར་ཤེས་པའི་རྒྱུན་རབ ་ཏུ་འཇུག་གོ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་གསུངས་སོ།། ་འདི་དག་ཐམས་ཅད་མིང་ཙམ་ཏེ། འདུ་ཤེས་ཙམ་དུ་རབ་ཏུ་གནས། བརྗོད་པས་བརྗོད་པར་བྱ་བ་ཡང་། གུད་ན་ཡོད་པ་མ་ཡིན་ནོ།། གང་དང་གང་གིས་མིང་རྣམ ་ཀྱིས། ཆོས་རྣམས་གང་གང་བརྗོད་པ། དེ་དག་ཡོད་པ་མ་ཡིན་ཏེ། དེ་དག་ཆོས་ཀྱི་ཆོས་ཉིད་དོ།། མིང་ནི་མིང་གིས་སྟོང་པ་སྟེ། མིང་ལ་མིང་ནི་ཡོད་མ ་ཡིན། མིང་གིས་ཡོངསུ་བརྗོད་པ་ཡིན། ཆོས་ཀུན་མིང་ཡོད་མ་ཡིན་ནོ།། ཆོས་འདི་དག་ནི་ཡང་དག་མིན། རྣམ་པར་རྟོག་ལས་ཀུན་དུ་འབྱུང་།། ་འདི་ལས་རྟོག་པ་གང་གིས་སུ། སྟོང་པར་རྣམ་རྟོག་དེ་མེད་དོ།། ཐམས་ཅད་གཟིགས་པས་ཀུན་རྫོབ་དུ། མིག་ལ་གང་ནང་གཟུགས་བརྗོད་པ། འཇིག་རྟེན་དག ་ན་ལོག་པ་ཡི། ང་རྒྱལ་ཅན་དག་བདེན་སྙམ་འམ། གང་ལ་རྣམ་པར་འདྲེན་པ་ཡིན། འདུས་ཚོགས་ལྟ་བར་བཤད་པ་ཡིན། དེ་ལ་བློ་དང་ལྡན་པ་རྣམས།། ་དོན་དམ་གདགས་པ་ཡིས་ཤེས་སྨྲ། མིག་གིས་གཟུགས་རྣམས་མི་མཐོང་ཞིང་། ཡིད་ཀྱིས་ཆོས་རྣམས་མི་ཤེས་པ། དེ་ནི་མཆོག་གིས་བདེན་པ་སྟེ། དེ་ལ་འཇིག ་རྟེན་དཔོག་མི་ནུས། བཅོམ་ལྡན་འདས་དགེས་ཤིང་དེ་སྐད་ཅེས་བཀའ་སྩལ་ཏོ།། ཡུལ་མཉམ་དཀའི་རྒྱལ་པོ་མཁས་ལྡན་གཟུགས་ཅན་སྙིང་པོ་དང་། དགེ་སློང ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངས ་པ་ལ་བངོན་པར་བསྟོད་དོ།། འཕགས་པ་སྲིད་པ་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སོ།། བཀྲ་ཤིས་ཤོག ་