| | e-texts navigator
|
290a1 སོགས་པ་གསལ་སྟེ། བླང་དོར་དང་། དབྱེ་བ་མི་སྲིད་དོ།། དེ་བཞིན་དུ་སྟོན་པའི་ཐུགས་རྗེ་ཡང་།། ཉི་མ་དང་འདྲ་སྟེ། ཐུགས་རྗེ་དབྲི་བསྐོལ་མེད་དོ།། དེ་བཞིན་དུ་སེམས་ཅན་རྣམ་པར
290a2 ཤེས་པ་དེ་དང་འདྲའོ།། དབྲི་བསྐོལ་མེད་དོ།། དེ་ནས་མངོན་རྫོགས་ཀྱི་རྒྱལ་པོས།། ལྷ་གནོད་འདུལ་ལ་སོགས་པ་ལ་བཀའ་སྩལ་པ། སྟོང་གི་འཇིག་རྟེན་གྱི་ཁམས་ཞིང་གི་རྡུལ་རྙེད་ལས། ལུས་ཞིང
290a3 གི་རྡུལ་རྙེད་དུ་སྤྲུལ་པས་སངས་རྒྱས་རྣམས་ལ་མཆོད་པ་བས་ནི། ཏནྟ་ཆེན་པོ་འདིའི་དོན་རྟོགས་པ་བསོད་ནམས་ཆེའོ།། དུས་གསུམ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་བས་ནི། ཏནྟ་ཆེན་པོ་འདི་ཡི
290a4 ཞལ་མཐོང་བ་བསོད་ནམས་ཆེའོ།། གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་བསྐུར་བ་བས་ནི། ཏནྟ་འདིའི་སྒྲུབ་པ་ལ་ཐང་ཅིག་ཡུད་ཙམ་ཞུགས་པ
290a5 བསོད་ནམས་ཆེའོ།། བསྐལ་པ་སྟོང་དུ་འགྲོ་བའི་དོན་བྱས་པ་བས་ནི། ཏནྟ་ཆེན་པོ་འདི་ཐང་གཅིག་ཙམ་བཅངས་སམ་ཀླགས་པ་བསོད་ནམས་ཆེའོ།། དམྱལ་བའི་འཇིག་རྟེན་གནས་འགྱུར་བ།། མ
290a6 ལུས་པ་ཡི་ལམ་ཡིན་ནོ།། སངས་རྒྱས་སེམས་སུ་མྱ་ངན་འདས།། སེམས་ནི་སངས་རྒྱས་ཀུན་གྱི་མེས།། ཡུལ་ནི་མ་བསྒྲུབ་བདེ་ཆེན་ཀློང་།། ཡུལ་ཆེན་གཉིས་མེད་སྤྲོས་དང་བྲལ།། ཀུན་བཟང་ནམ
iiif viewer powered by OpenSeadragon
289b - 290b