Catalog entry rKTs-G278
ཞི་ཁྲོ་འབུམ་རྒྱུད
zhi khro 'bum rgyud




Gkh030.011

དཔལ་ཧེ་རུ་ཀའི་གལ་པོ
dpal he ru ka'i gal po


Location
set MW2PD17382: volume a - folios 1b1-26b2



Gpb023.010

ཞི་ཁྲོ་འབུམ་རྒྱུད
zhi khro 'bum rgyud


e-text
Textual structure
Location
set MW1KG14783: volume 'a - folios 268a3-290b1



Gtn025.004

དཔལ་ཆེན་ཧེ་རུ་ཀའི་གལ་པོ
dpal chen he ru ka'i gal po
ཤྲཱི་ཧེ་རུ་ཀ་མན་ཏྲ་གུ་ཧྱ་ཏན་ཏྲ་ནཱ་མ
shrI he ru ka man tra gu h+ya tan tra nA ma


Textual structure
Location
set MW2PD19896: volume - folios 158b2-175a1

Colophon
དེ་ནས་བསྡུང་པ་པོ་རྡོ་རྗེ་རྣོན་པོ་ལ་སོགས་པ། །ཧེ་རུ་ཀའི་གལ་པོའི་ལྷ་ཐམས་ཅད་ཀྱིས་ཐམས་ཅད་ཧེ་རུ་ཀར་རྟོགས་ཏེ། །རྟོགས་པ་ཕུལ་ལོ། །སྟོང་གསུམ་ཡེ་ཤེས་དཀྱིལ་འཁོར་དུ། །དུར་ཁྲོད་ཆེན་པོ་བྱང་ཆུབ་ལུང། །རྟོགས་ཆེན་མཉམ་སྦྱོར་ཐུགས་ཀྱི་མཛོད། །བཤད་པས་ཉམས་པའི་སྙིང་པོ་འདི། །སངས་རྒྱས་གཞན་ནས་སྤྱན་མི་འདྲེན། །ཉིད་ལས་ཀུན་རྫོགས་གཞལ་ཡས་ཁང། །དངོས་གྲུབ་གཞན་དུ་མི་སློང་སྟེ། །གྲུབ་པའི་དཀྱིལ་འཁོར་རང་ལ་ཤར། །རེ་དགོས་མེད་པ་ཡེ་ནས་གནས། །གཞན་ནས་མི་སློང་ཉིད་ལ་རྫོགས། །མཉམ་ཉིད་མ་སྐྱེས་མྱ་ངན་འདས་ཞེས་བརྗོད་དོ། །ཤིན་ཏུ་དམ་ཞིང་ངོ་ཚར་སྐྱེས་ནས་སྟོན་པ་ལ་སྣ་དབང་ལྷག་ནས་ཉན་ཏོ། །དེ་ནས་ཡང་མངོན་རྫོགས་ཀྱི་རྒྱལ་པོའི། །གནོད་འདུལ་ལྷ་ལ་སོགས་པ་རྣམས་ལ་བཀའ་སྩལ་བ། །གནོད་འདུལ་ལྷ་ལ་སོགས་པ་ཁྱེད་རྣམས་ལ་ངས་ཆོས་འདི་བསྡུད་ལ་བཤད་དོ།། དཔལ་ཧེ་རུ་ཀའི་གལ་པོ་འདི་ནི།། རྒྱ་ཆེ་ཞིང་དོན་ཟབ་པ་ཡིན་ཏེ།། ཁྱོད་ཀྱིས་ཟིན་པར་གྱིས་ཤིག། རྟོགས་ཤིག་ཆོངས་ཤིག། ཧེ་རུ་ཀའི་གལ་པོ་འདི་ནི།། དཔེར་ན་མེ་དང་འདྲ་སྟེ།། ཆུ་དུན་ནས་ཆེ་བ་རི་རབ་ཀྱང་བསྲེག་གོ། ཐེག་པ་ཆེན་པོ་འདི་ནི།། ཉི་མའི་ཟེར་དང་འདྲ་སྟེ།། འཛམ་བུ་གླིང་བཞི་དང། རིའི་རྒྱལ་པོ་རྣམས་དང། ཁོ་ར་ཁོར་ཡུག་དང། གང་རྒྱུས་དང། གཡའ་རི་དང། བྲག་རི་དང། དེའུ་ལ་སོགས་ཐམས་ཅད་གསལ་ཏེ། །བླང་དོར་དང་དབྱེ་བ་སྲིད་མི་བྱེད་དོ།། དེ་བཞིན་དུ་སྟོན་པའི་ཐུགས་རྗེའི་ཡང་ཉི་མ་དང་འདྲ་སྟེ། །ཐུགས་རྗེས་ལ་འབྲི་བསྐོལ་མེད་དོ། །དེ་བཞིན་དུ་སེམས་ཅན་གྱི་རྣམ་པར་ཤེས་པ་ཡང་དེ་ཡང་འདྲ་བར་འབྲི་བསྐོམ་མེད་དོ། །དེ་ཡང་མངོན་རྫོགས་ཀྱི་རྒྱལ་པོས། །ལྷ་གནོད་འདུལ་ལ་སོགས་པ་ལ་བསྩལ་པ། །སྟོང་གི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཞིང་གི་རྡུལ་རྙེད་ལ། །ལུས་ཞིང་གི་རྡུལ་རྙེད་དུ་ཕུལ་བ་བས་ནི། །ཏན་ཏྲ་ཆེན་པོ་འདིའི་དོན་རྟོགས་པ་བསོད་ནམས་ཆེའོ། །དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་བས་ནི། །ཏན་ཏྲ་ཆེན་པོ་འདིའི་ཞལ་མཐོང་བ་བསོད་ནམས་ཆེའོ། །གང་གིས་རླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་བཀུར་བ་བས་ནི། ། ཏན་ཏྲ་ཆེན་པོ་འདི་ཡིས་སྒྲུབ་པ་ལ་ཐང་གཅིག་ཡུད་ཙམ་བཞུགས་པ་བསོད་ནམས་ཆེའོ། །བསྐལ་པ་སྟོང་དུ་འགྲོ་བའི་དོན་བྱས་པ་བས་ནི། །ཏན་ཏྲ་ཆེན་པོ་འདི་ཐང་གཅིག་ཙམ་བཅངས་པ་དང། བཀླགས་པ་བསོད་ནམས་ཆེའོ།། དྨཡལ་བའི་འཇིག་རྟེན་གནས་མ་གྱུར་པར་ཐར་པའི་ལམ་མ་ཡིན།། སངས་རྒྱས་སེམས་ཅན་མྱ་ངན་འདས། སེམས་ནི་སངས་རྒྱས་ཀུན་གྱི་མེས།། ཡུལ་ནི་མ་སྒྲུབ་བདེ་ཆེན་ཀློང།། ཡུལ་སེམས་གཉིས་མེད་སྤྲོས་དང་བྲལ།། །ཀུན་བཟང་ནམཁའི་མཚན་ཉིད་དེ། གནོད་འདུལ་ལྷའི་སེམས་ལ་གཏོད། །ཏན་ཏྲ་ཧེ་རུ་ཀའི་གལ་པོ་རྫོགསོ
de nas bsdung pa po rdo rje rnon po la sogs pa/ /he ru ka'i gal po'i lha thams cad kyis thams cad he ru kar rtogs te/ /rtogs pa phul lo/ /stong gsum ye shes dkyil 'khor du/ /dur khrod chen po byang chub lung/ /rtogs chen mnyam sbyor thugs kyi mdzod/ /bshad pas nyams pa'i snying po 'di/ /sangs rgyas gzhan nas spyan mi 'dren/ /nyid las kun rdzogs gzhal yas khang/ /dngos grub gzhan du mi slong ste/ /grub pa'i dkyil 'khor rang la shar/ /re dgos med pa ye nas gnas/ /gzhan nas mi slong nyid la rdzogs/ /mnyam nyid ma skyes mya ngan 'das zhes brjod do/ /shin tu dam zhing ngo tshar skyes nas ston pa la sna dbang lhag nas nyan to/ /de nas yang mngon rdzogs kyi rgyal po'i/ /gnod 'dul lha la sogs pa rnams la bka' stsal ba/ /gnod 'dul lha la sogs pa khyed rnams la ngas chos 'di bsdud la bshad do// dpal he ru ka'i gal po 'di ni// rgya che zhing don zab pa yin te// khyod kyis zin par gyis shig/ rtogs shig chongs shig/ he ru ka'i gal po 'di ni// dper na me dang 'dra ste// chu dun nas che ba ri rab kyang bsreg go/ theg pa chen po 'di ni// nyi ma'i zer dang 'dra ste// 'dzam bu gling bzhi dang/ ri'i rgyal po rnams dang/ kho ra khor yug dang/ gang rgyus dang/ g.ya' ri dang/ brag ri dang/ de'u la sogs thams cad gsal te/ /blang dor dang dbye ba srid mi byed do// de bzhin du ston pa'i thugs rje'i yang nyi ma dang 'dra ste/ /thugs rjes la 'bri bskol med do/ /de bzhin du sems can gyi rnam par shes pa yang de yang 'dra bar 'bri bskom med do/ /de yang mngon rdzogs kyi rgyal pos/ /lha gnod 'dul la sogs pa la bstsal pa/ /stong gi 'jig rten gyi khams sangs rgyas zhing gi rdul rnyed la/ /lus zhing gi rdul rnyed du phul ba bas ni/ /tan tra chen po 'di'i don rtogs pa bsod nams che'o/ /dus gsum gyi sangs rgyas kyi zhing yongs su sbyangs pa bas ni/ /tan tra chen po 'di'i zhal mthong ba bsod nams che'o/ /gang gis rlung gi bye ma snyed kyi sangs rgyas dang/ /byang chub sems dpa' la phyag 'tshal zhing bkur ba bas ni/ / tan tra chen po 'di yis sgrub pa la thang gcig yud tsam bzhugs pa bsod nams che'o/ /bskal pa stong du 'gro ba'i don byas pa bas ni/ /tan tra chen po 'di thang gcig tsam bcangs pa dang/ bklags pa bsod nams che'o// d+myal ba'i 'jig rten gnas ma gyur par thar pa'i lam ma yin// sangs rgyas sems can mya ngan 'das/ sems ni sangs rgyas kun gyi mes// yul ni ma sgrub bde chen klong// yul sems gnyis med spros dang bral// /kun bzang namkha'i mtshan nyid de/ gnod 'dul lha'i sems la gtod/ /tan tra he ru ka'i gal po rdzogso


Additional miscellaneous Collections

Mongolian Canon


source rKTs &