| | e-texts navigator
|
287a1 གནས་ནི་བདེ་བ་རྙེད། བྱིས་ནས། དེ་ལྟར་ཆོ་ག་ལྡན་པའི་ཚེ།། མི་དེ་དབུགས་དང་མ་བྲལ་ན།། ཡི་གེ་རང་གི་དབུགས་དང་བཅས་པ་ཡིས།། ཐེ་ཚོམ་མེད་པར་གནས་རྣམས་སྦྱངས། གོང་གི། གལ
287a2 དབུགས་དང་བྲལ་བ་ན།། ཕུང་པོའི་གནས་རོལ་གོང་བ། སུ་བུམ་པ་ཡི།། ཡེ་ཤེས་ཆུ་རྒྱུད་གྱིས་སྦྱངས་ན།། དེ་ཡང་ཐེ་ཚོམ་མི་ཟའོ།། གལ་ཏེ་ཕུང་པོ་ཞག་མང་བར་ལོན་པ་མེད་པ་ན།། འདི་ཉིད་ཤི་ནས་ཞག་གྲངས་ནི།། ཉི
287a3 ཤུ་རྩ་གཅིག་བར་དུ་ཡང་།། བདུན་པའི་ཚེ་ན་ཆོ་ག་འབད།། དམིགས་པའི་ཏིང་འཛིན་གོང་ལྟར་ལྡན་པ་གཅེས།། ཡང་ན་བདུན་ཕྲག་བདུན་དུ་བྱ།། དེ་ཚེ་དེ་ལ་སྦྲུལ་སྒྲ་དང་ལོངས་སུ་ཆོས། ལམ་ཡང་བསྟན།། ཆོས་ནི་སྣ
287a4 ཚོགས་བཤད་པར་བྱ།། དེ་ལྟར་ཆོ་ག་སུ་ལྡན་པ།། འདི་ཉིད་ལ་བདུན་ཚིགས་ཡང་ཐེ་ཚོམ་མེད།། ངེས་པར་འབྲས་བུ་ཐོབ་པའོ།། མི་རྟོག་ཐུབ་པ་ཡང་ཉོན་ཅིག། དེ་ལྟར་གོང་དུ་བསྟན་པ་རྣམས།། ཐ་མལ་རྣམས་ཀྱི
287a5 འཆི་ལུགས་ཏེ།། རྣལ་འབྱོར་པ་ནི་འདི་ལྟར་བརྟགས།། ཐ་མའི་དབང་པོ་ཐ་མ་ནི།། སྲིད་པ་བར་དོར་འཕྲོ་མཐུད་དེ།། དཔེ་ན་རྐང་ཆག་ཝ་བཞིན་ནོ།། དེ་བཞིན་དབང་པོ་འབྲིང་པོ་རྣམས།། རི་དྭགས་ལྟ་བུའི་འཆི
287a6 ལུགས་རི་འམ་ལུང་སྟོང་དུ་ཤི་བ་ནི།། རྣལ་འབྱོར་པ་ཡི་འཆི་ལུགས་སོ།། དེ་བཞིན་སེང་གེ་གང་ས་ཁྲོད་དུ་ལྟ་བུ་དང་།། གང་ཞིག་མུའི་རོ་ཡིན་ཆ་མེད་པར། སྤྲང་པོ་ལྟ་བུ་དང་།། དེ་བཞིན་བུ་ཆུང་ལྟར་ཤི་བ།། རྣལ་འབྱོར་འབྲིང
iiif viewer powered by OpenSeadragon
286b - 287b