| | e-texts navigator
|
283b1 རང་ས་ལ་ལ་སྟེ་ལྟེ་བ་དང་ལྦ་གིས་ནི་ཡི་གེ་ལྔ།། མུ་ཁྱུད་ཨཱ་ལིའི་ཨ་ལ་སོགས་པ་ཚོགས་ཀྱིས་བསྐོར།། དེ་ལྟར་འཁོར་ལོ་ལྔ་བྲིས་ཏེ།། མཆོད་དང་འཁོར་ལོ་དེ་རྣམས་ལ་བསྟོད་དང་སྡིག་པ་བཤགས།། སོ་སོར་ཅི་འདོད་གསོལ
283b2 བདག་གི་འཆི་བ་ཟློག་ཅིག་ལ་སོགས་པ་བ་གདབ། ས་ལྷ་སེར་མོ་ལ་སོགས་པ།། ལྟེ་བར་འབྱུང་བའི་ལྷ་བསམས་ལ།། ཡི་གེ་གྲངས་ནི་བརྗོད་ལ་ཡི་གེ་ལོ་གྲངས་ལ་སོགས་པ་བཟླ། བསྟིམ།། དེ་ནས་ཁམ་ཕོར་རྫའི་གའུ་ཁ་སྦྱོར་དུ།། འཁོར་ལོ
283b3 དེ་ཀུན་བཅུག་ནས་ནི།། ཚོན་སྐུད་ལྔ་ཡིས་རྒྱ་གྲམ་བཅིངས། ཁམ་ཕོར།། ཤིང་དང་ཆུ་སྣ་དང་མེ་!་དང་ས་སྭ།། རིགས་མི་མཐུན་པའི་ཁ་རླངས་ལ། སེམས་ཅན་རིགས་མི་མཐུན་པའི་ཁ་རླངས་ལ། དེ་ཀུན་བསྲེས་ལ་ཤིང་!
283b4 ལ་སོགས་པ་དར་ཟན་དང་།། བསྲེས་ལ་གཟུགས་ནི་ཁྲུ་གང་བྱ།། དབང་པོ་ལྔ་ལ་ཡི་མིག་ལ་སོགས་གེ་ནི།། རྒྱ་ཤོག་ལ་བྲིས་ཏེ་ཁོ་ལ་གླུད་ལ་གཏུམ་བཏོན་ཡང་གཞུག། དེས་ནི་འབྱུང་བ་ཉམས་པ་གསོ།། གལ་ཏེ་གདོན
283b5 གྱིས་བཟུང་བ་གདོན་བཀྲོལ་བའི་བཟློག་པ་བཤད་པར་བྱ། ན།། ངར་ཟན་སྐྱེས་བུའི་འམ་མོ་གའི་ལོ་སོང་ཆད། ཁ་དོག་དཀར་པོ་དམར་པོ་ལ་སོགས་ཉིད་ནི་བསྐུར་བྱས་ལ།། རང་གི་ལོ་གའི་དྲི་མ་ཁ་ཅུ་ལ་སོགས་གོས་དུམ་དང་།། དེ
283b6 བཞིན་འབྱུང་བའི་རྫས་རྣམས་ཀྱང་།། ཟན་དང་བསྲེས་ནས་གཟུགས་སུའོ།། བལ་ཚོན་དར་དང་སྒྲོ་ལྟས་ངན་གྱི་རྣམས་ཀྱིས།། གཟུགས་དེ་རྣམས་ནི་བརྒྱན་བྱས་ལ།། དེ་རྣམས་དང་ཁ་དོག་ནི་མཐུན་པ་ཡི།། གཏོར་མ
iiif viewer powered by OpenSeadragon
283a - 284a