| | e-texts navigator
|
262b1 འགྱུར་རོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ཐུན་མོང་གི་གླེང་གཞིན།། གང་གིས་འབྱེད་མཁན་ཀྱང་མ་བྱས་པའི་ཡོངས་སུ་བཀོད་པ་ཆེན་པོའི་རང་སྣང་གི་ཕོ་བྲང་གནས། རང་བཞིན་གྱིས་རྣམ་པར་དག་པ་ཁ་འོད་ལྔ
262b2 དོག་དང་གཟུགས་བརྙན་སྒྲ་ལྔ་ཐིག་ལེ་ལ་སོགས་ཐམས་ཅད་དུས་གཅིག་གསལ་བ། བཀོད་པ་དབྱིངས་རྒྱ་ཆེ་ལ་དཀྱིལ་རིགས་ལྔའི་ཁྱད་ཡངས་པ། ཁ་དོག་མ་འདྲེས་འོད་ལྔ་ཡོངས་སུ་རྫོགས་པ། ལྟེ་མ་བཞིན་གཞན་མེད་པ་པ། མེར
262b3 བཞིན་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བ་པ། འགུལ་བཞིན་ཡེ་ཤེས་ཀྱི་རླུང་གིས་པ། འཕྲིགས་བཞིན་པ། ཤེས་པའི་ཁྱད་ཀྱིས་ཤིན་ཏུ་མཉམ་པ་ཆེན་པོ་ན། མཐོ་དམན་མེད་པ་བཅོམ་སྟོན་པ་ལྡན་འདས་མངོན་པར་བྱང་ཆུབ་པ་ཆེན་པོ་སངས
262b4 སྤྲོས་བྲལ་ཉག་གཅིག་ཏུ་རྒྱས་ཐམས་ཅད་ཀྱི་ལྟ་བ་དང་། དགོངས་པ་གནས་གཞི་བཞག་མཛད་ཕྲིན་ལས་བཞིའི་དོན་སྤྱོད་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆེན་པོ་ཉིད། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་། ངོ་བོ་ཉིད་རིག་པ་ཁྱབ་གདལ་ཆེན་པོའི
262b5 སྐུསྒྲ་དང་། དེ་ཉིད་དབྱིངས་ལ་འདྲེས་པ་རིག་པ་མངོན་སུམ་དུ་སྣང་བྱེད་ཀྱི་སྐུ་དང་། མ་དོ་ཉིད་ཀྱི་རྩལ་བཀོད་པའི་རང་བཞིན་གྱི། ཡེ་མོ་ལོངས་བུ་སོགས་ཤེས་ཆེན་པོ་ལྔ་དང་། ཆོས་དངོས་པོ་ཐམས་ཅད་ཐམས་ཅད་སྟོང་པ་ཉིད་དང་།
262b6 མཚན་མ་དམིགས་གཏད་མེད་པ་དང་། མི་དམིགས་པ་དང་། དབྱིངས་ཀྱི་དོན་གཅིག་པ་རང་གིས་མཚན་ཉིད་བྲལ་བ་དང་། གང་གི་ངོ་བོར་ཡང་མ་གྲུབ་པ་མི་གནས་པའི་སྟོང་པ་ཆོས་ཉིད་ཟད་པ་ཆེན་པོ་དང་། མི་འགྱུར་བ་རིག་པ་ཆོས
iiif viewer powered by OpenSeadragon
262a - 263a