| | e-texts navigator
|
227b1 ཞལ་ནས་ཁྲག་དང་ཞག་ཀྱང་འཛག། མཆེ་བ་ཟླ་བ་ཚེས་པའི་ཚུལ།། སྤྱན་གསུམ་སྡང་མིག་གློག་ལྟར་འགྱུར།། རལ་པ་ཁམས་ནག་གྱེ་ལ་དུ་བཁྱིལ།། ཁྲོ་གཉེར་བསྡུས་པས་གཟི་བརྗིད་ཅན། ཁ་ན་དྷའི
227b2 ཕྲེང་བས་དོ་ཤལ་བྱས།། གསུས་ཁྱིམ་ཆེ་ཞིང་གསུས་པ་འཕྱང་།། མི་ཐུང་ཁྲོ་གཉེར་དྲག་པོ་ཡིས།། མཆུང་དང་སོ་ལ་ཁྲག་ཀྱང་འཛག། མི་རོ་སྭ་ཡི་སྐུད་པས་བཀྲིས།། བམ་ཆེན་སྟེང་ན་ཙན་དཀྱིལ་གནས།
227b3 ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན།། དམ་པའི་གཙུགས་ལགས་གསྲུང་བ་སྟེ།། ཀེང་རུས་གཙུགས་པའི་སྟེན་བཞུགས།། ལས་སུ་སངས་རྒྱས་བསྟན་པ་བསྲུང་།། ཟས་སུ་ཤ་དང་ཁྲག་ལ་ཟ།། དུར་ཁྲོད་གནོད།
227b4 སྦྱིན་ཀུན་གྱི་གཙོ་བོ་མཛད།། ནག་པོ་འཇིགས་བྱེད་སྐུ་ལ་ཕྱག་འཚལ་ལོ།། དཔའ་བོ་འཁོར་ལོའི་བདག་ལ་ཕྱག་འཚལ་བསྟོད།། ལྷ་དམག་དབུགས་འབྱིན་ཁྱོད་ལ་ཕྱག་འཚལ་ལོ།། ལྷ་དང་ཀླུ་ལ་སོགས་པ
227b5 ཡིས།། དཔལ་ལྡན་མགོན་པོ་ནག་པོ་ལ།། དམ་པའི་བསྟོད་པས་བསྟོད་ནས་ནི།། སོ་སོ་རང་རང་གནས་སུ་དངས།། མགོན་པོ་ནག་པོས་འཁོར་གྱི་ལྷ་སྲིན་སྡེ་བརྒྱད་ལ་བཀའ་སྩལ་པ།། ཨོཾ་དྲི་བ་མ་ལྷག་ཤིན་ཏུ
227b6 དང་།། བདེན་བྲལ་ཆུ་ལྔ་རླུང་གི་ལྷ།། གནོད་སྦྱིན་དབང་ལྡན་ས་བདག་སོགས།། ལྷའི་ཆོ་གས་དང་ཀླུའི་ཚོགས།། སྲིན་པོ་རོ་ལངས་གསོད་བྱེད་མ།། ཀླུ་ཡི་བུ་མོ་ཚོགས་བཅས་དང་།། གནོད་སྦྱིན་བདུད་མོའི
227b7 འབྱུང་པོའི་ཚོགས།། ཤ་དང་ཁྲག་ལ་དགའ་བ་རྣམས།། ཐམས་ཅད་ཀུན་ནས་འདིར་གཤེགས་ཤིག། འབྱུང་པོའི་ཤ་ནི་ཟ་བར་ཞིམ།། འབྱུང་པོའི་ཁྲག་ནི་ལྟུང་བར་ཞིམ།། འབྱུང་པོའི་རུས་པ་ཞིམ་པ་སྟེ།
iiif viewer powered by OpenSeadragon
227a - 228a