| | e-texts navigator
|
226a1 བྱའོ།། ཁྱིའམ་རབས་ཆང་ཐོད་པ་རུ།། འཁོར་ལོ་དཔེ་ཆུང་ལྟར་བྱས་ཏེ།། བཙན་དུ་གཉུངས་ཀར་གུ་གུལ་ཡང་།། ཐོད་པའི་ནང་དུ་བླུག་པར་བྱའོ།། ཟངས་དང་མཁར་བ་བུད་མེད་མངལ
226a2 ཁྲག་གསུམ།། ཤ་བན་སཱུ་རུས་ཁྲོ་ཆུ་སེར།། ཞབ་མར་དྲིལ་ཏེ་ཐོང་པར་གཞུག། ཡུལ་དང་ཕུ་ཆུང་དགྲ་མིང་རྣམས།། འཁོར་ལོ་དག་ལ་བྲི་བར་བྱ།། ཀླུ་འམ་ཡུལ་ལྷ་གནས་པར་གནན།། སྔགས་འདི་བཟླས་པས་མྱུར་ཏུ
226a3 འབབ།། ཨོཾ་མ་ཧཱ་ཀཱ་ལ་ཀྱི་ལིང་ན་སང་ནེ་བར་བྷྱོ།། དི་གར་ཤ་བྷྱོ།། རག་ཤ་ཛ་ལ་མི་ཛ་ལ། པྲ་ཀྲིང་པྲ་ཀྲིང་དེ་པར་དེ་པེར། བཛྲ་ཙ་ཁྲིད་ཕོབ་ཕོག། མ་ཧཱ་ཀཱ་ལའི་རྒྱུད་ལས་སེར་བ་དབབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།
226a4 དེ་ནས་སེར་བ་བསྲུང་བ་བཤད་པར་བྱ་ཏེ། སེར་ལྡན་ཕུར་བུ་བཅུ་དག་ལ།། ཧ་ན་ད་ཧའི་སྔགས་བཟླས་ལ།། འོངས་པའི་མཐའ་མ་བསྐོར་བར་བྱའོ།། རང་ཉིད་སྔོན་པོ་ནག་པོ་ཡིས།། ཉུངས་ཀར་ཁྲག་སྐམ་ནག་པོ་ལ།།
226a5 སྔགས་འདི་བཟླས་ཤིག་སྟོང་མཐུན་དག་ཏུ་ཟློགས།། ཨོཾ་ཙཎྜ་མ་ཧཱ་ཀཱ་ལ་བཛྲ་དྲྀ་གྲི་ནི། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ནཱ་ཤཱ་ཡ་ནཱ་ཤ་ཡ། སྟམ་བྷ་ཡ་ཧཱུཾ་ཕཊ། མ་ཧཱ་ཀཱ་ལའི་རྒྱུད་ལས། སེར་བ་བསྲང་བའི་ལེའུ་སྟེ་བཅུ་བཞི་པའོ།།
226a6 དེ་ནས་ཀླུ་ལ་བཏང་པ་བཤད་པར་བྱའོ།། ཐོད་པ་མངའ་ཁལ་མེ་བྲལ་བ།། ཚ་བ་གསུམ་ལ་གཟུགས་བྱས་ལ།། མིང་ལ་རུས་སུ་བཅས་པ་ལ་ཐོད་པ་དེ་ཡི་ནང་དུ་བཞུག། དམངས་རིགས་ཀླུ་ལ་སྔགས་འདི་བཟླས་སོ།། ཨོཾ
226a7 མ་ཧཱ་ཀཱ་ལི་ནག་གི་ལ་ཡ་ག་ཡཾ། ནཱ་ག་པ་རུ་སཱ་ཙ་ལེ། སརྦ་ན་སརྦ་ན་ཆད། ནཱ་ག་ལིང་ཅིང་ཏ་བཛྲ་མ་ར་ཡ་ཛ་ཛ། མ་ཧཱ་ཀཱ་ལའི་རྒྱུད་ལས།། ཀླུ་ལ་གཏང་བའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་སྲེའུ
iiif viewer powered by OpenSeadragon
225b - 226b