e-texts navigator
Collection
Volume
Page
Wylie

222b1 རྒྱུད་ལས།། སྤྱན་དྲངས་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་ཡང་གཏོར་མ་གཤད་པར་བྱའོ།། འབྲས་ཆེན་ཤ་དང་ཆང་དང་ནི།། མེ་ཏོག་བདུད་པ་བྱུང་བ་དང་།། བདུད་རྩི་ལྔ་དང་ཤ་ལྔ་དང་།། ཁུར་བ་ཤིང་ཏོག
222b2 སྣ་ཚོགས་ཀྱིས།། གཏོར་མ་སྦྱིན་པར་བཤད་པ་བྱ།། མ་ཧཱ་ཀཱ་ལའི་རྒྱུད་ལས། གཏོར་མའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་མདོས་ཀྱི་ཆོ་ག་བཤད་པར་བྱ།། ཧཱུཾ་འབྲུ་སྣ་བདུན་ལས་བྱས་པས་ངར་གྱི་མི་བོ་ཆེ།། རྦ་བ་ཟེར
222b3 སྒྲ་ལ་ལུང་ཐང་མིག། འགྲོན་བུའི་སོ་ལ་ཞོ་ཤའི་སྙིང་།། ཅེས་པ་ནོར་ཕོག་མགུལ་དུ་བཏབས།། ཕངས་པའི་གོས་ཕུང་ལུས་ལ་བསྐོན།། དར་ཚོན་སྣ་ལྔའི་རྒྱལ་མཚན་བཙུགས།། མཆོད་རྫས་མང་པོ་གྲལ་དུ་བཤམས།།
222b4 མདོས་ཀྱི་བདག་པོ་མངས་པ་ཞེས་ཅིག། ཧཱུཾ་བསྐལ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། ཤིན་ཏུ་མི་བཟང་མ་ཧཱ་ཀཱ་ལའི་སྐུ།། ཤིན་ཏུ་འཇིག་པའི་སྐུ་མདོག་མཐིང་ནག་ལ།། འཇིག་པའི་ན་བཟའ་བར་སྨུག་སྐུ་ལ
222b5 གསོལ།། ཐུགས་རྗེ་རྟགས་ཀྱིས་ཐོད་པས་སྐུ་ལ་བརྒྱན།། གཡས་ཀྱི་ཕྱག་ན་གཅོད་པའི་གྲི་གུག་བསྣམས།། གཡོན་པ་ཐོད་པ་ཁྲག་གིས་བསྐང་པོ་འཛིན།། དབུ་སྐྲ་རལ་པའི་ཐུར་ཚུགས་གཅིག་ཏུ་འཁྱིལ།
222b6 གདུག་པ་སྦྲུལ་གྱི་ཆུན་པོས་དབུ་སྐྲ་བཅིངས།། སྐུ་མདོག་མཐིང་ནག་འཇིག་པར་བསྟན་པ་ནི།། དོན་དམ་དབྱིངས་ལས་འགྱུར་བ་མེད་པའི་རྟགས།། སྐུ་ལ་དར་ནག་འཇོལ་བར་གསོལ་བ་ནི།། ཐུགས་རྡོ་སྤྲུལ་པས
222b7 འགྲོ་དོན་བྱིད་པའི་རྟགས།། ཐོད་པའི་ཕྲེང་བ་སྐུ་ལ་བརྒྱན་པ་ནི།། ཐུགས་རྗེའི་སྤྲུལ་པ་སྣ་ཚོགས་འབྱུང་བའི་རྟོགས།། དབུ་སྐྲ་རལ་པ་གཅིག་ཏུ་འཁྱིལ་བ་ནི།། ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཅིག་པའི་རྟགས།།




iiif viewer powered by OpenSeadragon

222a - 223a

Texts on this page

Gkk2.12 - man ngag brtsegs pa gri gug gi rgyud