| | e-texts navigator
|
66a1 ཡུལ་འདི།། བརྩལ་བས་རྙེད་པའི་གནས་མེད་དེ།། དྲུག་གི་ཆོས་བཞིན་ཡུལ་མེད་པས།། རྨོངས་པས་ནམ་མཁར་བཟློག་པ་བཞིན།། གོང་ནས་གོང་དུ་ཚངས་པཱའི་ལམ།། བྱབ་ལ་ཆོས་དང་མཐུན་པ་མན།། ཊཱིསྭ་ཕ་མ་པ་བགྲན།
66a2 གྱུར་ན།། ནམ་མཁའི་མཐའ་ལྟར་ཐུག་པ་མེད།། དེ་ལྟར་དེ་བཞིན་དེ་ཡི་ཕྱིར།། དེ་ལ་དེ་བརྟེན་དེ་ཡང་ཐོབ།། དེ་ནི་སྙིང་པོ་དེ་བས་ན།། དེ་ལས་དེ་བྱུང་ངོ་མཚར་ཆེ།། སྔོན་གྱི་དེ་དང་ད་ལྷ་ཡི།། དེ་བཞིན་དེ་ཡི་གནས་སུ་ཆེ།། དེ་ལྟར་དེ་ཡི་ལམ་འདྲ་བ།།
66a3 དེ་ནི་དེ་ཡི་རང་བཞིན་ནོ།། དེ་དང་འདྲ་བ་ཡོངས་ཀྱི་ལམ།། བྷྲཱུཾ་བཱལྨས་བྱུང་རྟེན་དང་བཅས།། ཀུན་གྱི་མཉམ་ཉིད་ཡིན་པ་ལ།། ཕྱོགས་སུ་བལྟས་པས་གྲུབ་པ་མེད།། ད་ལྟའི་བ་དང་ཕྱི་མའི་བདེ།། མངོན་སུམ་པ་དང་རྒྱབ་ནས་བྱུང་།། དེ་ཡང་རྣམ
66a4 པའི་སྐྱོན་ཡིན་པས།། དེ་ལ་བརྟེན་པར་མི་བྱའོ།། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། སྔོན་མེད་ཕྱིས་མེད་གདོད་ནས་བྱུང་།། ཆོས་སྤུས་ཁྱབ་པ་གཅིག་པའི་ཕྱིར།། བདེ་བ་ཆེན་པོར་རང་བཞིན་གནས།། སྲིད་པ་གསུམ་ན་སྦྱོང་བ་ཡང་།། མིང
66a5 ཙམ་སྒྲ་མར་སྣང་བསྟེ།། འཁོར་ལོས་སྒྱུར་བའི་གནས་ཆེན་ཡང་།། སྒྱུ་མ་སྐྱོང་བའི་བསྟི་གནས་ཡིན།། རྣམ་དཔོར་དུས་ལ་ལྟོས་པའི་གནས།། དེ་དུས་དེར་ནི་འབྱུང་མི་འགྱུར།། མབྲལ་སྨོན་པ་སྤྱོད་པས་ན།། རྙེང་པའི་མཚན་ཉིད་གསུངས་པ་བཞིན།
66a6 གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད།། རྣ་བ་འབྱོར་ནམ་མཁའི་བྱེ་ལམ་གནས།། མ་བྱུང་མ་སྐྱེས་སྙིང་པོ་ལ།། སྒོ་བཏགས་ཆོས་ཀུ་ནག་ལ་ཡོད།། གྱི་ནང་གཉིས་ག་ཀྱི་ཉིད་ནང་།། ཟབ་མོའི་ཆ་ཤས་རྟོགས་ཡུལ་མེད།། སྲིད་པ་མིང་ཙམ་ལོག་པའི་སྟོབས།
66a7 བས་ཏིང་འཛིན་མཉམ་དང་བྲལ།། དེ་ལ་ཐ་ཚིག་ཕྱི་དང་ནང་།། རང་བཞིན་ཕུང་པོ་ཁམས་བཞིན་གནས།། དུས་གསུམ་དེ་ཡང་མི་འབྲལ་བས།། ཐ་ཚིག་མིང་དུ་བཏགས་པ་མེད།། ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། ཆོས་སུ་ཀུན་ཏུ་བཟང་པོ
iiif viewer powered by OpenSeadragon
65b - 66b