| | e-texts navigator
|
65b1 སློབ་དག་པདུ་འབྱང་ཆུབསཔས། བཱན་རྣབ་པསནས་པར་དང།། དལ་བ་སྲུ་པ་མ་པཞནས།། རྣམམ་བདུན་པ་བརྙན་མནས་ས།། ཁྱད་པ་ང་སཚངས་བྱབ།། མ་ན་གས།། བང་འདན།
65b2 རང་བྱུང་ཡི་ཤེས་ཡང་མ་ཡིན།། རྒྱུ་ནད་རྡོ་རྗེ་མུན་དང་བྲལ།། མ་གྱེས་པས་ན་དྲེག་པ་མེད།། གདོད་ནས་སྙིང་པོ་བྱང་ཆུབ་ལ།། བཙལ་པའི་བསམ་པས་དཀྱིས་མི་བསྐྱོད།། ཡོན་ཏན་ཆེན་པོ་བས་མ་གརྟེན་ནོ།། བས་མུགཏན་ད་པས་པས་པདུ་མེད།
65b3 མ་བསམས་མ་སྤངས་ཆོས་ཉིད་དུ།། རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ།། ཕྲ་བའི་སྒོ་མོར་མིང་བཏགས་ནས།། སེམས་ཀྱིས་དབེན་པའི་ལམ་ཚོལ་ཞིང་།། དགོན་པའི་རྒྱུད་དུ་དབེན་འཛིན་པས། བརྟག་ནས་རྣམ་པར་རྟོག་འགྱུར་བསྒོམ།། རྒྱན་འབྲས་བུར་མི
65b4 བཏགས་ཤིང་།། དགེ་སྡིག་གཉིས་ཀ་རྣམ་པར་སེལ།། འཇིག་རྟེན་འདི་ལས་འབྱུང་ངོ་ཞེས།། བླང་དོར་བྲོད་པ་མཆོག་ཏུ་བསྐྱེད།། ཆགས་དང་མ་ཆགས་ཚིག་གི་ལམ།། དབུ་མ་བཞིན་ཏེ་བྲག་ཅ་འདྲ།། པ་དང་སྡུག་བསྐུལ་ཆུ་མཐུན་ཞེས།། འགྲོ་བའི
65b5 མགོན་པོ་ཆེན་པོས་གསུངས།། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་།། བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་།། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་།། ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས།། ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་།། རྟོག་པ་དེ་ཉིད་ནམ་མཁང་འདྲ
65b6 མི་ཆགས་ནམ་མཁའ་རྫོབ་ལ།། རང་འོད་ཆེན་པོས་ནམ་མཁའ་བྱུང་།། ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལས། རྣམ་པར་རྟོག་པ་དག་པའི་ཐིག་ལེའི་ལེའུ་སྟེ་བརྒྱད་པའོ།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། རྟོག་མེད་མཉམ་པའི་ཆོས་ཀྱི་ལྔ།། བ
65b7 བས་མི་ཟིན་ཆུ་ཟླ་འདྲ།། ཀུན་ཏུ་བཟང་པོའི་རོལ་པ་ཡི།། ཨཱ་ལེ་ཀཱ་ལི་ཟབ་ཏུ་བསྟན།། དེ་ནི་ཨ་དང་མཛེས་པའི་ཏེ།། ས་དང་ཡན་ལག་སྤྲོས་པ་བཞིན།། འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལས།། སངས་རྒྱས་གསུང་ནི་ཟབ་མོ་འབྱུང་།། ཨེ་མ་སངས་རྒྱས་སྤྱད
iiif viewer powered by OpenSeadragon
65a - 66a