| | e-texts navigator
|
63a1 དད་སེམས་དཔའ་ཡིས།། ཆང་ངུ་བརྗོད་པ་འདི་བརྗོད་དོ།། ཀུན་རི་གཟུགས་ཀྱི་དཔལ་བེའུ་ནས།། ཟབ་མོ་བདུད་རྩི་ལྟ་བུའི་ཆོས།། རྗེས་ཉིད་བྱིན་གྱིས་བརླབས་པ་ལས།། ཟློག་མང་རྒྱ་མཚུར་ཀློང་སྟོན་པ།། མཉམ་ཉིད
63a2 མཚོ་བུ་ལི།། ཀུན་ཏུ་བཟང་ལ་མངོན་བསྟོད་དོ།། ཆོས་ཐམས་ཅད་རྒྱ་མཚོའི་མཐའ་དང་མཉམ་པ་རྟོག་པ་མེད་པའི་བྱེད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོས་གསུངས་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཤྲཱི་སིདྡྷ་དང་། བོད་ཀྱི་ལོ་ཙཱ་བ་པོ་རྡོ་ཙན
63a3 བསྦྱང་བའོ།། ། རྒྱ་གང་སྐད་དུ།། སརྦ་དྷ་རྨཱ་མ་ཧཱ་སདྡྷི་བོ་དྷི་ཙིདྷ་སཾ་སཱ་རཱ་མཱ་ལ་དྷོད་ན་སཱུ་རྱ་ཙནྡ་ས་མཱ་མ་ལ་ཏནྡ། བོ་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྒྱང་ནས་གཅོད་པ་ཉི་ཟླ་དང་མཉམ་པ་དྲི་མ་མེད
63a4 པའི་རྒྱུད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་གཅིག་ནོ། ཆོས་ཉིད་ཀྱི་མཁའ། དབྱིངས་ཉིད་ཀྱི་ཀློང་། ཡེ་ཤེས་དྲི་མ་མེད་པར་དག་པ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། བཅོམ་ལྡན་འདས་དཔལ
63a5 ཀུན་ཏུ་བཟང་པོ། ཡངས་པ་ནམ་མཁའ་ལྟ་བུ། སྐྱེ་མེད་བྱ་བཙལ་བྲལ་བ། སྤོས་བྲལ་ཡེ་ཤེས་ཀྱི་གྲོང་ན་བཞུགས་སོ།། ཉིད་ཀྱི་རང་སྣང་རེག་པའི་འཁོར་ནི། སྐུ་གསུམ་དང་། ཡེ་ཤེས་ལྔ་དང་། ཁམས་གསུམ་དང་། འགྱེད་བ་ལྔ་དང་། དུས
63a6 གསུམ་དང་། ཉོན་མོངས་པ་ལྔ་དང་། སྤང་ཚུལ་བཅུ་བདུན་ལ་སོགས་ཏེ། གཟུགས་ནས་ཐམས་ཅད་མཁྱེན་པའི་བར་ཐམས་ཅད་འཁོར་རོ།། དེ་ནས་སེམས་དཔའ་རྡོ་རྗེས་གསོལ་པ། ཨེ་མ་ཧོ་བཅོམ་ལྡན་འདས།། ཡེ་ཤེས་ཀྱི་སྤྱིའི་སྙིང་པོ་ལ།
63a7 འཁོར་བའི་འདྲི་མ་ཡོད་དམ་མེད།། གཟུང་འཛིན་བློ་ཡི་དྲ་བ་འདི།། རྩད་ནས་གཅོད་ན་ཅི་ལྟར་གཅད།། སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན།། བསྲུན་རྣམ་པ་དུརུ་འདུས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་སེམས་དཔའ་རྡོ་རྗེ་ཉོན།། ནམ
iiif viewer powered by OpenSeadragon
62b - 63b