e-texts navigator
Collection
Volume
Page
Wylie

2b1 གསུངས་སོ།། གསུང་དུ་སྦྱར་ངོ་།། གསུང་གྱི་དུས་རྒྱུ་བར་འགྱུར་རོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ཐུན་མ་ག་གླང་གཞི་ན།། གང་གིས། ཕྱེད་མཁན་ཀྱང
2b2 མ་བྱས་པའི་ཡོངས་སུ་བཀོད་པ་ཆེན་པོའི་རང་སྣང་གི་ཕོ་ཐང་གནས། རང་བཞིན་གྱིས་རྣམ་པར་དགུ་པ་ཁ་འོད་ལྔ་དོག་དང་གཟུགས་སུ་ལྔ་ཐིག་ལེ་ལ་སོགས་བརྙན་ཐམས
2b3 ཅད་དུས་གཅིག་ལ་གསལ་བ། བཀོད་པ་དབྱིངས་རྒྱ་ཆེ་ལ་དཀྱིལ་རིགས་ལྔའི་ཁྱད་ཡངས་པ། ཁ་དོག་མ་འདྲེས་འོད་ལྔ་ཡོངས་སུ་རྫོགས་པ། ལྟེམ་བཞིན་གན་མེད
2b4 པ། མེར་བཞིན་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་པ། འགུལ་བཞིན་ཡེ་ཤེས་ཀྱི་རླུང་གིས་པ། འཕྲིགས་བཞིན་པ། ཤེས་པའི་ཁྱད་ཀྱིས་ཤིན་ཏུ་མཉམ་པ་ཆེན་པོ་ནི། མཐོང་མན
2b5 མེད་པ་བཅོམ་སྟོན་པ་ལྡན་འདས་མངོན་པར་བྱང་ཆུབ་པ་ཆེན་པོ་སངས་སྤྲོས་བྲལ་ཉག་གཅིག་ཏུརྒྱས་ཐམས་ཅད་ཀྱི་ལྟ་བ་དང་། དགོངས་པ་གནས་གཞི་བཞག་མཛད་ཕྲིན་ལས
2b6 བཞིའི་དོན་སྤྱོད་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆེན་པོ་ཉིད། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་། ངོ་བོ་ཉིད་རིག་པ་ཁྱབ་གདལ་ཆེན་པོའི་སྐུ་དང་། དེ་ཉིད་དབྱིངས་ལ་འདྲེས་པ་རིག་པ་མངོན




iiif viewer powered by OpenSeadragon

2a - 3a

Texts on this page

Gaz004.001 - nyi ma dang zla ba kha sbyor ba chen po gsang ba'i rgyud