| | e-texts navigator
|
96a1 བྱེད་ཞི་གནས་དང་ལྷག་མཐོང་ལ་སྒོམ་པར་ཡང་མི་བྱེད། མི་སྡོམ་པར་ཡང་མི་བྱེད། མྱ་ངན་ལས་འདས་པ་ལ་སྒོམ་པར་ཡང་མི་ད་མི
96a2 སྒོམ་པར་ཡང་མི་རྙེད་འདས་པ་དང་། མའོང་བ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། ཐོགས་པ་མེད་པའི་ཡེ་ཤེས
96a3 ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་མི་འཇིགས་པ་ལ་སྒོམ་པར་ཡང་མི་བྱེད། མི་སྒོམ་པར་ཡང་མི་བྱེད་དོ།།
96a4 ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བསྒོམ་པར་བྱ་བ་མ་ཡིན
96a5 ངའི་ཕྱིར་རོ།། མིང་དང་གཟུགས་དང་། བྱིན་ཅི་ལོག་དང་། ལྟ་བར་གྱུར་པ་དང་། དྲན་པའི་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང
96a6 བྱིན་ཅི་མ་ལོག་པ་དང་། ཚད་མེད་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར
96a7 ཤེས་པ་དང་མང་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ནི་བསྒོམ་པར་བྱ་མ་ཡིན་པའི་ཕྱིར་རོ།། སོ་སོའི་སྐྱེ་བོའི་ས་དང་། ཉན་ཐོས་ཀྱིས་དང་། རངས
iiif viewer powered by OpenSeadragon
95b - 96b