| | e-texts navigator
|
91a1 སྟེ་དེ་ལ་སེམས་ཀྱང་སྒྲིབ་པ་མེད་ལ། ཕྱིན་ཅི་ལོག་གང་གིས་བསྐྱེད་པ་དེའང་སྒྲིབ་པ་མེད་པ་ཡིདན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱིས།
91a2 པ་སོ་སོའི་སྐྱེ་བོ་རྣམས་ནི་སྒྲིབ་པ་མེད་པ་དང་། གང་དུ་སྐྱེ་བ་དེའང་སྒྲིབ་པ་མེད་པ་དང་། གང་གིས་བསྐྱེད་པ་དེའང་སྒྲིབ་པ་མེད་པར་མི་ཤེས་སོ།། དེ་དག་ནི་སེམས་དབེན་པར་མི
91a3 ཤེས་ཤིང་། དམིགས་པ་དབེན་པར་མི་ཤེས་པས་བདག་སེམས། བདག་གི་སེམས། འདིའི་སེམས་འདི་ལས་སེམས་ཤེས་མངོན་པར་བཞེན་ཏོ།། དེ་དག
91a4 སེམས་ལ་མངོན་པར་བཞེན་པས་དགེ་བ་ཞེས་མངོན་པར་ཞེན། སྒྲིབ་པ་ཞེས་མངོན་པར་ཞེན། བདེ་ད་ཞེས་མངོན་པར་ཞར་སྡུག་བསྔལ་ཞེས་མངོན་པར་ཞེན། རང
91a5 པ་ཞེས་མངོན་པར་ཞེན། རྟག་པ་ཞེས་མངོན་པར་ཞེན། ལྟ་བར་གྱུར་པ་ཞེས་མངོན་པར་ཞེན། སྒྲིབ་པ་ཞེས་མངོན་པར་ཞེན། ཚུལ་ཁྲིམས་དང་། འཆལ་པའི་ཚུལ
91a6 ཁྲིམས་ཤེས་མངོན་པར་ཞེན། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཞེས་མངོན་པར་ཞེར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་མངོན་པར
91a7 ཞེ་ན་མིང་དང་གཟུག་ཤེས་མངོན་པར་ཞེན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་མངོན་པར་ཞེར། ཕྲག་དོག་དང་སར་སྣ་ཞེས་མངོན་པར་ཞན། ངའོ་སྙམ་པའི་ང་རྒྱལ་ཞེས་མངོན་པར་ཞེར།
iiif viewer powered by OpenSeadragon
90b - 91b