| | e-texts navigator
|
8a1 རྣམ་པར་གྲོལ་བ་མ་ཡིན་ནོ།། གང་ཆོས་ཐམས་ཅད་ཀུན་ཏུ་ཤེས་པ་དང་། གང་ཆོས་ཐམས་ཅད་ཀུན་ཏུ་རིག་པ་དེའང་ཚིག་གིས་བརྗོད་པར་མི་རུས་མོད་ཀྱི། འོད་ཀྱང་ཇི
8a2 ལྟར་སེམས་ཅན་རྣམས་ཀྱིས་ཤེས་པར་གྱུར་པ་དེ་ལྟར་ཤེས་རབ་ཅེས་བྱའོ།། འདི་ནི་བཏགས་པ་ཞེས་བྱ་སྟེ། དེའི་ཕྱིར་ཤེས་རབ་ཅེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ
8a3 ཆོས་ཐམས་ཅད་ནི་གདགས་སུ་མེད། གཟུང་དུ་མེད། བཤད་དུ་མེད། སྣང་བ་མེད་དེ། དེ་ལྟ་བུར་ཀུན་ཏུ་རིག་པ་རེ་ནི་ཀུན་ཏུ་རིག་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོནད་པ
8a4 ཤེས་རབ་ཅེས་བྱ་བ་དེ་ནི་ཤེས་པའང་མ་ཡིད། ཀུན་ཏུ་མི་ཤེས་པའང་མ་ཡིན། དེ་ལས་ཀྱང་མ་ཡིན། དེ་ལས་མ་ཡིན་པའང་མ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཅེས་བྱའོ།། རབ་ཀྱི་རྩལ
8a5 གྱིས་རྣམ་པར་གནོད་པ། དེ་ནི་མི་ཤེས་པའི་སྤྱོད་ཡུལ་ཡང་མ་ཡིན། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་མ་ཡིན། བྲི་ཤེས་པའི་ཡུལ་ཡང་མ་ཡིན། ཡེ་ཤེས་ཀྱི་ཡུལ་ཡང་མ་ཡིན་ཏེ།
8a6 ཡེ་ཤེས་ནི་ཡུལ་མེང་བའོ།། གལ་ཏེ་ཡེ་ཤེས་ལ་ཡུལ་ཡོད་དུ་ཟིན་ན་མི་ཤེས་པར་འགྱུར་རོ།། ཡེ་ཤེས་ནི་མི་ཤེས་པ་ལས་མ་ཡིན། མི་ཤེས་པའང་ཡེ་ཤེས་ལས་མ་ཡིན།
8a7 ཤེས་རི་མི་ཤེས་པ་མ་ཡིན་མི་ཤེས་པའང་ཡེ་ཤེས་མ་ཡིན་ཏེ། ཡེ་ཤེས་ཀྱིས་ཡེ་ཤེས་ཤེས་བྱའོ།། ཡེ་ཤེས་ཀྱིས་མི་ཤེས་པ་ཞེས་མི་བྱའོ།། མི་ཤེས་པས་ཡེ་ཤེས་ཤེས
iiif viewer powered by OpenSeadragon
7b - 8b