| | e-texts navigator
|
86a1 པ་དང་མ་འོངས་པ་དང་དལྟར་ཟུང་བའི་དརིགས་པ་རང་བཞིན་གྱིས་རྣམ་པར་དག་པར་འོངས་སུ་ཤེས་པའི་ཕྱིར་། ད་ས་སུ་རྣམ་དུར་གཙུན་དུ
86a2 དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན། ཐོགས་པ་མེད་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེན། དེས་ཐོགས་པ་མེད་པའི་དམིགས
86a3 པ་རང་བཞིན་གྱིས་ཡོངས་སུ་དག་པར་ཤེས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི། མངོན་པར་ཤེས་པའི་དམིགས་པ་རྣམ་པར་དག
86a4 པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་མངོན་པར་ཤེས་པའི་དམིགས་པ་རང་བཞིན་གྱིས་ཡོངས་སུ་དག་པར་ཤེས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། དེ་ལྟར་སྤྱོད
86a5 པའི་བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་མཁྱེན་པའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཐམས་ཅད་མཁྱེན་པའི་དམིགས་པ་རང་བཞིན་གྱིས་ཡོངས་སུ
86a6 དག་པར་ཤེས་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་ནི་དམིགས་པ་རྣམ
86a7 པར་དག་པ་གང་ལའང་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དམིགས་པ་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་རྣམ་པར་དག་པའི་ཕྱིར་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ནི
iiif viewer powered by OpenSeadragon
85b - 86b