e-texts navigator
Collection
Volume
Page
Wylie

84b1 པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན་དེས་མིང་དང་གཟུགས་ཀྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ།། སྤྱོད་པ་དེ་ལྟ་བུ་གང་ཡིན་པ་དེ
84b2 བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བདག་དང་སེམས་ཅན་གྱི
84b3 དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེནྡ་དེས་བདག་དང་སེམས་ཅན་གྱི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས་སུ་ཤེས་པའི་ཕྱིར་རོ།། སྤྱོད་པ་ད་ལ
84b4 བུ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྲོག་དང
84b5 འབྱུང་བ་དང་། གང་ཟག་དང་། བྱེད་པ་པོ་དང་། བྱེང་དུ་འཇུག་པ་དང་། སློང་བ་པོ་དང་ཀུན་ནས་སློང་ང་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད
84b6 པ་དང་ལྟ་བའི་དམིགས་པ་རྣམ་པར་དག་པ་ལ་མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེས་སྲོག་དང་། འབྱུང་བ་དང་། གང་ཟག་དང་། བྱེད་པ་པོ་དང་། བྱུང
84b7 དུ་འཇུག་པ་དང་། སློང་བ་པོ་དང་ཀུན་ནས་སློང་བ་པོ་དང་ཚོར་བ་པོ་དང་ཚོར་བ་བར་བྱེད་པ་དང་ལྟ་བའི་དམིགས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡོངས




iiif viewer powered by OpenSeadragon

84a - 85a

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa