| | e-texts navigator
|
83a1 དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི
83a2 སའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།།
83a3 གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དག
83a4 ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཀྱི་དམིག་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མོ་ཡིན་ནོ།། དེ་ཅིའི་ཕྱིར་ཞེན། དེ་དག་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས
83a5 དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་དུལ
83a6 གྱིས་རྣམ་པར་གནོན་པ། བྱང་ཆུབ་སེམས་དཔའ་དག་མྱ་ངན་ལས་འདས་པའི་དམིགས་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན།
83a7 དེ་དག་གིས་མྱ་ངན་ལས་འདས་པའི་དམིགས་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། གང་ཡོངས་སུ་ཤེས་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ
iiif viewer powered by OpenSeadragon
82b - 83b