e-texts navigator
Collection
Volume
Page
Wylie

82b1 ན་ས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེན་དེ་དག་གིས་རིག་པ་དང་རྣམ་པར་གྲོལ་བའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང་རྣམ
82b2 པར་འཇིག་པ་དེ་ལ་སྤྱོད་པ་མེདདེ་དྲོའི་བྷིར་སྤྱོད་པ་མེད་པ་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག
82b3 མི་སྐྱེ་བའི་དམིགས་པ་འམ་ཟད་པའི་དམིགས་པ་འམ། མངོན་པར་འདུ་མི་བྱེད་པའི་དམིགས་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།།
82b4 དེ་ཅིའི་ཕྱིར་ཞེ་ན་དེ་དག་མི་སྐྱེ་བ་དང་ཟད་པ་དང་མངོན་པར་འདུ་མི་བྱེད་པའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང་རྣམ་པར་འཇོག་པ་དེ་ལའང་སྤྱོད་པ
82b5 བཀང་ཡང་མེདདེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་དག་ས་དང་།
82b6 རྦ་དང་། མེ་དང་། རླུང་དང་། ནམ་མཁའི་དམིགས་པ་ལ་སྤྱོད་ནོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས
82b7 ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་དམིགས་པ་རྣམ་པར་བཤིག་པའི་ཕྱིར་རོ།། གང་རྣམ་པར་འཇིག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ།




iiif viewer powered by OpenSeadragon

82a - 83a

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa