e-texts navigator
Collection
Volume
Page
Wylie

7a1 དཔའི་ཐེག་པ། ཐེག་པ་ཆེན་པོ་མ་གཏོགས་པར། སེམས་ཅན་རྣམས་ཀྱི་བདེ་བ་གང་ཡང་མ་མཆིས་ཏེ། བཅོམ་ལྡན་འདས་བདག་གིས་དོར་གྱི་དབང་འདིར་ཐོང་བས།
7a2 སེམས་ཅན་རྣམས་ལ་བདེ་བ་ཉེ་བར་བསྒྲུབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞུ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་འདི་ཡང་དག་པར་མཐོང
7a3 བས། བདག་གིས་དེ་བཞིན་གཤེགས་པ་ལ་ངོར་འདི་ཞུ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
7a4 རབ་ཀྱི་རྩལ་གྱིས་རྣམས་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གདོན་པ་ལེགས་སོ་ལེགས་སོ།། ཁྱོད་སྐྱེ་བོ་ཕལ་པོ་ཆེ་ལ་སྙིང་བརྩེ་བའི་ཕྱིར། དེ་བཞིན
7a5 གཤེགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་ནི་ཁྱོད་ཀྱི་ཡོན་ཏན་གྱི་མཐའ་གཏོགས་པར་སླ་བ་མ་ཡིན་ནོ།། དེའི་ཕྱིར་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ
7a6 ཟུང་ཞིག་དང་། ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། བཅོམ་ལྡན་འདས
7a7 ཀྱི་ལྟར་ཉར་པ་དང་། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ་ཁྱོད་འདི་སྐད་དུ། བཅོམ་ལྡན་འདས་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རང་།




iiif viewer powered by OpenSeadragon

6b - 7b

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa