e-texts navigator
Collection
Volume
Page
Wylie

75a1 བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལའང་སྦྱོར་བའམ་མི་སྦྱོར་བར་ཉེ་བར་གནས་པམ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་ར།
75a2 དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱུང། ཀུར་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང
75a3 འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད།
75a4 སྨན་དུ་མི་སྦྱོར་བར་ཡང་མི་བྱེད་དོ།། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་ཀུན་ཏུ་སྦྱོར་བ་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང
75a5 མི་བྱེད་དོ།། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ།། སེམས་ཅན་གྱི།
75a6 ཁམས་དང་། བདག་གི་ཁམས་དང་། ཆོས་ཀྱི་དབྱིངས་དང་། ནམ་མཁའི་ཁམས་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད། ཀུན་ཏུ་མི་སྦྱོར་བར་ཡང་མི་བྱེད་དོ།། ཚུལ་ཁྲིམས་དང་།
75a7 འཆལ་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་།། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང




iiif viewer powered by OpenSeadragon

74b - 75b

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa