| | e-texts navigator
|
72a1 ད་ལྟར་བྱུང་བའི་མཚན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར་ཤེས
72a2 པ་འདས་པའི་མཚན་ཉིད་དང་མ་འོངས་པའི་མཚན་ཉིད་དང་། ད་ལྟར་བྱུང་བའི་མཚན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ།། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་དུ
72a3 འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་ཀྱི་མཚན་ཉིད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་དེ། ཇི་ལྟ་བ་བཞིན
72a4 གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འདྲེས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཚོར་བ་དང་། འདུ་ཤེས་དྲང་འདུ་བྱེད་རྣམས་དང
72a5 རྣམ་པར་ཤེས་པའི་མཚན་ཉིད་ཀྱི་དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ
72a6 རོལ་ཏུ་ཕྱིན་པའོ།། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། འདྲས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དང་། ཚེར་བ་དང་འདུ་ཤེས་དང་། འདུ
72a7 བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ནི།།
iiif viewer powered by OpenSeadragon
71b - 72b