| | e-texts navigator
|
71a1 དྲི་ཟ་རྣམས་ཀྱང་དེ་དག་ལ་སྲུང་བར་འགྱུར། དེ་དག་ལ་སྲུང་བ་དང་། སྒྲིབ་པ་དང་སྦེད་པའི་ཕྱིར་འབད་པར་འགྱུར་རོ།། དཔེའི་ལེའུ་ཞེས་བྱ་སྟེ
71a2 བཞི་པའོ།། །། བམ་པོ་བཞི་པ།། ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང
71a3 ལྡན་པ་རབ་འབྱོར་ལ། སྟོན་པའང་འདིར་མངོན་སུམ་དུ་གྱུར།། འཁོར་འདིའང་ཆོས་ཟང་མོ་བསྟན་པའི་སྣོད་དུ་གྱུར་ཏེ། ཚེ་དང་ལྡན་པ་རབ་འབྱོར་འཁོར་བ་དི་ནི་དག་ཅིང་ཟབ་མོས
71a4 ཆོས་ཐོས་པར་འདོད་ན། ཁྱོད་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩམས་ཏེ་སྤོབས་པར་མི་བྱེད་པར་ཅིང་མི་སྨྲ་བར་འདུག། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ
71a5 འབྱོར་གྱིས་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཁོ་བོས་ནི་གང་བརྩམས་ཏེ་སྤོབས་པར་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོས་ནི
71a6 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་།། བྱང་ཆུབ་སེམས་པ་དང་། སྤོབས་པ་དང་། གང་སྤོབས་པར་འགྱུར་བ་དང་། གང་གིས་སྤོབས་པར་འགྱུར
71a7 བ་དང་། གང་ལས་སྤོབས་པའང་མི་མཐོང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ། ཁོ་བོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ
iiif viewer powered by OpenSeadragon
70b - 71b