e-texts navigator
Collection
Volume
Page
Wylie

66b1 རྣརྣམ་པ་པའི་འམས་དང་། རླུང་མས་ནི་ཆོས་གང་ཡོངས་སུ་གྲུབ་པར་མཐོང་བར་ཆེ་བར་འགྲོ་བ་མ་ཡིན་ནོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིར་པའང་ཆོས་གང་ཡོངས་སུ་གྲུབ་དུར་བརྗོང
66b2 བ་ན་པར་འགྲོང་མ་མིན་ནོ།། གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཅིད་གང་ལགས་དཀའ་སྩལ་པ་ཤཱརིའི་བུ་ཤེས་རིབ་ཀྱི་བ་རོལ་ཏུ
66b3 བྱིན་པ་འདི་ནི་མཚ་ཉིད་མེད་དོ།། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ནནམ་མཁའི་རྣམས་དང་། རླུང་གི་ཁམས་ནི་ཆོས་ཡོངས་གྲུབ་པའི་མཚན་ཉིད་དུ་འང་ཉེ་པར་འགྲོ་བ་མ་ཡིན་ནོ།།
66b4 ཤཱ་རིའི་དུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཆོས་གང་ཡོངས་སུ་གྲུབ་པའི་མཚན་ཉིད་དུའང་ཉེ་བར་འགྲོ་བ་མ་ཡིན་ཏེ། ཤཱ་རིའི་བུ་འདི་ལྟར་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
66b5 ནི་མཚན་ཉིད་མེད་པའོ།། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་རི་གང་དུའང་མི་ཆགས་སོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་གང་དུའང་མི་ཆགས།
66b6 དེའི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་ཅེས་བྱའོ།། ཤཱ་རིའི་བུ། ཆགས་པ་མེད་པ་ལ་མཚན་ཉིད་ཅིའང་མེད་མོད་ཀྱི། འོན་ཀྱང་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆགས་པ་མེད
66b7 བའི་མཚན་ཉིད་དོ་ཞེས་བྱ་བ་དེ་ནི་ཐ་སྙད་ཀྱི་ཚིག་གོ།། ཤཱ་རིའི་བུ། ཆགས་པ་མེད་པ་ལ་ནི་མཚན་ཉིད་མེད་ཅིང་མཚན་མ་མེད་དེ། དེ་ཉིད་མཚན་ཉིད་མེད་པར་བསྟན་ཏོ།། ཤཱ་རིའི་བུ




iiif viewer powered by OpenSeadragon

66a - 67a

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa