| | e-texts navigator
|
51a1 རོལ་ཏུ་ཕྱིན་པ་ཡོངས་སུ་གྲུབ་པའི་རང་བཞིན་སྟོད་ནམ་ཡང་སུས་ཀྱང་མ་མཐོང་ངོ་།། དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ། ཚེ་དང
51a2 ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐོང་བར་དཀའ་བ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ། འདི
51a3 ལྟར་སུ་ལའང་མཐོང་བར་ཉེ་བར་མི་འགྲོའོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁོང་དུ་ཆུད་པར་དཀའ་བ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ།
51a4 འདི་ལྟར་འདི་ལ་ནི་གང་མངོན་པར་རྫོགས་པར་རྟོགས་པ་ཡོངས་སུ་གྲུབ་པའི་ཆོས་གང་ཡང་མི་དམིགས་སོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བསྟན་དུ་མ
51a5 མཆིས་པ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཆོས་གང་བསྟན་པར་ཡང་ཉེ་བར་གནས་པ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ
51a6 ཏུ་ཕྱིན་པ་འདི་ནི་རང་བཞིན་མ་མཆིས་པ་ལགས་སོ།། བཀའ་སྩལ་པ། ཤཱ་རིའི་བུ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
51a7 རྣམ་པར་ཤེས་པ་རང་བཞིན་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རང་བཞིན་མེད་དོ།། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན
iiif viewer powered by OpenSeadragon
50b - 51b