| | e-texts navigator
|
49a1 པ་དང་། འདུས་བྱས་དང་འདུས་མ་བྱས་དང་། འགྲོ་བ་དང་མི་འགྲོ་བ་དང་། མཐོང་བ་དང་བཅས་པ་དང་། མི་མཐོང་བ་དང
49a2 རང་དང་ཕྱི་ཡོངས་སུ་མ་གྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།། ས་དང་། ཆུ་དང་། མེ་དང་། རླུང་དང་། འདོད་པ་དང་། གཟུགས
49a3 དང་། གཟུགས་མེད་པ་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་དང་། ཆོས་ཀྱི་ཁམས་ཡོངས་སུ་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་གྲུབ་བོ།།
49a4 ལས་ཀྱི་རྣམ་པར་སྨིན་པ་དང་། རྒྱུ་དང་། རྐྱེན་དང་། ཆད་པ་དང་། རྟག་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། སྔོན་གྱི
49a5 མཐའ་དང་། ཕྱི་མའི་མཐའ་དང་། དབུས་དང་། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས
49a6 དང་ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་དང་། སེམས་དང་། ཡིད་དང་། རྣམ་པར
49a7 ཤེས་པ་དང་། དེ་མ་ཐག་པ་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། ཀུན་རས་ཉོན་མོང་པ་དང་། རྣམ་པར་བྱང་བ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག
iiif viewer powered by OpenSeadragon
48b - 49b