| | e-texts navigator
|
47a1 ཤིང་གི་སྙིང་པོ་ཀུན་ཏུ་བཙལ་ཀྱང་མི་རྙེད་མོད་ཀྱི་འོན་ཀྱང་དེའི་འདབ་མ་རྣམས་ཀྱིས་དགོས་པ་བྱེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ
47a2 བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་སྙིང་པོ་མེད་མོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་དགོས་པའང་བྱེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། འདི
47a3 ལྟ་སྟེ། དཔེར་ན་སྐྱེས་བུ་ནམ་མཁའ་སྟོད་པར་ཐ་སྙད་འདོགས་ཀྱང་། ནམ་མཁའ་ལ་ནི་བསྟན་པ་ཅི་འང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་བཞིན་དུ་ཤེས
47a4 རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཐ་སྙད་འདོགས་ཀྱང་། ཆོས་གང་བསྟན་པར་ཡང་ཐ་སྙད་གདགས་པར་བྱ་བ་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད་པ། འདི་ལྟ་སྟེ
47a5 དཔེར་ར་ནམ་མཁའ་ཞེས་ཐ་སྙད་འདོགས་ཀྱང་། ཆོས་གང་བསྟན་པར་ཡོངས་སུ་གྲུབ་ཅིང་ཐ་སྙད་གདགས་པ་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ
47a6 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཐ་སྙད་འདོགས་ཀྱང་། ཆོས་གང་བསྟན་པར་ཐ་སྙད་གདགས་པ་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན
47a7 གྲིབ་པ་དང་ཉི་ལོགས་ཤིས་ཐ་སྙད་འདོགས་ཀྱང་། དེ་གཉིས་ནི་ཆོས་གང་ཡོངས་སུ་གྲུབ་པའི་ཕྱིར་ཡང་ཉེ་བར་མི་གནས་ལ། སྣང་བའང་མངོན་ནོ།། རབ་ཀྱི་རྩལ་གྱིས་རྣམ
iiif viewer powered by OpenSeadragon
46b - 47b