e-texts navigator
Collection
Volume
Page
Wylie

46b1 ན་བསྟན་པའི་རང་བཞིན་དམིགས་པར་ལྷག་ལ་འགྱུར། རབ་ཀྱི་ཚུལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཀྱང་ཤེས་རབ་ཀྱི་བ་རོ
46b2 ཏུ་བྱིན་པའི་རང་བཞིན་ཡང་མི་དམིགས་སོ།། རབ་ཀྱི་རྩལ་གྱི་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན་ལྦུ་བ་རྡོས་པ་དེ་ནི་ཆོས་གང་མངོན་པར་འགྲུབ་པའི་རང་བཞིན་དུའང་མི་འགྲོའོ།།
46b3 རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཆོས་གང་མངོན་པར་འགྲུབ་པའི་རང་བཞིན་དུའང་ཉེ་བར་མི་འགྲོའོ།། རབ་ཀྱི་རྩལ་གྱིས་རྣམ
46b4 བར་གནོད་པ་འདི་ལྟ་སྟེ། དཔེར་ན་ཆུའི་ཆུ་བུར་གྱི་རང་བཞིན་སྟོན་ཀྱང་། ཆུའི་ཆུ་བུར་གྱི་རང་བཞིན་ཡང་མེད་ན། ཆུའི་ཆུ་བུར་གྱི་རང་བཞིན་བསྟན་པ་ལྟ་ག་ལ་ཡོད།།
46b5 རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར
46b6 གནོན་པ་འདི་ལྟ་སྟེ། དཔེར་རྭ་ཆུའི་ཆུ་བུར་ནི་ཆོས་གང་མངོན་པར་འགྲུབ་པ་འབྱུང་བར་ཉེ་བར་གནས་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་བཞིན་དུ་ཤེས
46b7 རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཆོས་གང་མངོན་པར་འགྲུབ་པར་འབྱུང་བར་ཉེ་བར་གནས་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། འདི་ལྟ་སྟེ། དཔེར་ན་སྐྱེས་བུས་རུ




iiif viewer powered by OpenSeadragon

46a - 47a

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa