| | e-texts navigator
|
45a1 པའི་ཕྱིར་རཱགྶ་སྐལ་བ་མི་མཉམ་པའི་ཕྱིར་རབ་འབྱུང་བའི་ཕྱིར་རམ་འཇིག་པའི་ཕྱིར་རམ་ཐོབ་པའི་དྷིར་ར་མཐོབ་པའི་རྨི
45a2 རམ་མངོན་པར་རྟོགས་པའི་ཕྱིར་རམ། མངོན་པར་རྟོགས་པ་མ་ཡིན་པའི་ཕྱིར་རམ་མངོན་སུམ་དུ་བྱ་བའི་ཕྱིར་རབ་མངོན་སུམ་དུ་བྱ་བ་མ་ཡིན་པའི་ཕྱིར་རམ་རབ་ཏུ
45a3 རྟོགས་པའི་ཕྱིར་རམ། རབ་ཏུ་རྟོགས་པ་མ་ཡིན་པའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ།། དེ་བཞིན་ཉིད་ཀྱི་ལེའུ་སྟེ་གསུམ་པའོ།། །། བམ་པོ་གསུམ་པ།
45a4 རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་རྨི་ལམ་རྨིས་པས། རྨི་ལམ་གྱི་རང་བཞིན་བཤད་པ་བསྟན་ཀྱང་། རྨི་ལམ་གྱི་རང་བཞིར་བསྟན་པ
45a5 མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་ཉིད་ཀྱང་མེད་ན། རྨི་ལམ་གྱི་རང་བཞིན་བསྟན་པ་ལྟ་ག་ལ་ཡོད། རབ་ཀྱི་རྩལ་གྱི་རྣམ་པར་གནོར་པ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ
45a6 ཏུ་ཕྱིན་པའི་རང་བཞིན་སྟོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱི་རྣམ་པར་གནོན་པ་འདི་ལྟ་སྟེ། དཔེར་ན་རྨི་ལམ་ནི་ཆོས
45a7 གང་བསྟན་པར་ཡང་ཉེ་བར་གནས་པ་མ་ཡིན་ནོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཆོས་གང་ཡང་བསྟན་པར་ཉེ་བར་གནས་པ་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོད
iiif viewer powered by OpenSeadragon
44b - 45b