e-texts navigator
Collection
Volume
Page
Wylie

41a1 གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང
41a2 བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་མ་ཡིན་གྱི་གང་བསམ་གཏན་དང་། རྣམ
41a3 པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན
41a4 གྱི་དེ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་མངོན་པར་ཤེས་པ་ལྔ་པོ་དག་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
41a5 མ་ཡིན་གྱི། གང་མངོན་པར་ཤེས་པ་ལྔ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས
41a6 རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩེལ་གྱིས་རྣམ་པར་གནོད་པ། གང་འདུས་བྱས་སུ་གཏོགས་པ་འཇིག་རྟེན་གྱི་དགེ་བའམ། མི་དགེ་བའི་ཆོས་ཐམས་ཅད་མངོན་དུ་འགྲུབ
41a7 པར་གཏོགས་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་དེ་དག་གི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་།




iiif viewer powered by OpenSeadragon

40b - 41b

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa