e-texts navigator
Collection
Volume
Page
Wylie

40a1 འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ཉེ་བར་ནི་དབང་མ་ཡིན། ཉེ་བར་བ་ནི་དའང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ
40a2 ཕྱིར་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ལྡོག་པའང་མ་ཡིན
40a3 མི་ལྡོག་པ་བང་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རི་ལྡོག་པའང་མ་ཡིན། མི་ལྡོག་པའང་མ་ཡིན
40a4 པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་ཕུང་པོ་དག་མངོན་སུམ་དུ་འགྲུབ་པར་གཏོགས་པར་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ
40a5 ཏུ་ཕྱིན་པ་མ་ཡིན་གྱི། གང་ཕུང་པོ་ལྔ་པོ་དག་མངོན་དུ་འགྲུབ་པར་གཏོགས་པ་བསྟན་པའི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་ང། གཞན་མ་ཡིན་པ་དེ་ཉིད་དང་ཇི་ལྟ
40a6 བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གང་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མངོན
40a7 དུ་འགྲུབ་པར་གཏོགས་པ་བསྟན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་གང་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་དུ་འགྲུབ་པར་གཏོགས་པ




iiif viewer powered by OpenSeadragon

39b - 40b

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa