| | e-texts navigator
|
38b1 ཡན་ལག་དང་། ལབ་མ་ཡིན་ཏེ། གཟུགས་དུང་ཚོར་བ་དད་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དབང་པོ་དདུ་སྟོབས་དང་། བྱང་ཆུ
38b2 ཀྱི་ཡན་ལག་དང་། ལམ་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང
38b3 འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རིག་པ་འམ། རྣམ་པར་གྲོལ་བ་མ་ཡིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར
38b4 ནས་བུ་རིག་པའང་མ་ཡིན། རྣམ་པར་གྲོལ་བའང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྒྱས་གྱིས་རྣམ་པར་གནོན་པ། གཟུགས་དང་། ཚོར་བ་དང་།
38b5 འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའང་མ་ཡིན། མངོན
38b6 པར་ཤེས་པའང་མ་ཡིན། མངོན་པར་མི་ཤེས་པའང་མ་ཡིན་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོར་པ། གཟུགས་དང
38b7 ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མ་ཡིན་ཏེ། གཟུགས་དང
iiif viewer powered by OpenSeadragon
38a - 39a