e-texts navigator
Collection
Volume
Page
Wylie

28b1 རོ།། ཞུས་བྱ་བ་དེ་ནི་དམ་པར་ཤེས་དའི་འབྲལ་བ་བགྱུར་པའོ།། རྣམ་པ་ཤེས་པའི་འོ་ལྟ་བ་རྣམ་པར་ཤེས་པའང་དེ་བབྱིན་ན། ཞེས་བྱ་བ་ནི་རྣམ་པར་ཤེས་པཟུང་བ་དྨ་བཤང་བ
28b2 བསྙེན་དའོ།། དེ་ནི་རྣམ་པར་ཤེས་པའི་ཇི་ལྟ་བ་བཞིན་དང་། རྣམ་པར་ཤེས་པའི་རང་བཞིན་དང་། རྣམ་པར་ཤེས་པའི་མི་དམིགས་པ་བསྟན་པའོ།། རྣམ་པར་ཤེས་པའི་ཕ་རོ
28b3 ལྷུ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་དོ་ཞེས་བྱ་བ་དང་། ཆོས་ཐམས་ཅད་ཀྱི་ཕ་རོལ་གང་ཡིན་པ་དེ་དག་ཆོས་ཐམས་ཅད་མ་ཡིན་ནོ།། ཞེས་ཀྱི་བ་དེ་ནི་ཆོས་ཐམས་ཅད་ཀྱི་འབྲལ་བ་བསྟན་པའོ།
28b4 ཆོས་ཐམས་ཅད་ཀྱི་ཕ་རོལ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ།། ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་བཤད་པ་བསྟན་པའོ།། དེ་ནི་ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་བཞིན་དང
28b5 ཆོས་ཐམས་ཅད་ཀྱི་རང་བཞིན་དང་། ཆོས་ཐམས་ཅད་ཀྱི་མི་དམིགས་པ་བསྟན་པའོ།། ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་བཞིན་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དང་། ཆོས་ཐམས་ཅད་ཀྱི་མི
28b6 དམིགས་པ་ཇི་ལྟ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་དེ་བཞིན་ཏེ། རབ་ཀྱི་རྡུལ་གྱི་རྣམ་པར་གནོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ལ་མི་གནས་སོ།། ཚོར་བ་དང་། འདུ
28b7 ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་གནས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཀྱི་ནང་ངམ་ཕྱི་འམ། གཉིས་ཀ་མེད་པ་ལ་རིང་དུ




iiif viewer powered by OpenSeadragon

28a - 29a

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa