| | e-texts navigator
|
27a1 མི་བསྐུལ་པ། མི་བསྐྱོད་པ། མི་འཁྲུགས་པའི་འཁོར་ཡོངས་སུ་དག་པ་འདི་ནི་རབ་ཏུ་ངོ་མཚར་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན
27a2 འདས་ཀྱིས། ཚེ་དང་ལྡན་པ་ཤྩ་ར་ད་ཏིའི་བུལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤྭ་རིའི་བུཾ། ཁྱོད་འཁོར་འདིའི་ཡོན་ཏན་ཡོངས་སུ་བརྗོད་དམ། གསོལ་པ། བཅོམ་ལྡན་འདས
27a3 བདག་གིས་འཁོར་འདིའོ་ཡོན་ཏན་ཡོངས་སུ་བརྗོད་པའི་རྔོ་མི་ཐོགས་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འཁོར་འདི་ནི་རོ་རབ་དང་འདྲ་སྟེ། ཡོན་ཏན་མཐའ་ཡས་པ
27a4 དང་ལྡན་པ་ལགས་པའི་སླད་དུའོ།། བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། འཁོར་འདི་ན་ཡོད་ཏར་མཐའ་ཡས་པ་དང་ལྡན་པ་སྟེ། འཁོར་འདིའི་ཡོན་ཏན་གྱི་མཐའ
27a5 ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྟོགས་པར་མི་ནུས་ན། སེམས་ཅད་གཞན་ཐམས་ཅད་ཀྱིས་ལྟ་ཅི་སྤོས། ཤཱ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པས་བསླུས་པ
27a6 མ་ཡིད་ཞིང་། འདི་ལ་དེ་བཞིར་གཤེགས་པས་རྩོལ་བ་ཅིའང་མི་མཛད་དེ། རང་གི་དགེ་བའི་རྩ་བས། ངའི་མིང་ཐོས་ནས་འཁོར་འདིར་འདུས་ཏེ། དེ་བཞིན་གཤེགས་པས་འཁོར་འདི
27a7 ག་ལའང་མ་གླེངས་མ་བསྒོ་བར་དེ་དག་རང་གི་དགེ་བའི་རྩ་བས་བསྐུལ་ནས་འཁོར་འདིར་ལྤགས་སོ།། འདི་ལྟ་བུའི་ཆོས་བསྟན་པ་ལ། འདི་ལྟ་བུའི་སེམས་ཅན་ཆེན་པོ་འདུ་བར་འགྱུར
iiif viewer powered by OpenSeadragon
26b - 27b