e-texts navigator
Collection
Volume
Page
Wylie

26a1 དགའ་བོ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྲས་བདེར་པ་མཐོང་བ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རི། ཆོས་རིངན་པོ་ཆེའི་མཛོད
26a2 འ་ཚལ་བ་སྟེ། ཆོས་རིན་པོ་ཆེ་དམིགས་སུ་མེད་པ། སྟོང་པ་ཉིད་དང་ལྡན་པ། སངས་རྒྱས་ཀྱི་ཆོས་དང་ལྡན་བུ་འདི་འདོད་ཅིང་བཟོད་དེ། དེ་དག་དེས་བྱ་བ་བྱེད་དོ།། སེམས
26a3 ཅར་དབུལ་པོ་ཐོས་པ་དང་བྲལ་བ། ཐོས་པ་ཉམས་པ། མིག་དང་མི་ལྡན་པའི་བྱིས་པ་དེ་དག་ནི། ཆོས་རི་པོ་ཆེའི་མཛོད་རྙེད་ཀྱང་ཅི་ཞིག་བྱ་ཞེས་འདོར་ཞིང་། གཞན་ལ
26a4 སྦྱིན་པར་སེམས་སོ།། ཀུན་དགའ་བོ།། གདོལ་པ་དང་། གཡུང་པོ་དང་། སྒྱུ་མ་མཁན་དང་། དབུལ་པོས་འཚེ་བའི་སེམས་ཅན་གང་གཞན་ལ་ལས་རིན་པོ་ཆེའི་མཛོད་རྙེད
26a5 ན་བདག་མི་སྤྱོད་དེ། རིན་ཐང་ཆུང་ངུར་འཚོང་ཞིང་འདོར་རོ།། ཀུན་དགའ་བོ། སེམས་ཅད་དབུལ་པོ་ཞེས་བྱ་བ་དེ་ནི་མུ་སྟེགས་ཅན་ཐམས་ཅད་དང་། གང་དག་མུ་སྟེགས་ཅར་གྱི།
26a6 ཉན་ཐོས་རྣམས་ཀྱི་ཚིག་བླ་དགས་སོ།། ཀུན་དགའ་བོ། སེམས་ཅད་དབུལ་པོ་ཞེས་བྱ་བ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་ལྟ་བའི་འདམ་དུ་བྱིང་བ། དམིགས་པ་ཅན། འཆིང་བ།
26a7 ལ་མངོན་པར་ཞེན་པ་མཚན་མ་ལ་སྤྱོད་པ། ལམ་ལོག་པར་སོང་བ་རྣམས་ཀྱི་ཚིག་བླ་དགས་ཏེ། དེ་དག་ནི་ཆོས་རིན་པོ་ཆེ་འདི་རཱི་ད་ན་ཀུན་ཏུ་སྤྱོད་མི་རུས་ཤིང་འདོར་ཏེ།




iiif viewer powered by OpenSeadragon

25b - 26b

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa