| | e-texts navigator
|
24b1 དུ་འཅོམ་པ་སྤང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཆོས་ཀྱི་ཆར་ཆེན་པོ་འབེབས་སོ།། གང་སྲས་བུ་འོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དུ། འ
24b2 རྟེན་གྱི་འམས་འདི་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་སོང་སྟེ། ཆོས་ཀུན་འབྱུང་བ་འདི་ལ་བརྩམས་ནས་དེ་བཞིན་གཤེགས་པ་དེ་དག་གི་སྦྱར་སྔར་ཆོས་ཀྱི་ཆར་ཆེན་པོ་གཏོང་འང
24b3 ཆོས་ཀྱི་ཆུར་ཆེན་པོ་རབ་ཏུ་འབེབས་སོ།། ཀུན་དགའ་བོ། འདི་ལྟ་སྟེ། དཔེར་ན་ཀླུའི་རྒྱལ་པོ་རྒྱ་མཚོན། གང་གི་ཚེ་རབ་ཏུ་དགའ་བར་གྱུར་པ་དེའི་ཚེ། རང་གི་གནས་ནས་ཆར་གྱི
24b4 རྒྱུན་ཆེན་པོ་འབེབས་སོ།། གང་དག་གནས་དྲ་ན་གནས་པར་གྱུར་པའི་ཀླུ་དེ་དག་གིས་ཀྱང་ཆར་གྱི་རྒྱུན་དེ་མནོས་ནས་དགའ་བར་གྱུར་ཏེ། ཆར་གྱི་རྒུར་དེས་བདེ་བར་ཤེས་སོ།། གང་ང།
24b5 ངོའི་བུར་གྱུར་པ་དེ་དག་ཀྱངཆར་གྱི་རྒྱུན་དེ་བརྗོད་ཅིང་། ཆར་གྱི་རྒྱུད་དེས་མཆོག་ཏུ་དགའ་བ་ཐིབ་བོ།། དེ་ཅིའི་ཕྱིར་ཞེ་ནུ།། ཀུན་དགའ་བོ།། ཀླུགནན་དག་གིས་ཆར་གྱི་རྒྱུན་དེ་ཀྱི
24b6 བཟོད་ལ། ཀླུ་གཞན་དྲུག་ནི་ཆར་གྱི་རྒྱུད་དེས་བདེ་བར་མི་ཤེས་ཤིང་། ཆར་གྱི་རྒྱུན་དེ་དག་གིས་དགའ་བར་མི་འགྱུར་བའི་ཕྱིར་རོ།། ཀུན་དགའ་བོ་དེ་བཞིན་དུ། གང་དག་དེ་བཞིན
24b7 གཤེགས་པའི་ཆོས་དཀོན་མཆོག་ལ་ལྷག་པར་ཆགས་པ་དང་། གང་དག་དེ་བཞིན་གཤེགས་པའི་སྲས་ཐུ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་བྱས་པ།
iiif viewer powered by OpenSeadragon
24a - 25a