| | e-texts navigator
|
22b1 ལྡན་པ་ཀུན་དགའ་བོ།། གང་དག་ང་རྒྱལ་སྤོང་བའི་ཕྱིར་ཞུགས་ཤིང་། ང་རྒྱལ་སྤོང་བའི་ཕྱིར་དརྩོན་པ་དེ་དག་ནི་འདི་ལ་སྐྲག་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དུ་རྒྱལ་ལོ།
22b2 དུ་ཤེས་པས། ང་རྒྱལ་མེད་པ་ཚོལ་ཞིང་ང་རྒྱལ་སྤོང་བ་ཚུལ་བའི་ཕྱིར་རོ།། ཚེ་དང་ལྡན་པ་ཀུན་དཀའ་བོ། གང་དག་ང་རྒྱལ་མི་དམིགས་ཤིང་ཡང་དག་པར་མི་མཐོང་ལ
22b3 རློམ་སེམས་སུ་མི་བྱེད་ཅིང་མངོན་པར་མི་ཞོན་པ་དེ་དག་ནི་གང་ལའང་མི་སྐྲག། གང་ལེའང་མི་དེ་དང་། གང་ལའང་དངང་བར་མི་འགྱུར་རོ།། ཚེ་དང་ལྡན་པ་ཀུན་དགའ་བོ
22b4 ང་རྒྱལ་ཅན་རྣམས་ཀྱི་ཕྱིའི་ཆོསྲ་བསྟན་པ་འདི་ཞུས་པ་མ་ཡིན་ནོ།། ཚེ་དང་ལྡན་པ་ཀུན་དགའ་བོ། འདི་ནི་ང་རྒྱལ་ཅན་རྣམས་ཀྱི་ཡུལ་མ་ཡིན་ཏེ། གོ་སྐབས་མེད་དོ།། གང་དགང
22b5 རྒྱལ་སྦྱོང་བའི་ཕྱིར་བརྩོན་ཞིང་འབད་པ་དེ་དག་ནི། ཡང་དག་པར་འབད་པ་མེ་ཡིན་ནོ།། ཚེ་དང་ལྡན་པ་ཀུན་དགའ་བོ། ང་རྒྱལ་ཞེས་བྱ་བ་དེ་ནི། ལྷག་པར་བྱེད་པ་སྒྲོ་འདོགས
22b6 པའི་ཚིག་བླ་དགས་སོ།། གང་དག་ང་རྒྱལ་ལ་སྤྱོར་ཅིང་ལྷག་པར་བྱེད་པ་སྒྲོ་འདོགས་པར་བྱེད་པ་དེ་དག་ནི་མཚུངས་པར་མི་སྤྱོད་དོ།། མཚུངས་པར་སྤྱོད་པའང་ཆེས་འདི་ལ
22b7 བེ་ཙོམ་ཟའོ།། ཚེ་དང་ལྡན་པ་ཀུན་དགའ་བོ། གང་དག་མཉམ་པའང་མི་དམིགས། མི་མཉམ་པའང་མ་ཡིན། མཉམ་པར་ཡང་རློ་མོ་སེམས་མོ་བྱེད། མི་མཉམ་པར
iiif viewer powered by OpenSeadragon
22a - 23a