e-texts navigator
Collection
Volume
Page
Wylie

22a1 ཅད་ཀྱི་ཕ་རོལ་ལོ།། ཆོས་ཐམས་ཅད་ཀྱི་ཕ་རོལ་ཡང་གང་ཞེ་ན། གང་ཕ་རོལ་ཉིད་ཀྱང་མི་དམིགས་ཕ་རོལ་ཏུ་རློམ་སེམས་སུ་མི་བྱེད། ཕ་རོལ་ལ
22a2 མངོན་པར་མི་ཞེན་པ་དེ་ནི། ཡོངས་སུ་ཤེས་པས་ཕ་རོལ་ཏུ་སོང་བ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་རོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེ་ལྟར་འདི་ནི་བླང
22a3 ཆུབ་སེམས་དཔའི་ས་ཡིན་པར་རིག་པར་དུའོ།། གང་ལ་ཤེས་པར་བྱ་བ་དང་། རྟོགས་པར་བྱ་བ་ཕྲ་རབ་ཙམ་ཡང་མེད་པ་དེ་ནི། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ།
22a4 དེ་ལ་ནི་འོང་བ་འམ། འགྲོ་བ་མི་མངོན་ནོ།། གླེང་གཞིའི་ལེའུ་ཞེས་བྱ་སྟེ་དང་པོའོ།། ། དམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ
22a5 ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ང་རྒྱལ་ཅན་མཚན་མ་ལ་སྤྱོད་པ་རྣམས་བསྟན་པ་འདི་ལ་སྐྲག་པར་འགྱུར་ལགས་སོ།། དེ་ནས་ཚེ་དང་ལྡན་པ་ཤྭ་ར་དྭ
22a6 ཏིའི་བུས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཀུན་དགའ་བོ། འདི་ནི་ང་རྒྱལ་ཅན་རྣམས་ཀྱི་ཡུལ་མ་ཡིན། རྟོགས་པ་མ་ཡིན་པས་དེ་དག་འདི་ལ
22a7 སྐྲག་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གང་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་དེ་དག་ནི་འདི་ལ་སྐྲག་པར་གྱུར་ཟིན་པས། འདི་ནི་དེ་དག་གི་ཡུལ་མ་ཞིང་མ་རྟོགས་སོ།། ཚེ་དང




iiif viewer powered by OpenSeadragon

21b - 22b

Texts on this page

Ty110-001 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa